བཞི་པའི་ཚེས་བརྒྱད་ཉིན་གྱི་དར་མདོ་ཕག་མོ་རིའི་གནས་བསྐོར་དུས་ཆེན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བཞི་པའི་ཚེས་བརྒྱད་ཉིན་གྱི་དར་མདོ་ཕག་མོ་རིའི་གནས་བསྐོར་དུས་ཆེན།

ཡོང་ཁུངས། : ཁམས་པའི་གསར་འགྱུར་དྲ་བ།   རྩོམ་པ་པོ།: མཁས་གྲུབ།  ཀློག་གྲངས།: སྤེལ་དུས། : 2016-05-15 19:16:49
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 uIv智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

༢༠༡༦ལོའི་བཞི་པའི་ཚེས་བརྒྱད་ཉིན་གྱི་དར་མདོ་ཕག་མོ་རི་བོའི་རྒྱལ་སྤྱིའི་གནས་བསྐོར་དུས་ཆེན་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་སྟེ། ཟླ་བ༥པའི་ཚེས༡༤༼ས་ག་ཟླ་བའི་ཚེས་བརྒྱད༽ཉིན། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་ལོ་བཞིན་གྱི་འདུས་འཛོམས་ལྟར་དར་མདོ་ཕག་མོ་རི་བོའི་གདན་ཐོག་ན་འཛོམས་ཏེ་ཆོས་མཇལ་གནས་བསྐོར་ལ་བྲེལ་བ་དང་། ཡིད་དབང་འཕྲོག་པའི་གླུ་གར་གྱི་འཁྲབ་སྟོན་སོགས་ལ་ཚིམ་མེད་རོལ་བར་བྱས།

uIv智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
uIv智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་ཕག་མོ་རི་བོའི་གདན་ཐོག་ན་སྟོན་པའི་ཞལ་ཐང་ཆེན་མོ་བཤམས་ཤིང་། བསང་དུད་དཀར་པོ་དགུང་ལ་འཕྱུར་བཞིན་དུང་སྒྲ་སྙན་མོ་བར་སྣང་འགེངས་ཏེ་གླུ་གར་གྱི་མཆོད་པའི་འགོ་བཟུང་བ་སྟེ།དཀར་མཛེས་ཁུལ་གླུ་གར་ཚོགས་པ་དང་དར་མདོ་རིག་རྩལ་མཐུན་ཚོགས།མི་ཉག་ཨ་ཅེ་ལྷ་མོའི་ཟློས་གར་ཚོགས་པ། དར་མདོ་ཁུང་ཡུས་སྐོར་བྲོ་འཁྲབ་སྟོན་རུ་ཁག་དང་སི་ཁྲོན་མི་རིགས་སློབ་གླིང་རོལ་མོ་གླུ་གར་ཚན་ཁག་སོགས་དང་། དེ་བཞིན་རང་ཁུལ་གྱི་གླུ་པ་གླུ་མ་སོགས་ཀྱིས་འཁྲབ་རིམ་ཚན་པ་ལྔའི་སྒོ་ནས་རང་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་གཟིགས་མོ་བ་རྣམས་ལ་ཕུལ་བ་རེད།
uIv智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

uIv智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

བྱེད་སྒོ་སྤེལ་རིང་།མི་སེར་དང་ཡུལ་སྐོར་བ་རྣམས་ཀྱིས་གད་སྙིགས་སོགས་གང་དགར་མི་འདོར་བ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་དང་དར་མདོ་སློབ་འབྲིང་གི་ཁོངས་གཏོགས་སློབ་ཆུང་གི་སློབ་མ། དེ་བཞིན་ལས་རིགས་ཁག་སོ་སོའི་དང་བླངས་པ་རྣམས་ཀྱིས་གདན་ཐོག་གི་གད་སྙིགས་དག་འཐུ་ཞིང་གཙང་འཕྱག་བྱས་པ་རེད། །uIv智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论