རྗེ་བསྟོད་ཐར་བའི་ས་བོན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

རྗེ་བསྟོད་ཐར་བའི་ས་བོན།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཕྲེང་བ་ཅན།  ཀློག་གྲངས །: སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

mmexport1543674667411.jpgKUq智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

 ༼ རྗེ་བསྟོད་ཐར་བའི་ས་བོན། ༽KUq智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

 
ཀུན་རྫོབ་སྣང་བའི་འཇའ་རིས་རབ་གཏོར་ནས། །
དོན་དམ་ཆོས་ཀྱི་ཉི་མའི་འོད་ལ་བསྙེགས། །
བདུད་བཞི་གཡུལ་ལས་རྒྱལ་བའི་དཔའ་བོ་ཆེ། །
རྒྱལ་བ་ཙོང་ཁ་པ་ལ་གུས་པས་བསྟོད། །
 
འཆད་ན་མཁས་པའི་སྨྲ་སྒོ་དོག་པོར་བྱེད། །
རྩོད༵་ན་རྒོལ་ངན་སྟོང་གི་མགོ་བོ་འགེམས། །
རྩོ༵མ་ན་དབྱངས་ཅན་དགའ་མའི་ཞེན་པ་འཕེལ། །
མཁས་པའི་ཅོད་པན་དཔལ་གྱུར་བླ་མར་བསྟོད། །
 
ཐོས༵་པས་མ་ངོམས་གཞུང་ལུགས་ཞིབ་ཏུ་གཟིགས། །
བས༵མ་དཔྱོད་མ་ཉུང་གནས་ལུགས་ངོ་བོ་བཀྲལ། །
སྒོམ༵་པས་འབྲས་ཐོབ་རྒྱལ་བའི་རྒྱལ་སར་སོན། །
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཡིད་ཀྱིས་བསྟོད། །
 
ཕྱི༵་རུ་ཀུན་སྤྱོད་ས་བརྟོལ་ལྗོན་པའི་ཚལ། །
ནང༵་རྟོགས་ས་བཅུའི་འབྲས་བཟང་ཁུར་དུ་ལྕི། །
གས༵ང་གསུམ་ཟེའུ་འབྲུ་སྨིན་པའི་མགོ་བོ་དུད། །
རྒྱལ་སྲས་ཡོངས་འདུས་དབང་པོ་ལན་བརྒྱར་བསྟོད། །
 
སྐུ༵་མཛེས་དཔག་བསམ་ལྗོན་པའི་ཡལ་ག་རུ། །
ཞི་དུལ་ཨུ་དུམ་ཝ་རའི་འཛུམ་དཔལ་བཀྲ། །
ཚུལ་ཁྲིམས་དྲི་བསུང་ཕྱོགས་བཅུར་འཐུལ་བ་སྟེ། །
སྐལ་ལྡན་གདུང་བྱ་ངང་གིས་འདུ་ལ་བསྟོད། །
 
གསུ༵ང་ངག་དབྱར་གྱི་རྔ་ཆེན་གྲག་པའི་སྒྲ། །
ཟབ་གནད་སྟོང་པ་ཉིད་དང་དབུ་མའི་ལམ། །
རྟེན་འབྱུང་ལྟ་བའི་ང་རོ་བསྒྲགས་མཛད་དེ། །
འགྲོ་རྣམས་རྨོངས་གཉིད་དཀྲོགས་པར་མཛད་ལ་བསྟོད། །
 
ཐུག༵ས་བསྐྱེད་དྭངས་བའི་ཀུན་གསལ་དབྱིངས་རིམ་ནས། །
ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་རབ་ཏུ་རྒྱས། །
དམིགས་མེད་ཤེས་རབ་སྣང་བའི་ཟེར་སྟོང་སྤྲོས། །
ལྟ་ངན་སྨག་རུམ་མཐའ་བརྒྱར་བསྐྲད་ལ་བསྟོད། །
 
གཞོན་ནུ་དུས་ནས་འགྲོ་དོན་ལྷུར་བླངས་བའི། །
བྱམས་བརྩེའི་མིག་འབྱེད་དགེ་སློང་བློ་བཟང་གྲགས། །
རྒྱལ་བའི་བསྔགས་པའི་ཞྭ་སེར་བསྟན་པའི་སྲོལ། །
འཛིན་མའི་ཁྱོན་འདིར་གསལ་བར་མཛད་ལ་བསྟོད། །
 
གསང་ཡུམ་ཕྱག་རྒྱས་ཆོས་འཁོར་མ་བསྐོར་ཞིང་། །
ཐོབ་དང་འབྱོར་བའི་སྙན་གྲགས་མ་བསྐྲུན་ཀྱང་། །
ཀུན་གྱིས་མགྲིན་གཅིག་ཆོས་ཀྱི་རྒྱལ་པོ་ཞེས། །
ཆེ་བའི་ཆེ་མཆོག་འདུལ་འཛིན་དགེ་སློང་བསྟོད། །
 
མ་དག་འགྲོ་ལ་ཆོས་ཀྱིས་སྦྱིན་པ་ཆེ། །
དེ་ཡང་ཁམས་བསྟུན་ཐབས་མཁས་བཀོད་པ་ཆེ། །
གསུང་གཅིག་ཉིད་ཀྱིས་དགྲ་འདུལ་སྟོབས་པོ་ཆེ། །
སྐྱེ་དགུ་སྐྱོང་མཁས་སེམས་དཔའ་ཆེན་པོར་བསྟོད། །
 
གང་ལ་ཆགས་ཐོག་མེད་ཀྱང་འགྲོ་རྣམས་བརྩེ། །
ཀུན་ལ་མ་ལྟར་བྱམས་ཀྱང་བདུད་སྡེ་འཇོམས། །
མཉམ་ཉིད་གཟིགས་པ་མངའ་ཡང་བདག་གཞན་བརྗེས། །
ཡ་མཚན་སྐྱེས་མཆོག་ས་བཅུ་མཐར་སོན་བསྟོད། །
 
གྲུབ་མཐའ་ཕྱོགས་རེ་བ་དང་ཚིག་ཙམ་གྱིས། །
ཉིད་ཀྱི་ཐུགས་དགོངས་མ་ཚིམས་ཀུན་ལ་སྦྱངས། །
བདེན་གཉིས་དོན་གཟིགས་གནས་ལུགས་ཐུགས་སུ་གཏམས། །
བསྟན་པའི་མངའ་བདག་སྟོན་པ་གཉིས་པ་བསྟོད། །
 
འདི་ལྟར་བསྟོད་པའི་ཚིག་དང་དོན་གྱི་གནད། །
ཡིད་ཀྱིས་སྤྲུལ་བའི་དགེ་བ་གང་གཱའི་རྒྱུན། །
ཁྱེད་བསྟན་མཇལ་བའི་བསོད་ནམས་ཅི་བསགས་ཀུན། །
འགྲོ་ཀུན་རྫོགས་སངས་བགྲོད་བའི་རྒྱུ་རུ་བསྔོ། །
 
དུས་གསུམ་རྒྱལ་བ་ཀུན་འདུས་ཙོང་ཁ་པའི། །
བསྟན་པ་ཕྱོགས་བཅུར་རྒྱས་དང་དེ་འཛིན་རྣམས། །
ཐུགས་མཐུན་ཁྲིམས་གཙང་འགྲོ་བའི་དོན་སྒྲུབ་ཀུན། །
ཡིད་ལ་བསམ་པ་ཙམ་གྱིས་མྱུར་འགྲུབ་ཤོག །
 
ཕྲེང་བ་ཅན་ནས།
 
ཁ་པར་ཨང་གྲངས།
 
17174662333
17697062267
རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论