མཚོ་ཤར་གྲོང་ཁྱེར་གྱི་ཡ་རྫི་རྫོང་ནི་མཚོ་སྔོན་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པ་དང་། གནས་འདི་རུ་གནའ་ནས་བཟུང་བོད་དང་ཟ་ལར། རྒྱ་དང་ཧོས་རིགས་སོགས་མི་རིགས་མང་པོས་འདྲེས་སྡོད་ཀྱི་འཚོ་བ་རོལ་བའི་ས་ཆ་ཞིག་ཡིན།
རྡོ་སྦིས་ཡུལ་ཚོའི་ཚོགས་རའི་ཟུར་གཅིག
REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
ཀ་རིང་ཡུལ་ཚོའི་ཚོགས་རའི་ཡུལ་དངོས།REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
གཞས་པ་ཡར་ཏུང་།
REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
གླུ་མ་རིག་འཛིན་སྒྲོལ་མ།
REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
གཞས་མ་སྒྲོན་པེ།
REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
ཡ་རྫིའི་རིག་རྩལ་བྱེད་སྒོའི་ཡུལ་དངོས།
REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
སྐོར་བྲོའི་སྟངས་སྟབས་ལ་ཆས་པའི་སྨན་ཤར།
REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 
ལྷ་དར་དགུང་དུ་འཕྱར་བའི་ལྷ་རྩེད་པ།REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་ཁུལ་འདི་རུ་རྡོ་སྦིས་དང་བིས་མདོ། ཀ་རིང་། རྐང་ཚ་བཅས་ཡུལ་ཚོ་བཞི་དང་དེ་ལས་གཞན་བསེ་ཆང་དང་མགྲོན་ཐང་། ཨ་མར་སྐྱེས། རྒྱ་ཞུར་སོགས་གྲོང་སྡེ་མང་པོ་ཞིག་ཏུ་བོད་རིགས་འཚོ་སྡོད་བྱས་ཡོད། ཡུལ་གྲུ་འདི་རུ་གནའ་བོའི་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་ད་རུང་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་པས། སྲོལ་རྒྱུན་རིག་གནས་ཀྱི་རྔམས་མཐུག་ཅིང་རྐང་ཟུག་ཡོད་པ་ཞིག་ཡིན། དེ་བས་དུས་ཆེན་དང་དགའ་སྟོན་གང་ཞིག་ཡིན་རུང་གནས་འདི་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ངང་གིས་ཕྱུག་ཡོད། གཤམ་ནས་གནས་འདིའི་ལོ་གསར་སྐོར་གྱི་གནས་ཚུལ་རགས་ཙམ་བཀོད་པར་བྱ་སྟེ།
ཡུལ་གྲུ་འདི་ནི་ཞིང་ལས་གཙོ་བོར་གཉེར་བའི་ས་ཆ་ཞིག་ཡིན་པ་དང་། ལོ་གསར་རོལ་སྟངས་ཀྱི་ཆ་ནས་མདོ་སྨད་སྤྱིའི་སྲོལ་ལྟར་ལུགས་རྙིང་གི་ལོ་གསར་ལ་རོལ་བ་ཡིན། ལོ་གསར་གྱི་སྐབས་སུ་ཡུལ་འདི་རུ་དགའ་སྤྲོའི་ཡོ་ལང་གིས་ཁེངས་ཡོད་པ་སྟེ། ལོ་གསར་ཚེས་གཅིག་ནས་ཚེས་བརྒྱད་ཡས་མས་སུ་ཤ་ཉེ་ཁྱིམ་མཚེས་དང་སྡེ་བ་རུ་སྐོར་བྱས་ནས་ཤ་མར་ཐུད་གསུམ་སོགས་ཟས་ནོར་ལོངས་སྤྱོད་ལ་རོལ་བ་ཕུད། གླུ་གར་རྩེད་མོ་དང་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་ནས་དུས་འདའ་བར་བྱེད་པ་ཡིན་ལ།ཚེས་བརྒྱད་ཉིན་ནས་ཡུལ་ཚོ་རང་བཞིན་གྱིས་རིག་རྩལ་དང་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་བར་བྱེད།
ད་ལོའི་ལོ་གསར་གྱི་སྐབས་སུ་ཡང་ཡུལ་གྲུ་འདི་རུ་སྔར་སྲོལ་ལྟར་རིག་རྩལ་དང་ལུས་རྩལ་བྱ་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད་དེ། ཚེས་བརྒྱད་ཉིན་རྡོ་སྦིས་ཡུལ་ཚོའི"དཔྱིད་བསུ་བུམ་པ"རྟགས་མའི་ལྒང་ལི་འགྲན་ཚོགས་སྐབས་ཉེར་ལྔ་བའི་ཡོལ་བ་ཕྱེས་ནས་གླུ་གར་རྩེད་མོ་དང་ལུས་རྩལ་བྱ་འགུལ་གྱི་ལྟད་མོའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་བསྐྲུན་པ་དང་། ཡུལ་དངོས་སུ་ཐོན་ཡོད་པའི་ལྟད་མོ་བའི་ཁ་གྲངས་ཧ་ལམ་མི་གྲངས་ཁྲི་བཞི་ལ་ཉེ་བ་ཡོད། ཚེས་དགུ་ཉིན་པཎ་ཆེན་འཁྲུངས་གཞིས་བིས་མདོ་ཡུལ་ཚོ་ནས་ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོ་སྐུ་འཁྲུངས་ནས་བགྲང་བྱ་བརྒྱད་ཅུ་ལོན་པ་དང་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་འཁོར་སུམ་ཅུ་འཁོར་བར་རྗེས་དྲན་ཞུ་བ་བརྗོད་གཞི་ཡིན་པའི་རིག་རྩལ་སྤྲོ་ཚོགས་དང་སྐབས་བཅུ་དགུ་བའི་ལྒང་ལི་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་བསྡུས། ཚེས་བཅུ་ཉིན་ཀ་རིང་ཡུལ་ཚོ་ནས་མེས་རྒྱལ་གྱི་འཁྲུངས་སྐར་བགྲང་བྱ་བདུན་ཅུ་བ་བསུ་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འཁོར་བར་དགའ་བས་བསུ་བའི་ལྒང་ལི་འགྲན་ཚོགས་ཀྱི་མཛད་སྒོ་རྒྱ་ཆེར་བསྡུས་པ་དང་། གོང་གསལ་ཡུལ་ཚོ་གསུམ་གྱི་མཛད་སྒོ་སོ་སོའི་སྟེང་བོད་ཡུལ་གྱི་སྙན་གྲགས་ཆེ་བའི་གཞས་པ་ཡར་ཏུང་དང་སྒྲོལ་མ་སྐྱབས།ལུ་གུ་རྒྱལ། སྒྲོན་པེ། སྟོབས་ཆེན་རྒྱལ། རིག་འཛིན་སྒྲོལ་མ། གཡང་མོ་སྒྲོལ་མ། གདུགས་དཀར་ཡག རིན་ཆེན་དོན་གྲུབ། བསམ་འགྲུབ་ཚེ་རིང་སོགས་གདན་འདྲེན་བྱས་ནས་ས་གནས་མང་ཚོགས་ལ་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་བསྟན།
ཚེས་བཅུ་གཅིག་ཉིན་ཡ་རྫི་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་རྡོ་སྦིས་ཡུལ་ཚོ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་ནས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས"ལྷ་རྩེད་དང་ཤར་མཆོང"རྩེད་རིགས་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་ལ་རྡོ་སྦིས་དང་བིས་མདོ་ཡུལ་ཚོའི་ལྷ་རྩེད་དང་ཤར་མཆོང་རྩེད་མཁན་གྱི་སྡེ་བ9ཞུགས་ཡོད་པ་དང་། ལྷ་རྩེད་པ་དག་གིས་ལག་ཏུ་ལྷ་རྔ་དང་དམག་དར་ཐོགས་ཤིང་མགོ་དང་ལུས་ལ་རིགས་ལྔ་སོགས་ཀྱི་འཁྲབ་ཆས་ཡོངས་སུ་བཀླུབས་ནས་ལྷ་རྩེད་བྱས་ཤིང་ལྷ་རྔའི་སྒྲ་ཡིས་གནམ་སའི་ཁྱོན་ཀུན་འགེངས་པར་བྱས།
གོང་གསལ་བྱ་འགུལ་དེ་དག་ནི"ལྔ་བཞིའི་འཐབ་ཇུས"གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་བྱེད་པ་དང་ཧུར་ཐག་གིས"སྤུས་ལེགས་གཅིག་དང་མཐོན་པོ་གཉིས"ཀྱི་ཐབས་ཇུས་ཐག་གཅོད་བཀོད་སྒྲིག་སྐུལ་སྤེལ་བྱེད་པ།ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་བྱེ་བྲག་ཏུ་དངོས་འབེབས་འབྱུང་བར་རོགས་རེས་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་འགངས་ཆེན་ཐོན་ཡོད་པ་རེད།REA杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ