—— མངའ་རིས་ས་ཁུལ་གྱི་རྩ་འཛུགས་ལས་དོན་སྐོར་གྱི་སྒྲིལ་གླེང་། མངའ་རིས་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བརྟན་པོར་བཅངས་ནས། མི་རིགས་ཁག་གི་མང་ཚོགས་ཁྲི་11.9ཡི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་བདེ་སྐྱིད་ཁམས་བཟང་ཕྱོགས་སུ་སྐྱོད་པའི་ལམ་ཆེན་ཐོག་འབད་འབུངས་སྟོབས་བརྩོན་བྱེད་ཀྱི་ཡོད་པ་རེད། འགྱུར་མེད་སྟོབས་ལྡན་གྱི་འཐབ་འཛིང་མཁར་རྫོང་བསྐྲུན་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་དང་། ལྷག་པར་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག མངའ་རིས་ས་ཁུལ་གྱིས་གཞི་རྩའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། གཞི་རྩའི་བྱེད་སྒོ་སྤེལ་བ། གཞི་རྩའི་གཡུལ་ས་བརྟན་དུ་གཏོང་བ། གཞི་རྩའི་ལམ་ལུགས་ཚད་ལྡན་དུ་གཏོང་བ། གཞི་རྩའི་འགན་སྲུང་ལེགས་སུ་གཏོང་བ་བཅས་ཀྱི་ལས་འགན་ཆེན་པོ་ལྔ་ལ་དམིགས་ནས། རྩ་འཛུགས་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཁོངས་གཏོགས་འབྲེལ་བ་མཐུན་སྦྱོར་བྱེད་པ། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱེད་པ། ཏང་ཡོན་གྱི“འཛུལ་ཐོན་སྒོ་མོ”ནན་སྲུང་བྱེད་པ། ཏང་ཡོན་གྱི་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་ནན་པོ་བྱེད་པ། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། རྩ་འཛུགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་པས། ཏང་རྩ་འཛུགས་ཀྱི་གྲངས་འབོར་1950ལོའི་1ནས་2018ལོའི་630བར་དང་། ཏང་ཡོན་བསྡོམས་འབོར་1950ལོའི་17ནས་2018ལོའི་17565བར་འཕར་ནས། ས་མཐོའི་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་བཏོད་པ། 1952ལོའི་ཟླ་10པར། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་དངོས་སུ་བཙུགས་པ་དང་། རྟ་དམག་ཉིང་ལག་རུ་ཁག་གི་ལས་འགན་གཅིག་ལྕོགས་འཁུར་བའི་ལས་ཁུངས་ཀྱི་ལས་བྱེད་པ་9ཡིས་ཞིབ་ཕྲའི་ལས་དོན་སྤེལ་བ་རེད། 2019ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ། ལས་བྱེད་ལས་བཟོ་མི་གྲངས་11396ཡིས་ཐོག་མའི་བསམ་འདུན་མ་བརྗེད་པར་མཐའ་མཚམས་ལ་རྩ་བ་ཚུགས་ནས། མངའ་རིས་ལ་ལེགས་སྐྱེས་ཕུལ་ཏེ་བྱས་རྗེས་བཞག་ཡོད་པ་རེད། 1956ལོ་ཚུན། མངའ་རིས་ས་ཁུལ་གྱིས་ལས་བྱེད་པའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་བླང་བྱ“དམིགས་བསལ་གསུམ”མཐའ་གཅིག་ཏུ་ལག་བསྟར་དང་། ཏང་གིས་ལས་བྱེད་པ་དོ་དམ་བྱེད་པའི་རྩ་དོན་དོན་འཁྱོལ། “འདོན་དགོས་ངེས་བཞི”མཐའ་འཁྱོངས། མཐའ་སྐྱོང་བོད་བརྟན་གྱི་བླང་བྱར་དམ་པོར་དམིགས་པ།“སྲིད་གཙང་དཔྱད་འདེམས་ཉིས་རྩེག”དང“མིང་རྟགས་ཐེངས་གཉིས་འགོད་པའི”ལམ་ལུགས་ལག་བསྟར་བྱེད་པ། “ལྷན་འཛོམས་མཉམ་དཔྱད”ལམ་སྲོལ་འཛུགས་པ། “རྒྱུག་གསུམ”བྱེད་སྟངས་འཐུས་ཚང་དུ་གཏོང་བ། “བརྒྱ་ཟུང་འདུ་འགོད”ལག་བསྟར་བཅས་བྱས་ནས། ལག་ལེན་ཁྲོད་ནས་ཉམས་སད་ཐེག་ཐུབ་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་འདེམས་སྤྱོད་བྱས་ཏེ། གོང་རིམ་ནས་ཚད་གཞི་འཛུགས་པ་དང་། འོག་རིམ་ནས་སྐུལ་སྤེལ་གཏིང་ཟབ་གཏོང་བ། དོ་དམ་ཐད་སྔར་བས་ནན་པོ་བྱེད་པ། གསོ་སྐྱོང་ཐད་ཚད་བརྒལ་ཡོང་བར་བྱེད་པ། བྱམས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་སྣ་འདེམས་སྤྱོད་ཀྱི་རྣམ་པ་གསར་པར་བརྟེན་ནས་ལས་བྱེད་པས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། ཕུལ་བྱུང་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱས་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པ་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐོན་ཁུངས་དང་པོར་བརྩི་རྒྱུ་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་དང་། ཏང་གིས་ཤེས་ལྡན་པ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། ཤེས་ལྡན་པའི་ལས་དོན“ཁག་གཅིག་རེ་བརྒྱད”དང་། “འཆར་གཞི་དགུ” “ཕུལ་བྱུང་ཤེས་ལྡན་པའི་འདུ་འགོད”སོགས་དང་། “ཚང་བཟོས་ནས་ཁྱུང་ཆེན་འགུག་པའི”བྱ་སྤྱོད་ལག་བསྟར་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱས་ནས། “མཐོ་སྣེའི་ཤེས་ལྡན་པ་ནང་འདྲེན་དང་། ཡུལ་དེའི་ཤེས་ལྡན་པ་སྐྱེད་སྲིང་། བོད་སྐྱོར་ཤེས་ལྡན་པ་བེད་སྤྱོད”བཅས་ཀྱི་ལས་འགན་གསུམ་ཡག་པོ་བསྒྲུབས་པ་དང་། “རྒྱལ་གཅེས་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པར་བྱས་རྗེས་འཇོག་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས། ལས་བྱེད་པ་དང་ཤེས་ལྡན་པའི་བསམ་བློའི་མོས་སེམས་དང་བརྩེ་དུང་གི་མོས་སེམས་ཟབ་ཏུ་བཏང་སྟེ། མི་གྲངས་འཕར་རྒྱུ་དང་མི་སེམས་ཐོབ་རྒྱུ་གཅིག་གྱུར་དམ་ཟབ་ཡོང་བར་བྱས་པ་རེད། དཔེ་སྟོན་སྡེ་ཚན་དང་ཉམས་སད་ཐེག་པའི་དཔུང་ཁག་བཙུགས་པ། 1952ལོའི་ཟླ་10ནས་བཟུང་། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་དྲིལ་བསྒྲགས་པུའུ་ཡིས་རྩ་འཛུགས་ལས་དོན་གྱི་འགན་འཁུར་བ་དང་། 1956ལོའི་ཟླ་7པར་རྩ་འཛུཌ་པུའུ་དངོས་སུ་བཙུགས་ཚུན། མངའ་རིས་ས་ཁུལ་གྱིས་དཀའ་ཚེགས་ཆེ་བར་མི་འཛེམས་པ་དང་། ས་བབ་མཐོ་ཡང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་བའི་འདུ་ཤེས་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེཌ་པ་བཅས་ཀྱི་རྩ་འཛུཌ་སྡེ་ཚན་བཏོད་པ་རེད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རྩ་འཛུགས་སྡེ་ཚན་གྱིས《ཀྲུང་གུང་མངའ་རིས་ས་ཨུད་རྩ་འཛུགས་པུའི་ལས་དོན་སྒྲིག་སྲོལ》བཟོས་པ་བརྒྱུད་ཚད་ལྡན་ཅན་གྱི་ལས་ཀའི་ལམ་སྲོལ་བཙུགས་པས། ལམ་ལུགས་ལ་བརྟེན་ནས། དབང་ཆ་དང་བྱ་བ་དོ་དམ་བྱེད་པའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད་པ་རེད། སྤྱོད་ཚུལ་གནད་དོན་ཐད་ཀྱི“གད་བདར་ཆེན་པོའི”ཆེད་དོན་བྱ་སྤྱོད་སྤེལ་ནས། “སྒྱིད་ལུག་དང་། འགོར་བ། ཞན་པ། གཉོད་ཆུང་། ཟད་གྲོན་ཆེ་བ། སྤྱིར་བཏང་ཡིན་པ། གཡེང་བ། ཁེངས་དྲེགས་ཆེ་བ། ལེ་ལོ། ཟང་ཟིང་ཡིན་པ”བཅས་ཀྱི“བྱ་སྤྱོད་དམན་རིགས”10གཙོ་གནད་བཅོས་སྒྲིག་བྱས་ཏེ། རྩ་འཛུགས་ལས་དོན་གྱི་ཆེད་ལས་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་བཏོད་པ། ལས་དོན་ཁག་ལ་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་པ་བྱས་ཡོད་པ་རེད། ། རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ནུབ་ས་མཐོར་ཏང་དར་ལྷབ་ལྷུབ་གཡོ།
ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། : 2019-11-01 09:52:45
རྩོམ་སྒྲིག་པ། : lalong1985