འདི་ནི་དགེ་་རྒན་ཆེན་མོ་ཞེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོ་ཡི་གྲོང་མིར་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་བཞིན་པའི་ཚུལ་རེད། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ46ལ་སླེབས་པའི་ཞེ་ཧུང་ཅང་ནི་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ལྡུམ་རའི་སྒྱུ་རྩལ་སུའོ་ཡི་ཞིབ་འཇུག་པ་ཞིག་རེད། ཁོང་ལ་འབུམ་རམས་པའི་སློབ་རྒྱུས་ལྡན་པ་དང་ས་མཐོའི་ཀུ་ཤུ་འདེབས་གསོའི་ཐད་ཞིབ་འཇུག་བྱས་ནས་ལོ12སོང་ཡོད། བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་དབར་ཞིང་འབྲོག་ཚན་རྩལ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་རྗེས་ཀྱི་ལོ3སོང་རིང་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་གིས་འབུམ་རམས་པའི་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་དང་བོད་དབར་ཐེངས40ལྷག་ཙམ་བསྐྱོད་ཡོད། ད་ཆ་ཀུ་ཤུ་མུའུ1000ཙམ་བཏབ་པའི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཀུ་ཤུའི་དཔེ་སྟོན་ལྡུམ་ར་ཞིག་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་བཙུགས་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་ཀུ་ཤུའི་འདེབས་ཁྱོན་མུའུ་ཁྲི2.3ཟིན་ཡང80%ཡན་ལ་འདེབས་གསོ་དོ་དམ་བྱེད་སྟངས་རགས་ལས་ཅན་ཡིན་པ་དང་། ལག་རྩལ་འདུས་ཚད་དམའ་བ། སྡོང་པོ་རྒས་པ་བཅས་ཀྱི་གནད་དོན་ལྷག་ཡོད། ཤེ་ཧུང་ཅང་གི་ཚོགས་པ་དེ་གར་སླེབས་རྗེས་ས་གནས་དེ་གའི་ཀུ་ཤུའི་འདེབས་འཛུགས་ཀྱི་ལས་ཆོད་དམའ་བ་དང་། ཐོན་འབབ་དམའ་བ། སྤུས་ཀ་ཞན་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ཞིབ་ལས་འདེབས་གསོ་དང་། སྡོང་པོའི་ཡལ་འདབ་ཚོད་འཛིན་བྱེད་པ། སྡོང་པོའི་ཟད་གྲོན་ཉུང་དུ་གཏོང་བ་བཅས་ཀྱི་ཆེད་མངགས་ཐག་གཅོད་བྱ་ཐབས་བཏོན་པས། ད་ཆ་ཀུ་ཤུའི་འབྲས་བུ་སྨིན་སྔ་བ་དང་། ཐོན་འབབ་མང་བ། སྤུས་ཀ་ལེགས་པོ་ཡོད། ཤེ་ཧུང་ཅང་ཚོགས་པའི་དམར་ཁྲིད་འོག་ས་གནས་དེ་གའི་མང་ཚོགས་ཀྱིས་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་མང་པོ་ཁོང་དུ་ཆུད་ཡོད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་ཚད་ལྡན་དཔེ་སྟོན་ཁུལ་གྱི་ནང་དུ་ཞིང་ལས་ཆེད་མཁས་པ་དང་སྤེལ་རེས་བྱེད་བཞིན་པ། འདི་ནི་དགེ་་རྒན་ཆེན་མོ་ཞེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོ་ཡི་གྲོང་མིར་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་སྟོན་བཞིན་པའི་ཚུལ་རེད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་ཚད་ལྡན་དཔེ་སྟོན་གླིང་གི་ཀུ་ཤུ་འགྲེམས་སྟོན་བྱེད་བཞིན་པའི་ཚུལ་རེད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོ་རུ་གྲོང་མིས་འདེབས་འཛུགས་བྱས་པའི་ཀུ་ཤུ་དང་དཔེ་སྟོན་གླིང་གི་ཀུ་ཤུ་གཉིས་དཔྱད་བསྡུར་བྱེད་བཞིན་པའི་ཚུལ་རེད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་གྲོགས་པོ་ཆུང་ཆུང་དང་ཀུ་ཤུ་མཉམ་སྤྱོད་བྱེད་བཞིན་པའི་ཚུལ་རེད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་གྲོང་མི་དང་མཉམ་དུ་ཡོད་པའི་ཚུལ་རེད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོར་ཀུ་ཤུ་འདེབས་འཛུགས་ཚད་ལྡན་དཔེ་སྟོན་གླིང་གི་དོ་དམ་པར་འདེབས་འཛུགས་ལག་རྩལ་ཁྲིད་སྟོན་བྱེད་བཞིན་པའི་རེད། འདི་ནི་དགེ་རྒན་ཆེན་མོ་ཞེ་ཧུང་ཅང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་གྲོང་མི་དང་མཉམ་དུ་འོ་ཇ་འཐུང་བཞིན་པའི་ཚུལ་རེད། འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་ཚད་ལྡན་དཔེ་སྟོན་གླིང་རེད། རྩོམ་སྒྲིག་པ། ཀླུ་མོ་མཚོ།
“ཀུ་ཤུའི་འབུམ་རམས་པས”བོད་ལྗོངས་ཀྱི་མི་སེར་ལ་ཕྱུག་འགྱུར་ལམ་བཟང་བཏོད་པ།
ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། : 2019-11-01 09:35:46
རྩོམ་སྒྲིག་པ། : lalong1985