མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ལྟར་ཆེ་རུ་འགྲོ་བཞིན་ཡོད་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ལྟར་ཆེ་རུ་འགྲོ་བཞིན་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ།: ལྷ་ལུང་།  ཀློག་གྲངས།: སྤེལ་དུས། : 2016-05-25 13:19:10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ། མཚོ་སྔོན་ཞིང་ཆེན་སྲུང་སྐར་རྒྱང་ཚོར་ལྟེ་གནས་བཅས་ཀྱིས་ཉིན་ཤས་གོང་《མཚོ་སྔོན་པོའི་རྒྱུད་ཀྱི་སྣོད་བཅུད་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པའི་སྐོར་གྱི་སྙན་ཞུ་》མཉམ་འབྲེལ་ཐོག་སྤེལ་བ་རེད། དབྱེ་ཞིབ་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། མཚོ་སྔོན་པོའི་རྒྱ་ཁྱོན་ལོ་ལྟར་མངོན་གསལ་དོད་པོས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།qXr智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
《མཚོ་སྔོན་པོའི་རྒྱུད་ཀྱི་སྣོད་བཅུད་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པའི་སྐོར་གྱི་སྙན་ཞུའི་》ནང་འཁོད་པར་གཞིགས་ན། 2015ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4432.32ཟིན་པ་དེ་2014ལོའི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་49.84ཆེ་རུ་ཕྱིན་ནས་ལོ་གོང་མ་དག་(2005ནས་2014ལོའི་བར་གྱི་ཆ་སྙོམས་རྒྱ་ཁྱོན)གི་དུས་མཚུངས་རྒྱ་ཁྱོན་ལས་སྤྱི་ལེ་ངོས་གྲུ་112.13ཆེ་རུ་ཕྱིན་ཏེ། 2001ལོ་ཚུན་མཚོ་སྔོན་པོའི་རྒྱ་ཁྱོན་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད། གཞན་ཡང་མཚོ་སྔོན་པོའི་རྒྱུད་ཀྱི་རྩྭ་ཐང་ལ་2009ལོ་ཚུན་ཞན་འགྱུར་གྱི་རྣམ་པ་མངོན་ཡང་། ཞན་འགྱུར་མྱུར་ཚད་དམའ་རུ་འགྲོ་བཞིན་ཡོད་པ་རེད། མཚོ་སྔོན་པོའི་མཐའ་འཁོར་གྱི་བྱེ་ཐང་རྒྱ་ཁྱོན་དེ་ཡང་2009ལོ་ནས་2012ལོའི་བར་དུ་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད་པ་རེད།qXr智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
རྒྱང་ཚོར་ལྟ་ཞིབ་ཚད་ལེན་སྙན་ཞུའི་ནང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་རྒྱུད་ཀྱི་ལོའི་ཆ་སྙོམས་དྲོད་ཚད་མཐོ་རུ་ཕྱིན་ནས་ཆར་པ་འབབ་ཚད་མང་དུ་ཕྱིན་པས་དེ་གའི་གནམ་གཤིས་དྲོ་བརླན་ཅན་དུ་འགྱུར་པ་མ་ཟད། མཚོ་སྔོན་པོ་ནང་དུ་བཞུར་བའི་ཆུ་བོ་རིམ་བཞིན་མང་དུ་ཕྱིན་ནས་མཚོ་སྔོན་པོའི་ཆུ་ཁ་རྒྱུན་མཐུད་འཕར་ཏེ་རྒྱ་ཁྱོན་ཡང་ཆེ་རུ་ཕྱིན་ཡོད་པ་རེད། མཚོ་སྔོན་པོའི་རྒྱུད་ཀྱི་དྲོ་བརླན་ཅན་གནམ་གཤིས་ཀྱི་ཤུགས་རྐྱེན་དང་། དེ་གར་ལག་བསྟར་བྱེད་བཞིན་པའི་སྲུང་སྐྱོང་བྱེད་ཐབས་ཁག་དང་བཅོས་སྒྲིག་ལས་གྲྭ་སྣ་ཚོགས་སོགས་ཀྱི་ཕན་ནུས་ལས་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་དང་། བྱེ་འགྱུར་རྒྱ་ཁྱོན་ཆུང་དུ། རྩྭ་ཐང་ཞན་འགྱུར་ཞི་ལྷོད་དུ་བཅས་ཕྱིན་པ་དེའི་ཐོག་ནས་མཚོ་སྔོན་པོའི་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་བཞིན་པ་མཚོན་ཐུབ་ཅེས་དབྱེ་ཞིབ་བྱས་ཡོད་པ་རེད།qXr智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论