དཀར་མཛེས་ཁུལ་སྐབས་གསུམ་པའི་ཡིག་གཟུགས་བརྩམས་ཆོས་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

དཀར་མཛེས་ཁུལ་སྐབས་གསུམ་པའི་ཡིག་གཟུགས་བརྩམས་ཆོས་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས།

ཡོང་ཁུངས། : ཁམས་པའི་དྲ་བ།   རྩོམ་པ་པོ།: མཁས་གྲུབ  ཀློག་གྲངས།: སྤེལ་དུས། : 2016-05-26 09:03:02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བ༥པའི་ཚེས༢༤ཉིན། དཀར་མཛེས་ཁུལ་རིག་གནས་ཁང་དང་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱིས་སྐབས་གསུམ་པའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་སྐོར་གྱི་དཔྱད་གླེང་ཚོགས་འདུ་དར་མདོ་རུ་གཟབ་རྒྱས་ངང་འཚོགས་པ་རེད།Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
   
Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

   Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
    ཐེངས་འདིའི་ཚོགས་འདུ་རུ་རང་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ། དམངས་ཁྲོད་དང་ལས་ཁུངས་ཁག་སོ་སོ་ནས་ཡོང་བའི་བྲིས་པ་དང་བྲིས་ལ་དགའ་ཞེན་ཅན་གྱི་སློབ་མ་བཅས༥༠ཙམ་ཞུགས་པ་དང་། དེང་རབས་ཀྱི་སྒྱུ་རྩལ་གྱི་མཁས་དབང་ཆེན་མོ་ལྟག་ཨོ་རྒྱན་ཆོས་འཕེལ་དང་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་དཔལ་བསྡུས། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དབང་རྒྱལ་སོགས་བྲིས་ཀྱི་མཁས་དབང་རྣམས་ཀྱིས་སྲོལ་རྒྱུན་གྱི་བྲིས་རྒྱུན་མ་ཉམས་པའི་སྟེང་ནས་གསར་གཏོད་ཀྱི་རང་བཞིན་ལྡན་དགོས་ཚུལ་དང་། བྲིས་ཀྱི་ཤེས་བྱའི་སྐོར་དང་། སྣག་ཤོག་དང་ཐིག་གདབ་ལུགས་སོགས་ལག་ལེན་དངོས་ལ་གཟབ་དགོས་ཚུལ་བཅས་ནས་ཉམས་མྱོང་བརྗེ་རེས་དང་དགོངས་ཚུལ་སོགས་བགྲོ་གླེང་གནང་བ་རེད།
Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
 Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

     ཚོགས་འདུའི་སྐབས་དང་བསྟུན་ཏེ་འདི་ཟླའི་ཚེས༢༤ནས༢༦གི་བར་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱི་ཡིག་གཟུགས་ཐང་ག༡༤༥ཁུལ་རིག་གནས་ཁང་གི་ཐོག་རྩེག་ལྔ་པ་རུ་འགྲེམ་སྟོན་བྱེད་པ་དང་། ཁོང་ནི་གངས་ཅན་ལྗོངས་སུ་ཆེས་ཐོག་མའི་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཕྱོགས་བསྒྲིགས་ཀྱི་ཚུལ་དུ་ཐང་ག་རིང་མོ་བྲིས་མཁན་དང་། ལོ་མང་རིང་ཁོང་གིས་སྲོལ་རྒྱུན་གྱི་ཡིག་གཟུགས་གཞིར་བཞག་ཐོག་གསར་གཏོད་དང་སྒྱུ་རྩལ་གྱི་བརྗོད་དོན་ལ་དམིགས་སུ་དོ་སྣང་མཛད་དེ། ཧ་ཅང་ངོ་མཚར་ཅན་གྱི་ཡིག་གཟུགས་བརྩམས་ཆོས་གང་མང་ཞིག་ཡིག་གཟུགས་ལ་མོས་པའི་སྐྱེ་བོ་དག་གི་སྤྱན་ལམ་དུ་འབུལ་བ་དང་། ཁོང་གི་ཡིག་གཟུགས་སུ་མི་ཚེ་དང་འཚོ་བ། བརྩེ་དུང་དང་དགའ་སྤྲོ། གདུང་བ་དང་སྐྱོ་ངལ། ཉམས་མྱོང་དང་རྟོགས་པ། སེམས་པའི་འཆར་སྣང་སོགས་ཤོག་བུ་དང་སྣག་ཚ། ཐམ་ག་དང་མིང་གཟུགས་ཀྱི་དྲ་བ་རུ་གང་བདེར་བཀོད་ཡོད། Tug智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论