བརྙན་ཐུང《ཝ་མོ་གཟན་འགུག》ཅེས་པ་ཆེས་ཐོག་མར་ཨེ་ཤ་ཡའི་བརྙན་ཐུང་དུས་ཆེན་སྟེང་དགའ་རྟགས་ཐོབ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བརྙན་ཐུང《ཝ་མོ་གཟན་འགུག》ཅེས་པ་ཆེས་ཐོག་མར་ཨེ་ཤ་ཡའི་བརྙན་ཐུང་དུས་ཆེན་སྟེང་དགའ་རྟགས་ཐོབ།

ཡོང་ཁུངས། :   རྩོམ་པ་པོ།: མི་གསལ།   ཀློག་གྲངས།: སྤེལ་དུས། : 2018-11-08 20:47:44
ཡིག་གཟུགས། :ཆུང་། འབྲིང་། ཆེ།

IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

2018ལོའི་ཟླ11ཚེས7ཉིན། ཨེ་ཤ་ཡའི་སྐབས་དྲུག་པའི་བརྙན་ཐུང་སྒྱུ་རྩལ་དུས་ཆེན་དེ་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་བརྗོད་བྱ་སྤྱི་བདེ་ཡིན་པའི་བརྙན་ཐུང《ཝ་མོ་གཟན་འགུག》ཅེས་པའི་བརྙན་ཐུང་བརྩམས་ཆོས4620ལྷག་ལས་རྣམ་པར་རྒྱལ་ཏེ། བདེ་འཇགས་ཀྲུང་གོའི་སྡེ་ཚན་དུ་བརྙན་ཐུང་ཕུལ་བྱུང་དང་འཁྲབ་གཞུང་གཉིས་ཀའི་རྟགས་མ་ཐོབ། བརྙན་ཐུང་འདི་ནི་གསེར་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཐག་གཅོད་བྱས་པའི3-04ཞིང་ཆེན་ཡོངས་ཀྱི་རླངས་སྣུམ་རྐུ་འཕྲོག་གི་གྱོད་དོན་ལ་གཞི་བཅོལ་ནས་འཁྲབ་གཞུང་བྲིས་ལ། འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་སྤྱི་ཁྱབ་ལྟ་སྐུལ་གནང་ཞིང་གོང་བ་ནོར་བུ་ཡོན་ཏན་གྱིས་འཁྲབ་ཁྲིད་བྱས་པ། ཁྲིན་ཅོན་ཅེ་ཡིས་འཁྲབ་གཞུང་བྲིས་པའི་མཚོ་ལྷོ་ས་ཁུལ་གྱི་བརྙན་ཐུང་ཞིག་ཡིན་ལ།འདི་ནི་མཚོ་ལྷོ་ཁུལ་གྱི་མི་སྣས་ཕབ་སྐྲུན་དང་འཁྲབ་སྟོན་བྱས་པའི་བརྙན་ཐུང་བརྩམས་ཆོས་ལ་ཐེངས་དང་པོར་ཨེ་ཤ་ཡའི་བརྙན་ཐུང་དུས་ཆེན་སྟེང་བྱ་དགའ་ཐོབ་པའང་ཡིན།IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

དཔྱད་འདེམས་ཚོགས་པས་འདི་ལྟར་དཔྱད་བརྗོད་གནང་ཡོད་དེ། བརྙན་ཐུང་འདི་ནི་བྱུང་རིམ་ཀྱག་ཀྱོག་ལྡན་ཞིང་གཅོད་གཏུབ་གྲ་འགྲིག་པ། མི་སྣའི་འབྲེལ་བ་བབས་ཆགས་ཤིང་གཏམ་རྒྱུད་ཀྱིས་མི་སེམས་ཀུན་ནས་སྒུལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དར་སྤེལ་བྱས་ཡོད་པའི་བརྙན་ཐུང་ཕུལ་དུ་བྱུང་བ་ཞིག་རེད།IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྒྱུས་ལོན་པ་ལྟར་ན། ཨེ་ཤ་ཡའི་བརྙན་ཐུང་སྒྱུ་རྩལ་དུས་ཆེན་ནི་ཨེ་ཤ་ཡ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་བརྙན་ཐུང་གི་ཚོགས་འདུ་ཞིག་དང་གསེར་གྱི་ཧའེ་ཐང་རྟགས་མ་ནི་མཚན་སྙན་དང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཨེ་ཤ་ཡ་བརྙན་ཐུང་གི་རྟགས་མ་ཞིག་ཀྱང་རེད། ཐེངས་འདིའི་བརྙན་ཐུང་དུས་ཆེན་སྟེང་བརྩམས་ཆོས་རྩེ་གྲས40དང་བརྩམས་ཆོས་ཕུལ་བྱུང80བདམས་ཤིང་། རྒྱལ་ཕྱི་རྒྱལ་ནང་གི་བྱ་དགའ་ཐོབ་མཁན་དང་ཨེ་ཤ་ཡ་བརྙན་ཐུང་དུས་ཆེན་གྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཚོགས། གསེར་གྱི་ཧའེ་ཐང་རྟགས་མའི་དཔྱད་འདེམས་ཨུ་ཡོན། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་འགན་འཛིན་པ། རྒྱལ་ཕྱི་རྒྱལ་ནང་གི་གློག་བརྙན་ལས་རིགས་གཉེར་མཁན1100ལྷག་མཉམ་འཛོམས་གནང་ཡོད། སྐབས་སྔོན་མ་དང་བསྡུར་ན། ཐེངས་འདིའི་བརྙན་ཐུང་དུས་ཆེན་ལ་ཕྱོགས་གཉིས་ཀྱི་ཁྱད་ཆོས་མངོན་ཏེ།གཅིག་ནི་འགྲན་ཞུགས་བརྩམས་ཆོས་ཀྱི་ཁྱབ་ཁོངས་ཆེ་ཞིང་། འགྲན་ཞུགས་བརྩམས་ཆོས་ལ4612ཡོད་པ་དང་། སྐབས་སྔོན་མ་དང་བསྡུར་ན་བརྩམས་ཆོས252ཡིས་ཇེ་མང་དུ་བཏང་ཡོད་ལ། གཉིས་ནི་རྒྱལ་སྤྱིའི་རང་བཞིན་ལྡན་པ།ཐེངས་འདིའི་འགྲན་སྡུར་ལ་ཕྱི་རྒྱལ་གྱི་བརྩམས་ཆོས116ཞུགས་ཡོད་པ་རེད།IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

IJO智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : admin
 
    匿名评论
  • 评论
人参与,条评论