མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་རྩལ་བྱེད་སྒོ་སྤེལ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་རྩལ་བྱེད་སྒོ་སྤེལ།

ཡོང་ཁུངས། : ཁམས་པའི་དྲ་བ།   རྩོམ་པ་པོ།: མི་གསལ  ཀློག་གྲངས།: སྤེལ་དུས། : 2016-05-30 21:06:20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དར་མདོ་གྲོང་ཁྱེར་གྱིས་སྐབས་དང་པོའི་སྐྱ་གད་ཡུལ་ཚོའི་འོ་སེ་མེ་ཏོག་གི་དུས་ཆེན་དང་མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་རེད། KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

    ༢༠༡༦ལོའི་ཟླ་བ༥པའི་ཚེས༢༨ཉིན། སྐབས་དང་པོའི་སྐྱ་གད་ཡུལ་ཚོའི་འོ་སེ་མེ་ཏོག་གི་དུས་ཆེན་དང་མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་བྱེད་སྒོ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་སྐྱ་གད་ཡུལ་ཚོའི་རི་ངོས་གྲོང་སྡེར་སྤེལ་བ་རེད། སྐྱ་གད་ཡུལ་ཚོའི་རྒན་དར་གཞོན་གསུམ་གྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་ངོ་ལ་འཛུམ་དང་བཅས་ཏེ་ཉམས་འགྱུར་སྟོང་དང་ལྡན་པའི་གར་དང་རྣམ་པ་བརྒྱ་ཡིས་འཁྲབ་པའི་བྲོ།  དགའ་བ་འབུམ་གྱིས་ཕྱུག་པའི་གླུ་བཅས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་དང་ལྷན་དུ་ཐེངས་འདིའི་རིག་རྩལ་བྱེད་སྒོའི་ལེ་ཚན་རེ་རེར་མིག་དབང་གིས་ལོངས་སུ་སྤྱོད་པའི་སྐལ་བ་ལྡན།KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
    ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སུ་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་ཉེ་སྔོན་སྤེལ་བའི་གྲེ་འགྱུར་ངག་གི་དབྱངས་རྟ་ཞེས༢༠༡༦ལོའི་བོད་ཀྱི་འཕྲིན་ཕྲན་དམངས་གླུ་འགྲན་སྡུར་ཐོག་བྱ་དགའ་ཐོབ་མཁན་རྣམས་ལས་གླུ་བ་དང་གླུ་མ་གསུམ་ལ་བྱ་དགའ་གནང་བ་དང་ཆབས་ཅིག   ཁོ་ཚོའི་སྐད་ངག་གི་དབྱངས་རྟ་རེ་རེ་རྒྱ་ཆེའི་ལྟད་མོ་བའི་སྙན་དབང་གི་དཔལ་དུ་སྨིན་ཡོད་པ་རེད། དེ་མིན་བོད་ཀྱི་གླུ་མ་སྒྲོན་པེ་དང་གླུ་བ་ཚེ་དབང་སོགས་ཀྱིས་སྙན་གླུ་ཡང་ཕུལ་ཡོད་ལ། རིག་རྩལ་འཁྲབ་སྟོན་པས་ལྡེམ་མྱུར་བྲོ་ཡི་ལྟད་མོ་རེ་རེ་དེར་འདུས་ཀྱི་ལྟད་མོ་བ་དག་གི་མིག་གི་ལོངས་སྤྱོད་དུ་བསྩལ་བ་སོགས་རིག་རྩལ་བྱེད་སྒོ་འདྲ་མིན་སྤེལ་བ་རེད།
KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

   ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ནི་སི་ཁྲོན་བོད་སྐད་རླུང་འཕྲིན་དང་དཀར་མཛེས་གསར་འགྱུར་དྲ་བས་གཙོ་གཉེར་བྱས་པ་དང་དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་དང་དར་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ། སྐྱ་གད་ཤང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད། KgS智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论