ཤིན་ཏུ་འཁྱག་པའི་གཞས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཤིན་ཏུ་འཁྱག་པའི་གཞས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : སྦྲང་བུ  ཀློག་གྲངས །: སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།
༈ཤིན་ཏུ་འཁྱག་པའི་གཞས།
 
 
            སྦྲང་བུ།དཀར་མཛེས།
 
ཞེན་པའི་མཁའ་རུ་སེམས་པ།།
གཡོ་བ་རླུང་གི་བྱེ་བྲག།
ཁྱེད་རང་སེམས་སུ་བོས་ནས།།
རྣམ་ཤེས་ཡུལ་ལ་མི་འདུག།
 
སིལ་སིལ་རླུང་གི་བྱམས་པ།།
ཐག་རིང་ཡུལ་ལ་འགྲིམས་སོང་།།
གཏའ་མ་སེམས་ཀྱི་སྐད་ཆ།།
འགྱུར་བའི་རི་མོ་ཨེ་འདུག།
ཆོ་འཕྲུལ་སྒྱུ་མའི་སྟེང་ལ།།
ཁྱེད་གཟུགས་ཝ་ལེར་ཝ་ལེར།།
སྣང་བའི་ཡུལ་ལ་ལོག་ཐལ།།
 
སེམས་བཅུད་ལྷ་རུ་འཕོས་ཀྱང་།།
རྟོག་པ་ཞེ་རུ་ལྡིང་བྱུང་།།
མཁའ་འགྲོ་ལས་ཀྱི་གཙང་མ།།
ཐག་རིང་ཞིག་གི་སེམས་སུ།།
མ་མཇལ་ཡུན་རིང་བྱུང་སོང་།།
 
ཅི་ཞིག་སྐད་ཆ་འདྲི་ཞོར།།
ཞལ་རས་སེམས་ཀྱི་མེ་ཏོག།
སྣང་བའི་ཡུལ་ལ་ཐོགས་ནས།།
ཅི་བསམ་ངག་ལས་བྲལ་སོང་།།
ནོར་བུ་གླིང་ཁའི་མི་ལ།།
ཞེ་འདྲིས་དར་སྐུད་རྒྱག་བྱུང་།།
གཡུ་ཆུང་ཤེས་རབ་ལྷ་མོ།།
སེམས་འཕྲིན་གང་ན་གཏོང་ན།།
བར་སྐོར་གླིང་ན་ཨེ་འབྱོར།།
 
དང་པོ་ལས་འཕྲོ་བསམས་ནས།།
ཉི་མ་ལྷ་སའི་ཕྱོགས་ལ།།
ཅོལ་ཆུང་སེམས་པའི་ངལ་དུབ།།
ལྗོན་པའི་རྩེ་ནས་འབབ་ནས།།
ཤེས་རབ་ལྷ་མོའི་འགྲམ་དུ།།
རྨི་ལམ་ཞིག་གི་དུས་ཚོད།།
དེ་རུ་རྐྱང་པར་ལུས་སོང་།།
 
ནམ་ཞིག་ལུས་པའི་སྐད་ཆ།།
ད་ཞག་གང་དུ་ཡོད་དམ།།
གསང་བ་མུ་ཏིག་དཀར་པོ།།
ནོར་བུ་གླིང་ཁའི་མི་ལ།།
ཞུ་ཕོད་གཏོང་བ་བསམས་བྱུང་།།
 
ཨེན་ཙམ་བྱུང་བའི་དུས་ཚོད།།
ལྷ་སའི་བར་སྐོར་གླིང་རེད།།
ཕྱག་གསུམ་འཚལ་བའི་བསམ་པ།།
ལྷོད་པོ་ལྷོད་པོར་མི་འདུག།
དྲན་ཤེས་ཅང་ཤེས་འདྲ་བོ།།
གཡེང་བ་ཁྲི་ཕྲག་སྟོང་རེད།།
 
རང་སེམས་སྐད་ཅིག་མོད་པོ།།
དུང་སེམས་རྒྱུད་སྐུད་གཏོར་ནས།།
ནོར་བུ་གླིང་ཁའི་མི་ལ།།
ཚིག་གིས་མདུད་པ་རྒྱག་ཡོད།།
དབུས་ལམ་རང་སེམས་གཙང་མ།།
ལྗོན་པའི་མཁའ་རུ་འབབ་ཀྱང་།།
དོན་ཡོད་མེ་ཏོག་དམར་པོ།།
སེམས་ཁྲུས་ཏོག་ཙམ་གནང་རོགས།།
 
 
                                                   2018 11 29 ཉིན།
རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论