བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2019-11-04 08:52:36
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས28ནས31ཉིན་བར་པེ་ཅིང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་བོད་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཡོན་ལས་བྱེད་པས་འཕྲལ་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འབྲེལ་ཡོད་གསར་འགྱུར་ལྟ་ཉན་བྱས་པ་དང་བྱ་ཐབས་སྣ་མང་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཡར་རྒྱས་ལྷུར་ལེན་དང་གསར་འབྱེད་གསར་གཏོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ཐོག “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཟླ11ཚེས1ཉིན། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ཆ་ཚང་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཡང་དག་པའི་ཁ་ཕྱོགས་ཀྱི་སྟོན་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་ངོས་སློབ་སྦྱོང་ལ་དམ་འཛིན་ལྷོད་མེད་བྱེད་པ་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་དུས་ཐུང་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་ཟུང་འབྲེལ་གྱིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་། བློ་ཐག་རྦད་བཅད་ཀྱི་སྲུང་སྐྱོབ་པ། ལྷག་བསམ་ཟོལ་མེད་ཀྱི་དྲིལ་བསྒྲགས་པ། རང་རྟོགས་ཀྱི་ལག་ལེན་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཟླ11ཚེས1ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཡོན་ཡོངས་ཀྱི་ཚོགས་ཆེན་འཚོགས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཟླ11ཚེས1ཉིན་གྱི་ཕྱི་དྲོར། ལྗོངས་སྲིད་གྲོས་ཀྱིས་ཏང་ཕྱིའི་མི་སྣའི“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་དང་། ཆབ་སྲིད་ཐད་བློ་རྩ་བརྟན་པོ། སྤྱི་ཡོངས་ལ་སྟངས་འཛིན་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་གྱི་ཡིན་ཞེས་བརྗོད་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཟླ11ཚེས1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཟླ11ཚེས1ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་སྐབས་དང་པོ་དང་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་བཀོད་སྒྲིག་བྱས་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཟླ11ཚེས1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་2019ལོའི་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་13པ་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པའི་མཐོ་ཚད་ནས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་མ་ཟད། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱས་ནས་ཚན་རྩལ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དེ་བས་ལེགས་པའི་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས”ཞེས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་བརྗོད་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

བོད་ལྗོངས་སློབ་ཆེན་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དགེ་རྒན་ཆེ་མོ་བ་གཞོན་པ་ལི་ཆིང་ཧྭ་ཡིས་གསར་འགོད་པར་བོད་ལྗོངས་སློབ་ཆེན་གྱིས་ད་ལྟ་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར། སྲུང་སྐྱོང་བཅས་ལ་དམ་འཛིན་བྱས་ཏེ་སློབ་སྦྱོང་གི་ལམ་ལུགས་དང་། དྲིལ་བསྒྲགས་ཀྱི་ལམ་ལུགས། གོང་བཀུར་གྱི་ལམ་ལུགས། སྲུང་སྐྱོབ་ཀྱི་ལམ་ལུགས་བཅས་ཀྱི་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲོང་ཧྲི་ཧུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག དེ་བས་འདང་ངེས་དང་དེ་བས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཕན་པ་ཡོད་པའི་སྐུལ་འདེད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ལུགས་བཏོན་ཡོད། མཐོ་རིམ་ལས་རིགས་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས། ངས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ངོས་འཛིན་གཅིག་གྱུར། འགན་འཁྲི་དོན་འཁྱོལ་ཡག་པོ་བཅས་བྱས་ནས་ལས་ཞུགས་ལས་དོན་གྱི་འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། སློབ་བསྡུ། གསོ་སྐྱོང་བཅས་འཁོར་འབྲེལ་ཡོངས་ཀྱི་སྤྱི་འདོམས་འཆར་འགོད་མ་ལག་ཇུས་འགོད་བྱས་ཏེ་རྩ་བའི་ཆ་ནས་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་ཆུ་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། ཕན་འབྲས་ཆེ་བ་བཅས་ཀྱི་ཞབས་འདེགས་ལ་བརྟེན་ནས་ཁྱིམ་ཚང་དང་། སྤྱི་ཚོགས། སློབ་མ་བཅས་ནས་སློབ་གྲྭའི་ལས་ཞུགས་ཞབས་འདེགས་ལ་ཁས་ལེན་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། །g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། ཀླུ་མོ་མཚོ།g0P智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
 
    匿名评论
  • 评论
人参与,条评论