༢༠༡༥ལོར་ཁམས་པའི་ཚགས་པར་ཐོག་ཏུ་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུའི་རྩོམ་བསྡུའི་བརྡ་ཡིག གུས་ཤིང་བརྩེ་བའི་ཁམས་ཁུལ་གྱི་རྩོམ་པ་པོ་རྣམ་པ་ལགས། དེ་ཡང་ཐོག་མར་ཁམས་པའི་ཚགས་པར་གྱི་མདུན་སྐྱོད་དང་འཕེལ་རྒྱས་ཀྱི་ལོ་ཟླ་རིང་མོའི་བརྒྱུད་རིམ་ཁྲོད་དུ་ཁྱེད་རྣམ་པས་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་བཀའ་དྲིན་བླ་ན་མེད་པར་ཞུ་རྒྱུ་དང་། ཕ་སྐད་མ་ཡིག་གི་འཛིན་སྐྱོང་སྤེལ་གསུམ་ནི་རང་རེ་ཀུན་གྱི་ཕྲག་ཏུ་བབ་པའི་འོས་འགན་ལགས་པས་ཕྱིན་ཆད་ཀྱང་རྣམ་པ་ཚོས་ངེད་ཚགས་པར་ལ་ཐུགས་ཁུར་དང་དགོངས་འཆར་དལ་འགྲོའི་རྒྱུན་དང་འགྲོགས་པར་འཚལ། འདི་ལོར་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གིས་སྒྲུབ་འགན་འཁུར་ཏེ༼བདེ་སྐྱིད་ཀྱི་ཁྱིམ་གཞིས༽ཞེས་པའི་བརྗོད་གཞིར་གཞིགས་ནས་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་རྩིས་ཡོད་པས་དེའི་སྐོར་གྱི་ནང་དོན་ཞིབ་ཕྲ་གཤམ་དུ་བཀོད་ཡོད། གཅིག རྩོམ་རིག་ལ་དུང་བའི་རྩོམ་པ་པོ་རྣམས་ལ་རྩོམ་རྩལ་གྱི་གཤོག་འགྱུར་ངོམ་སའི་བར་སྣང་ཙམ་ཞིག་འདོན་སྤྲོད་བྱ་རྒྱུ་དང་། ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས། དེ་བཞིན་རྩོམ་པར་གསར་དུ་འཇུག་མཁན་དག་ལ་སྐུལ་སློང་འཕྲོད་བྱེད་དང་། ངེད་ཚགས་པར་གྱི་རྩོམ་རིག་སྒྱུ་རྩལ་གྱི་ལེ་ཚན་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་སོགས་ལ་དམིགས་ནས་བྱ་འགུལ་འདི་སྤེལ་རྒྱུ་ཡིན། གཉིས། རྩོམ་ལུས་ལ་ལྷུག་རྩོམ་དང་བཅད་རྩོམ། རང་མོས་སྙན་རྩོམ་སོགས་དང་། ནང་དོན་གྱི་ཐད་ནས་ཡར་རྒྱས་དང་ཧུར་བརྩོན་ལ་རེ་བ་དང་། ཡ་རབས་དང་ཚུལ་མཐུན་ལ་སྐུལ་བ་སོགས་དྲང་བདེན་གྱི་ནུས་པ་འབུར་དུ་ཐོན་ལ། ཁ་བྱང་ནི༼བདེ་སྐྱིད་ཀྱི་ཁྱིམ་གཞིས༽ཀྱི་ནང་སྙིང་ལ་གཞིགས་ཏེ་རང་རང་སོ་སོས་དགོད་ཆོག གསུམ། དུས་ཚོད། 2015ལོའི་ཟླ་བ4པའི་ཚེས15ནས་ཟླ་བ8པའི་ཚེས30ཡི་བར་བརྩམས་ཆོས་བསྡུ་རྒྱུ་དང་། ནང་དོན་ལ་གཞིགས་ནས་རེ་རེ་བཞིན་ཚགས་པར་དུ་དགོད་རྒྱུ་ཡིན། བཞི། བརྩམས་ཆོས་ནི་ཁམས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་དང་། དགོན་སྡེ། སྤྱི་ཚོགས་སོགས་ལ་ཁ་གཏད་དེ་བསྡུ་རྒྱུ་ཡིན། ལྔ། རྩོམ་སྐུར་ཡུལ། དཀར་མཛེས་ཁུལ་དར་མདོ་རྫོང་འོད་ཟེར་ཁྲོམ་ལམ་ཨང༦༦པ༼དཀར་མཛེས་ཉིན་རེའི་ཚགས་པར༽བོད་ཡིག་རྩོམ་སྒྲིག་ཁང་། རྩོམ་ཡིག་སྐུར་དུས་རྩོམ་མཇུག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱིས་རང་གི་རུས་མིང་དང་སྡོད་གནས། ཁ་པར་ཨང་གྲངས་སོགས་གསལ་པོར་འབྲི་རོགས། 地址:甘孜州康定县光明路66号《甘孜日报》藏编部 གཟུགས་འཕྲིན་ཨང་གྲངས། 0836-2835733 1509312341@qq.com
རྩོམ་བསྡུའི་ཡིག་སྒྲོམ།
༄༅།།ཁམས་པའི་ཚགས་པར་ཁང་གི་འགྲན་ཞུགས་རྩོམ་བསྡུའི་བརྡ་ཡིག
ཡོང་ཁུངས། : བཙན་པོའི་མགར་གྱི་དྲ་བ། སྤེལ་དུས། : 2015-04-17 19:25:30
རྩོམ་སྒྲིག་པ། : admin