དུས་ཚིགས་དང་པོ་ནས་གསུམ་པ་བར་གཞིས་རྩེའི་ཕྱི་ཕྱོགས་ཉོ་ཚོང་གི་བསྡོམས་འབོར་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

དུས་ཚིགས་དང་པོ་ནས་གསུམ་པ་བར་གཞིས་རྩེའི་ཕྱི་ཕྱོགས་ཉོ་ཚོང་གི་བསྡོམས་འབོར་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2019-11-04 08:56:54
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཚིགས་དང་པོ་ནས་གསུམ་པ་བར་གཞིས་རྩེའི་ཕྱི་ཕྱོགས་ཉོ་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར3.12ཟིན་པ་དེས་ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི10.2%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་ལྡབ2.4འཕར་ནས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ7གྱི་ཨང་དང་པོར་སླེབས་ཡོད་པ་ལས། ཕྱིར་གཏོང་སྒོར་དུང་ཕྱུར1.92ཟིན་པ་དང་ནང་འདྲེན་སྒོར་དུང་ཕྱུར1.20ཟིན་ནས་ལྡབ2.8དང་ལྡབ1.9སོ་སོར་འཕར་ཡོད།
7Nt智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ལྷ་ས་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁྲུའི་ཁྲུའུ་དང་པོའི་ཁྲུའུ་ཁྲང་དགྲ་འདུལ་གྱིས། དུས་ཚིགས་དང་པོ་ནས་གསུམ་པ་བར་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་གྲོང་མིའི་ཚོང་དོན་ཁྲོམ་རའི་བསྡོམས་འབོར་སྒོར་དུང་ཕྱུར1.59ཟིན་ནས་ལྡབ2.9འཕར་བ་དང་། མཐའ་མཚམས་ཀྱི་གྲངས་འབོར་ཆུང་བའི་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར1.49ཟིན་ནས་ལྡབ2.0འཕར་ནས་མཐའ་མཚམས་གྲོང་མིའི་ཚོང་དོན་ཁྲོམ་ར་དང་མཐའ་མཚམས་ཀྱི་གྲངས་འབོར་ཆུང་བའི་ཚོང་དོན་བསྡོམས་འབོར་གྱིས་ཁྲོམ་ར་དེའི་དུས་མཚུངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བསྡོམས་འབོར་གྱི98.7%བཟུང་ནས་ཕྱི་ཕྱོགས་ཉོ་ཚོང་གི་སྐུལ་ཁྲིད་ནུས་པ་ཧ་ཅང་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། །7Nt智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། ཀླུ་མོ་མཚོ།7Nt智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论