ཤར་རྒྱལ་བ་ཙོང་ཁ་པ་མཆོག་གི་རྗེས་དྲན་དད་པའི་ས་བོན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཤར་རྒྱལ་བ་ཙོང་ཁ་པ་མཆོག་གི་རྗེས་དྲན་དད་པའི་ས་བོན།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : སྒ་ལུང་བློ་བཟང་བསྟན་འཛིན།  ཀློག་གྲངས །: སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

mmexport1543669364033.jpg653智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

 ཤར་རྒྱལ་བ་ཙོང་ཁ་པ་མཆོག་གི་རྗེས་དྲན་དད་པའི་ས་བོན།653智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                                                            མཚོ་སྔོན།  སྒ་ལུང་བློ་བཟང་བསྟན་འཛིན་གྱིས་གུས་བྲིས།
 
 
འགྲོ་ལ་ཕན་མཛད་དམ་པ་སྐྱབས་ཀྱི་མགོན།།
སེམས་ཀྱི་བདུད་བཏུལ་མ་ལུས་སེལ་བའི་མཆོག།
དགེ་ལྡན་ཤིང་རྟའི་སྲོལ་མཛད་ཙོང་ཁ་པ།།
ལུས་ངག་ཡིད་གསུམ་གུས་པས་ཁྱེད་ལ་འདུད།།
 
སུམ་རྩེན་ཡུལ་ལས་འགྲོ་དྲུག་འདྲེན་པར་བཞུད།།
ལྟ་བའི་ལེགས་བཤད་ལྔ་ཡིས་ལེགས་པར་སྟོན།།
ངག་གི་བདུད་རྩིའི་ནུས་པས་སྐྱོབས་པའི་དཔལ།།
ཕན་འབྲས་མ་ལུས་མཛད་ལ་གསོལ་བ་འདེབས།།
 
བློ༵་གྲོས་བསླབ་གསུམ་ནོར་བུའི་གདེང་ག་ཅན།།
བཟ༵ང་ཕྱོགས་ཉི་མ་གདུལ་བྱའི་སེམས་སུ་འཐིམ།།
གྲ༵གས་པའི༵་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ།།
སྐྱབས་གསུམ་དབྱེར་མེད་བླ་མ་རིན་པོ་ཆེ།།
 
རིགས་པའི་ལམ་ནས་རྒོལ་རྣམས་རྩོད་པས་བཟློག །
པུསྟིའི་པོད་རྣམས་ཡང་དག་ཚད་མས་གཞལ།།
འཆད་རྩོད་རྩོམ་ལ་མངའ་དབང་འབྱོར་བ་ཡི།།
ཡབ་གཅིག་རྒྱལ་བ་གཉིས་པ་ཕྱག་གི་ཡུལ།། 
 
གདུལ་བྱ་ཐབས་ཀྱིས་འདུལ་བའི་བླ་མ་མཆོག།
རྗེས་དྲན་དུས་མཆོད་གཙང་མའི་ལམ་ཕྲན་ལས།།
ཁྱེད་ཀྱིས་མཛད་རྣམ་ཡིད་སྨོན་འཆོར་བའི་བར།།
བདག་ཀྱང་ཁྱེད་རྗེས་འབྲང་བའི་བསོད་ནམས་ལྡན།།

 653智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论