བོད་ཀྱི་སྐད་འཕྲིན་དམངས་གླུ་འགྲན་སྡུར་སྤེལ་མགོ་ཚུགས་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བོད་ཀྱི་སྐད་འཕྲིན་དམངས་གླུ་འགྲན་སྡུར་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : རྔ་ཁུལ་གསར་འགྱུར།   རྩོམ་པ་པོ།: མི་གསལ།   ཀློག་གྲངས།: སྤེལ་དུས། : 2016-05-07 11:22:31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

47dcf1769b89d9beb09a75f84e59cf44.jpgUfH智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

     བོད་ཆོལ་ཁ་གསུམ་གྱི་དམངས་གླུར་དགའ་ཞེན་ཆེ་བའི་སྤུན་ཟླ་ཡོངས་ལ་དམིགས་ཏེ། སི་ཁྲོན་བོད་སྐད་རླུང་འཕྲིན་དང་དཀར་མཛེས་གསར་འགྱུར་དྲ་བ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་གྲེ་འགྱུར་ངག་གི་དབྱངས་རྟ་ཞེས་པའི་དམངས་གླུ་འགྲན་སྡུར་ནི་ཟླ་5ཚེས་10ཉིན་གྱི་དགོང་མོའི་དུས་ཚོད་12ཀྱི་སྔོན་དུ་མིང་ཐོ་བཀོད་ནས་འགྲན་སྡུར་ལ་ཞུགས་ཆོག མིང་ཐོ་འགོད་མཁན་ཡོངས་ལས་ཐོག་མའི་འགྲན་སྡུར་དུ་ཚུད་པའི་ཕུལ་བྱུང་གླུ་བ་ཉི་ཤུའི་མིང་ཐོ་ཟླ་5ཚེས་12ཉིན་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་དཀར་མཛེས་གསར་འགྱུར་དྲ་བར་བསྒྲགས་རྒྱུ་ཡིན། འགྲན་སྡུར་དུ་ཞུགས་འདོད་མཁན་ལ་ལོ་ཚོད་ཀྱི་ཚད་བཀག་དང་ཕོ་མོའི་དབྱེ་བ་གང་ཡང་ཕྱེས་མེད་ཅིང་། དམངས་གླུ་ཡིན་པ་ལ་ཁེར་ལེན་དང་མཉམ་ལེན་གང་རུང་གི་ལམ་ནས་ཞུགས་ཆོག་པ་རེད། སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་ཨང་རྟགས་Tibet-SRTའདིར་དོ་སྣང་གནང་རྗེས། ཐད་ཀར་སྐད་འཕྲིན་སྤྱི་སྟེགས་སུ་རིང་ཐུང་དུས་ཡུན་སྐར་ཆ་60ཚུན་ཆད་ཀྱི་དམངས་གླུ་ཞིག་གི་ཚན་པ་རེ་གཉིས་ཙམ་ལེན་པ་དང་། ཞོར་དུ་གླུ་བའི་མིང་དང་ཕ་ཡུལ། འབྲེལ་གཏུག་ཁ་པར། དམངས་གླུའི་མིང་བཅས་བསྐུར་དགོས། འདེམ་ཤོག་འཕེན་པའི་དུས་ཚོད་ནི་ཟླ་འདིའི་ཚེས་14ཉིན་ནས་21ཉིན་བར་ཡིན། འབྲེལ་གཏུག་ཁ་པར་028-85982473།།UfH智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论