ཞར་བཀོད་ཚན་པ་གཉིས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཞར་བཀོད་ཚན་པ་གཉིས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : བྱ་རས་བརྩམས།  ཀློག་གྲངས །: སྤེལ་དུས། : 2018-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞལ།
 
བལྟས་པ་ཙམ་གྱིས་མགུ་བའི་ཞལ།།
ལས་ཀྱིས་རྨོས་པའི་མེ་ཏོག་ཡིན།།
འདང་གི་ལན་དུ་འཁྲེང་བའི་ཞེ།།
གསེར་གྱི་རྡོ་རྗེ་མགར་མ་ཡིན།།
སྒུག་པའི་བར་དུ་བྲིས་པའི་ཁྱོད།།
སྨྲེང་བའི་ལོ་ཡི་གཏམ་གྱི་ཚབ།།
དྲན་པ་ཆེན་པོའི་ཚིག་མཛོད་ཡིན།།
མི་ཚེའི་གཙང་བོ་བརྒལ་བའི་གྲུ།།
གཏན་གྱི་འདུན་མར་བྱུང་བའི་རླབས།།
སྣང་བའི་མཛེས་པ་ཁུར་བའི་རྟ།།
སེམས་ཀྱི་རྩྭ་ཐང་བརྒྱུད་ནས་འགྲོ།།
 
         བྱ་རས་བརྩམས།
        2018 11 1
 
དགུན་གྱི་མེ་ཏོག
 
ནང་སེམས་ཀྱི་མཛེས་པ་མཐར་ཐུག
དགུན་གྱི་མེ་ཏོག་གི་འཇོ་སྒེག
ཁྱེད་ཀྱི་འཛུམ་མདངས་གང་ཉིད
བདག་ལ་ཨ་ལན་མེད་པའི་ཞལ་རས
 
❄་ཀྱེ”བདག་ནི་ཧ་ཅང་སྐྱོ་བས
དགོངས་དག་གི་སྨྲ་བ་ཆད་སོང
ཡང་གཅིག་བཤད་ན
ངའི་མིག་ཆུས་ཁྱོད་ལ་དགོངས་དག་ཞུས་པ་འདྲ
 
བརྩེ་བའི་ཨ་སྔོན་གྱི་ཀློང་ན་བཞུགས་པའི
བདག་སེམས་ཀྱི་ཟླ་བ་ལྷ་མོ་ལགས
ཁྱེད་ཀྱི་བརྩེ་དུངས་ཀི་སྒོ་གཏན་པའི་ངའི་སྐད་ཆ
སྐྱེས་མ་ལགས”ང་ཁྱེད་ལ་རབ་ཏུ་དགའ”ཞེས་བཤད
 
2018 12 23 མཚན་སྨད་ལ་བྲིས།
qXG康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论