སྤྱི་ཟླ5བའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་གྲུབ་སོགས་སྐོར་དང་བཅས་པ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་དུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་ཏུ་ཕེབས། བཞུགས་མོལ་གྲོས་ཚོགས་ཀྱི་སྐབས་སུ། ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཡོངས་འཛིན་ལས་གཞིའི་འགན་ཁུར་བ་ཚེ་ལོ་ཡིས་ལས་གཞིའི་གཞི་རྩའི་གནས་ཚུལ་རགས་བསྡུས་དང་དུས་རིམ་དང་པོའི་འཛུགས་སྐྲུན་ལེགས་འགྲུབ་གནས་ཚུལ་སོགས་མཚམས་སྦྱོར་བྱས་པར་གསན་པ་དང་། དེ་མིན་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་མིང་གི་ཡོང་ཁུངས་དང་དེའི་ནང་དོན། དྲ་མིང་། དྲ་རྟགས། དུས་རིམ་དང་པོའི་ལེགས་འགྲུབ་ནང་དོན། གྲུབ་འབྲས། བྱ་བའི་བྱེད་ཐབས་དང་བྱེད་ཕྱོགས། བརྒྱུད་རིམ། དོ་དམ་ལམ་ལུགས། མི་སྣ་བསྡུ་རིམ། མཉེན་མཁྲེགས་ཆས་སྒྲིག་སྦྱོར། ལས་གཞིའི་དུས་རིམ་གཉིས་པའི་འཆར་འགོད། སྤྱི་ཚོགས་ལས་རིགས་སོ་སོས་ཡོངས་འཛིན་ལས་གཞིར་ལྟ་རྟོག་དང་རྒྱབ་སྐྱོར་སོགས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་དཔྱིས་ཕྱིན་པ་གནང་སྟེ། རྗེས་ཕྱོགས་ཀྱང་སྔར་བཞིན་ཡོངས་འཛིན་འཛུགས་སྐྲུན་གནས་ཚུལ་ལ་ལྟ་རྟོག་དང་རྒྱབ་སྐྱོར་བྱེད་རྒྱུ་བསྟན་པ་མ་ཟད། ལེགས་འགྲུབ་བྱུང་བའི་བྱ་བ་སོ་སོར་ཁས་ལེན་དང་གདེང་འཇོག་གནང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱིས་འགན་ཁུར་བའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་ནི་དུས་ཡུན་ལོ་གཅིག་གི་རིང་ཇུས་འགོད་སྔོག་འདོན་དང་སྙོམ་སྒྲིག་ཚོད་ལྟ་བྱེད་པར་བརྒྱུད། ད་སྔ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་གཟུགས། ཡིག་མཛོད། དྲི་ལན་སོགས་གཙོས་པའི་བོད་ཡིག་འཚོལ་བཤེར་མ་ལག་གི་རྨང་གཞིའི་སྔོག་འདོན་ལེགས་འགྲུབ་བྱུང་སྟེ་དུས་སྐབས་རིང་བཞིན་གྱི་འཕེལ་རྒྱས་ལྡན་ཞིང་བདེ་བླག་ངང་ནང་ཁུལ་ཚོད་ལྟའི་དུས་སྐབས་སུ་སླེབས་པ་རེད། མཉམ་འབྲེལ་ཕྱོགས་གསུམ་གྱི་ལག་རྩལ་མི་སྣས་ལས་བགོས་མཉམ་འབྲེལ་བརྒྱུད། བོད་ཡིག་འཚོལ་བཤེར་མ་ལག་གི་ལག་རྩལ་གཙོ་བོ་སྟེ་བོད་ཡིག་མིང་མཚམས་འབྱེད་པའི་མ་ལག་ཞིབ་འཇུག་དང་སྒྲིག་བཟོའི་ཐད་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཏེ་ལག་རྩལ་སྣ6གི་མངོན་འགྱུར་བྱ་ཐབས་སྔོག་འདོན་བྱས་ཤིང་། “ཆ་འཕྲིན་སྒྲིག་གཅོད་ལ་བོད་ཡིག་ཐ་སྙད་རིགས་དབྱེ་དང་རྟགས་མཚན་འགོད་པའི་ཚད་གཞི་བཀོལ་བ”དང་། “བོད་ཡིག་མིང་མཚམས་འབྱེད་པའི་བཟོ་བཀོད་ཚད་གཞི་བཀོལ་བ”སོགས་ཞིབ་འཇུག་ལེགས་འགྲུབ་བྱུང་བ་དང་། ཡོངས་འཛིན་འཚོལ་བཤེར་མ་ལག་གི་མིང་མཚམས་འབྱེད་པའི་སྐད་བརྡ་འཛུགས་སྐྲུན་དཔེ་དབྱིབས་ཀྱི་གྲངས་མཛོད་རྨང་གཞིར་བཀོལ་བའི་ཐ་སྙད་ཁྲི50ལེགས་སྒྲིག་དང་ཞིབ་བཤེར་བྱས། ཚོད་ལྟ་བྱེད་པའི་ཁྲོད་ནང་དོན་ལེགས་སྒྲིག་དང་ཁྱབ་ཁོངས་གཏན་འཁེལ་བྱས་ལ། དེ་དང་མཚུངས་སུ་ཐ་སྙད་སྣ་ཁྲི13ལྷག་གི་མིང་མཚམས་འབྱེད་པའི་རེའུ་མིག་ལེགས་འགྲུབ་བྱུང་བ་དང་། ལག་རྩལ་གཙོ་བོའི་དཀའ་གནད་སེལ་ཞིང་བོད་ཡིག་ཆ་འཕྲིན་ལག་རྩལ་བཟོ་བཀོད་ཁྱབ་ཁོངས་ཀྱི་ལག་རྩལ་སྣ6གི་སྟོང་ཆ་བསྐངས།
ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་
ལས་སྒྲུབ་ལྟེ་གནས་སུ་ལས་སྒྲུབ་མི་སྣ་དང་འབྲེལ་འདྲིས་བྱེད་པ།
ཁུལ་དཔོན་བསོད་ནམས་དོན་གྲུབ་གཞུང་ལས་ཁང་རེ་རེར་སླེབས་ཏེ་ལས་སྒྲུབ་པ་སོ་སོར་འབྲེལ་འདྲིས་བྱས་ཏེ་བྱ་བའི་གནས་ཚུལ་དང་འཚོ་བ། དེ་མིན་ལས་སྒྲུབ་པ་སོ་སོའི་ཆེད་ལས་ལས་བགོས་དང་ལས་རིགས་འགན་ནུས་སོགས་ཀྱི་ཐད་ནས་རྒྱུས་ལོན་ཟབ་མོ་གནང་བ་དང་། ཚང་མར་མུ་མཐུད་དུ་བྱ་བར་འབད་དེ་སྒེར་གྱི་ལས་རིགས་ཤེས་བྱ་དང་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་པར་སྐུལ་ལྕག་གནང་།
ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་འཕྲུལ་འཁོར་ཁང་དུ་
ལས་སྒྲུབ་མི་སྣའི་མཚམས་སྦྱོར་ལ་གསན་པ།
ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ལས་སྒྲུབ་མི་སྣར་བཞུགས་མོལ་བྱེད་པ།
ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ལས་སྒྲུབ་མི་སྣར་བཞུགས་མོལ་བྱེད་པ།
༄༅།།མཚོ་ལྷོའི་ཁུལ་དཔོན་ཡོངས་འཛིན་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལ་གཟིགས་ཞིབ་ཏུ་ཕེབས།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2015-05-26 11:30:35
རྩོམ་སྒྲིག་པ། : admin