༄༅།།རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་ཐོད་བརྒལ་ཆེན་པོ་བྱུང་བ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།།རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་ཐོད་བརྒལ་ཆེན་པོ་བྱུང་བ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།: ལྷ་མོ་ཚེ་སྐྱིད།  ཀློག་གྲངས།: སྤེལ་དུས། : 2015-09-18 11:57:13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 མཚོ་སྔོན་ཡོངས་འཛིན། འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྔོག་འདོན།UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
    པའེ་ཏུའུ་སྒང་འཚོལ་དང་། ཉིད་ཀྱིས་ཤེས་ངེས་ཡིན། འཕྲིན་སྦྲེལ་དྲ་བའི་དུས་རབས་སུ། པའེ་ཏུའུ་དང་སོའུ་ཧུའུ་སོགས་རྒྱལ་ནང་གི་འཚོལ་བཤེར་མ་ལག་ཆེ་གྲས་ཀྱིས་མི་རྣམས་གནས་དུས་ངེས་མེད་དུ་འཛམ་གླིང་དང་དུས་མཉམ་ངང་བསྐྱོད་ཐུབ་ནའང་། མིག་སྔར་རྒྱལ་ནང་གི་འཚོལ་བཤེར་མ་ལག་གང་གིས་ཀྱང་བོད་ཡིག་འཚོལ་བཤེར་བྱེད་མི་ཐུབ་པས། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་བསྟུན་ཞིང་བོད་ཡིག་ཆ་འཕྲིན་གྱི་བདེ་འཇགས་སྲུང་བར། 2013ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་བྱ་བ་སྤེལ་མགོ་བརྩམས་ཤིང་། ཆེད་ལས་ཞིབ་འཇུག་སྔོག་འདོན་རུ་ཁག་གིས་དུས་ཡུན་ལོ་གཉིས་ཀྱི་དཀའ་སྤྱད་བརྒྱུད་ད་སྔ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གཞི་རྩའི་སྒྲིག་གཞི་དང་ལག་རྩལ་གཙོ་གྲས་ཀྱི་དཀའ་གནད་སེལ་ཐུབ་པ་བྱུང་། འདིས་མཚོ་སྔོན་ཞིང་ཆེན་གྱིས་ཐོག་དང་པོར་འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱས་པ་མཚོན་ཞིང་། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་རྡལ་ཚད་མཐོར་འདེགས་དང་། མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བར་དགེ་མཚན་ཆེན་པོ་ལྡན།UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་གི་རོགས་སྐྱོར་འོག 2013ལོའི་ཟླ4བར་འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་ལས་གཞི་དངོས་སུ་སྤེལ་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལས་རིགས་ཏེ་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་ཁྲོད་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཡོངས་འཛིན་ལས་གཞི་སྔོག་འདོན་བྱེད་མགོ་རྩོམ་དུས། མཚོ་ལྷོའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་པེ་ཅིང་སློབ་ཆེན་དང་། ཀྲུང་གོའི་ཚད་ལྡན་ཅན་ཨུ་ཡོན་ལྷན་ཚོགས། ཀྲུང་གོའི་ཚན་རྩལ་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ཀྱི་དགེ་རྒན་ཆེན་མོ9ཆེད་དུ་གདན་འདྲེན་ཞུས་ལ། ཞིབ་འཇུག་སྔོག་འདོན་རུ་ཁག་དེ་མི100ལ་སླེབས།UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་ནི་འཚོལ་བཤེར་མ་ལག་དང་། བོད་ཡིག་རིག་མཛོད། དྲིས་ལན་བཅས་གཅིག་ཏུ་སྡེབ་པའི་བཟོ་བཀོད་ཆེན་མོ་ཞིག་སྟེ། གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། སྒྲ་ཟློས། རིག་མཛོད། ཡིག་ཚང། དྲིས་ལན་བཅས་ངོས8ཀྱིས་གྲུབ་ཅིང་། ལེགས་འགྲུབ་བྱུང་བའི་ངོས7ལ་ལེ་ཚན་ཆུང་བ3000ཙམ་འདུས་པ་དང་། ད་སྔའི་བར་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། རིག་མཛོད། དྲིས་ལན་བཅས་གཙོས་པའི་བོད་ཡིག་འཚོལ་བཤེར་མ་ལག་གི་རྨང་གཞིའི་སྔོག་འདོན་ལེགས་འགྲུབ་བྱུང་ལ། དེ་ལས་བརྡ་དོན་དཔྱད་འཚོལ་བྱེད་ལས་དང་། སྦྱོར་འབྲིའི་དཔྱད་ཞིབ་མ་ལག ལ་ཏིང་སྐད་དོད་འཚོལ་བཤེར། དེ་མིན་འབྲེལ་ཡོད་ཐ་སྙད་འཚོལ་བཤེར་སོགས་སྐད་བརྡའི་དབྱེ་ཞིབ་དང་སྒྲིག་གཅོད་ནུས་པ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། བོད་ཡིག་མིང་མཚམས་དབྱེ་འབྱེད་མ་ལག་སྔོག་འདོན་ནི་སྤྱིའི་ལས་ཀའི75%འགྲུབ་པ་དང་། ལེ་ཚན་ཁ་ཤས་ནི་ནང་ཁུལ་ཚོད་ལྟའི་སྐབས་ཡིན་ལ། ཚོད་ལྟའི་མཇུག་འབྲས་སུ་མ་ལག་འདིའི་བོད་ཡིག་འཚོལ་བཤེར་གྱི་ཡང་དག་ངོས་འཛིན་ཚད95%ཡིན། བོད་ཡིག་གྲངས་མཛོད་དུ་རིག་མཛོད་ལ་རིགས་དབྱེ25ལ་བརྡ་འགྲེལ་ཁྲི12.7རྩོམ་སྒྲིག་བྱས་ཡོད་ཅིང་། ཡིག་འབྲུ་ཁྲི1197.7ལ་སླེབས། ཡིག་ཚང་དུ་བོད་ཡིག་གསུང་དཔེ4000ལྷག་དང་ཡིག་འབྲུ་དུང་ཕྱུར3.8ལ་སླེབས། དྲིས་ལན་དུ་དྲི་བ་དྲིས་ལན་ཁྲི15དང་ཡིག་འབྲུ་ཁྲི900ཟིན། ཡོངས་འཛིན་གྲངས་མཛོད་འཐུས་ཚང་དུ་བཏང་རྗེས་འཛམ་གླིང་གི་བོད་ཡིག་གློག་རྡུལ་དཔེ་མཛོད་ཁང་ཆེས་ཆེན་མོ་རུ་འགྱུར་ངེས་ལ། 2016ལོའི་ཟླ8པར་ཡོངས་འཛིན་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོའམ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ལས་གཞིའི་འགན་ཁུར་བ་ཚེ་ལོ་ཡིས་མཚམས་སྦྱོར་གནང་བ་ལྟར་ན། ཡོངས་འཛིན་གྱི་དོན་ལ་གཅིག་ནི་བླ་མའམ་དགེ་རྒན་ཏེ་གང་ཞུས་ཞལ་བཞེས་དང་གང་དྲིས་ལེགས་གསུང་གི་དོན་དང་། ཅིག་ཤོས་ནི་ཡོངས་སུ་འཛིན་པའམ་ཡོངས་སུ་བསྡུ་བའི་དོན་ཅན་ཡིན། འདི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། བོད་ཡིག་དྲ་དམངས་ཀྱི་འཚོལ་བཤེར་དགོས་མཁོ་སྐོང་ཐུབ་པ་མ་ཟད་བོད་ཡིག་ཆ་འཕྲིན་གྱི་ཕྱོགས་ཡོངས་འཕྲིན་སྦྲེལ་དྲ་བར་འཐིམ་པར་སྐུལ་འདེད་བྱེད་པ་ཡིན། མ་འོངས་པར་དྲ་སྦྲེལ་ཐུབ་ས་ནས་ཡོངས་འཛིན་ཡང་ཡོད།UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ད་ལོའི་ལོ་མཇུག་ཏུ། ཡོངས་འཛིན་འཚོལ་བཤེར་མ་ལག་གི་དུས་སྐབས་གཉིས་པའི་བཟོ་བཀོད་ཀྱི་འཛུགས་སྐྲུན་མགོ་རྩོམ་རྒྱུ་ཡིན་ཞིང་། གཙོ་ཆེར་འཛུགས་སྐྲུན་དང་རིམ་འཕར་བྱེད་དགོས་པ་ནི་དྲ་ངོས་དྲ་སྡོམ་མ་ལག་དང་། སྒྲ་ཟློས་མ་ལག་སྔོག་འདོན། ལག་ཁྱེར་སྒུལ་བདེའི་སྡིངས་ཆ། ཡོངས་འཛིན་བོད་རྒྱ་དྲ་ལམ་ལོ་ཙཱ་སོགས་ཡིན་ལ། སྒོས་སུ་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་སྟེགས་བུ་འདོན་པ་ཡིན། མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་ལག་རྩལ་སྟོང་ཆ་བཅུ་ལྷག་སྐོང་ངེས་ལ། འཕྲིན་སྦྲེལ་དྲ་བའི་བོད་ཡིག་ཆ་འཕྲིན་གྱི་འཇུག་སྒོ་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ལྟེ་གནས་སུ་འགྱུར་ངེས།UDb智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论