གཡེར་མོའི་རྩོམ་ཐུང་གཉིས།
རྨི་ལམ་གྱི་གཞས།
གཡེར་མོ། སྡེ་དགེ
གཞོན་ནུ་མའི་རྣ་རྩེ་རུ
མེ་ཏོག་ཅིག་ཆ་ཡོད་ཀྱི་ཚུལ་དུ་བཞད་པ་ནས་བཟུང
སྐུ་ཞབས་ཁྱོད་བློ་བདེ་བག་ཕེབས་ངང་བཞུགས་མྱོང་ངམ
མེ་ཏོག་གི་བསུང་ངད་ན
དྲན་པའི་འོབས་སུ་བཏབ་ཉིན་ནས
སྒོ་དང་སྒེའུ་ཁུང་ལས་ཀྱང
མུན་པ་དང་ཆར་རླུང་བརྫུས་ནས་སླེབས
ད་ཆར་ཁྱོད་ཀྱིས་དྲོད་འཇམ་གྱི་ཉི་འོད་མཐོང་མྱོང་མེད་ལ
དེ་ལས་ཀྱང་དབྱར་གཞུང་ངོ་མ་རོལ་མྱོང་ཐུབ་ཀྱིན་མེད
ཁྱོད་ཀྱི་སྒྲེན་གཟུགས་ཀྱི་ཕུང་བོ་འང་མེ་ཏོག་བཞིན་སད་ཀྱིས་བཅོམ་འགྲོ་ཨང
སྣང་བ་རླུང་ཡོན་མ།
ཁྱེད་ཀྱི་སྡུག་བསྔལ་བའི་ན་ཟུག་ནི
ང་ཡི་ཤ་རུས་ལ་ཡང་ཡང་ཐིམ
མདང་གི་རྨི་ལམ་ནང་ནས
ཁྱེད་ཀྱི་མགྲིན་པ་ནས་བཙི་བའི་ངག་དེས
བདག་གི་སེམས་ཉིད་ཡུན་གྱིས་མག་མོག་གྱུར
ངས་སྐྱོ་ཡུས་མཐའ་དག་ཁེར་ཧྲེང་ངང་ཐ་སྙད་ཀྱིས་བཙེམས་ཏེ
སྒྱུ་འཕྲུལ་དང་འཆར་ཡན་གྱི་འཁོར་བ་བཞེངས