༄༅།།སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་ཆ་འཕྲིན་ཁག་གཉིས་པ་དྲ་ཐོག་ཤར་གཏོང་ཁྱབ་བསྒྲགས་བྱས་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།།སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་ཆ་འཕྲིན་ཁག་གཉིས་པ་དྲ་ཐོག་ཤར་གཏོང་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ།: བཀྲ་ཤིས།  ཀློག་གྲངས།: སྤེལ་དུས། : 2016-04-29 20:44:24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་ཁག་གཉིས་པའི་སྤྲུལ་སྐུ་441གི་ཆ་འཕྲིན་དྲ་ཐོག་ཤར་གཏོང་ཁྱབ་བསྒྲགས་བྱས་ཤིང་། འདི་ནི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ཞིབ་ཕྲ་རེད། གསར་བཅོས་བྱས་རྗེས་ཀྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་བསྡོམས་པས་སྤྲུལ་སྐུ་1311གི་ཆ་འཕྲིན་ཡོད་ཅིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་རང་རྒྱལ་མངའ་ཁོངས་ནང་གི་སྤྲུལ་སྐུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ལས་དོན་གཞི་རྩའི་ཐོག་ལེགས་གྲུབ་བྱས་པ་རེད།z86智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
     དྲ་ཐོག་ཤར་གཏོང་ཁྱབ་བསྒྲགས་ཁག་གཉིས་པ་བྱས་པའི་ཆ་འཕྲིན་ནི་གཙོ་བོ་སི་ཁྲོན་ཞིང་ཆེན་གྱི་སྤྲུལ་སྐུ་རྣམས་ཀྱི་ཆ་འཕྲིན་ཡིན་ལ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཆ་འཕྲིན་དེ་ཚོར་ཞིབ་བསྡུར་ནན་ཏན་བྱས་པ་རེད། འདིའི་བར་དུ་འཚོལ་བཤེར་མ་ལག་གི་ནང་དུ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་དང་དེ་བཞིན་ནང་སོག་དང་། ཤིན་ཅང་། ལིའོ་ཉིན་སོགས་ཀྱི་སྤྲུལ་སྐུ་རྣམས་ཀྱི་ཆ་འཕྲིན་འདུས་ཡོད་པ་རེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་སླར་ཕྱིན་འཚོལ་བཤེར་མ་ལག་འདིར་ལེགས་སྒྲིག་ཆེན་པོ་མི་བྱེད་པར་ངོས་འཛིན་གསར་པ་གནང་བའི་ཡང་སྲིད་དང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྤྲུལ་སྐུའི་ཆ་འཕྲིན་དུས་ཐོག་ཏུ་གསར་བཅོས་བྱས་ནས་སྤྲུལ་སྐུ་བདེན་པ་ཚང་མའི་ཆ་འཕྲིན་འཚོལ་བཤེར་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།z86智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论