མགར་མེ་དུངས་ལགས་ཀྱི་སྙན་ངག་ཚན་པ་གསུམ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

མགར་མེ་དུངས་ལགས་ཀྱི་སྙན་ངག་ཚན་པ་གསུམ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : མགར་མེ་དུངས། (དཀར་མཛེས། )  ཀློག་གྲངས །: སྤེལ་དུས། : 2019-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇིག་རྟེན་ཁྲ་ཁྲ་ལ་བསྲེས་པའི་མགུར་གླུ།WYO智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                                 མགར་མེ་དུངས། (དཀར་མཛེས། )
འཁོར་བའི་གཞུང་ལམ་འདི་ལ་མཐའ་མེད་དོ།།
འདོད་པའི་མེ་ལྕེ་འདི་ལ་མཐའ་མེད་དོ།།
ངར་འཛིན་འུར་ཟིང་འདི་ལ་མཐའ་མེད་དོ།།
རྨི་ལམ་རིང་མོ་འདི་ལ་མཐའ་མེད་དོ།།
བྱེ་མའི་ཐང་ཆེན་འདི་ལ་མཐའ་མེད་དོ།།
འཆར་སྒོའི་ཚིག་ཉོག་རེ་ལ་མཐའ་མེད་དོ།།
མི་ཚེ་བགྲོད་ལམ་རིང་མོར་མཐའ་མེད་དོ།།
འཇིག་རྟེན་ཁྲ་ཁྲ་བསྣོལ་བའི་སྐྱིད་སྡུག་ན།།
མི་བདེ་སྡུག་གི་གཡབ་མོའི་ངང་ཚུལ་འདིས།།
མཐའ་མེད་འཁོར་བའི་དུར་སར་ཡམ་ཡོམ་དེ།།
བྱེ་རླུང་བུ་ཡུག་འཚུབ་འཚུབ་གེགས་རྩུབ་ངོས།།
ངོམས་མེད་རི་མོའི་དུང་པའི་རྨི་ལམ་བཞག།
ཡི་ཐང་ཆད་པའི་ཚད་མེད་ལྕགས་ཀྱུ་ཡིས།།
མངོན་ལྐོག་ཀྱ་གེ་ཀྱོག་གི་སྐྱོ་ཚུལ་མགུར།།
                                        2019/8/29 
 
སྙན་ངག་པ་དབལ་སྲོད་རླུང་།
                མགར་མེ་དུངས།    (དཀར་མཛེས།)
ཕ་ཡུལ་ཡུལ་ལུང་གཅིག་པའི་མི་ཞིག་དྲན།།
དྲན་ཚུལ་བབ་ཅོལ་ཞིག་གིས་རང་སེམས་བསླུས།།
ཞེ་ལ་འབབ་མོ་སོང་བའི་བག་ཆགས་བཞག།
ལས་ཀྱི་མོས་པ་ཞིག་གི་དབང་ཤོར་བས།།
བརྩམས་པའི་ལུས་དྲོད་སེམས་ལ་བབ་མོ་ཞིག།།
མ་ཟད་མི་དགེ་བ་ཡང་ཧ་ཅང་སྙན།།
རེད་དེ་རང་སྡེ་མི་ཚོའི་ལབ་གླེང་བར།།
བྲིས་པའི་ལུས་དྲོད་འུད་བརྗོད་ཆེ་སོང་ཟེར།།
དྲན་ཚུལ་སྙིང་རྗེ་འདི་འང་ཐལ་སོང་བརྗོད།།
སྲོད་རླུང་ཁྱོད་ཀྱི་ལྟ་བ་འགྱུར་སོང་བཤད།།
དེ་ཙམ་ཚད་ལས་བརྒལ་བའི་བཤད་སྟངས་ཞིག།
མི་བུ་དེ་ཚོའི་སྟོང་བསམ་ལུང་པ་གང་།།
གོན་ནས་ལ་དང་ལ་མོ་བརྒལ་ན་ཡང་།།
མཁས་པའི་གཤོག་ཡ་བླུན་པོའི་མི་ཁེབས་པར།།
སྟོང་བསམ་འཁྲུལ་སྣང་ཞིག་གི་འགྲོ་ལམ་ཉུལ།།
ཐོག་མའི་ལག་འཇུ་བསམ་བློའི་ཁོར་ཡུག་དང་།།
ཁྲི་དར་ལྷ་ལུང་དཔལ་རྡོར་དཔྱད་བརྗོད་སོགས།།
འཆར་སྒོ་དེ་དག་གྲལ་དག་སྒྲོས་གཙང་ཞིག།
ཅི་འདྲིས་ཀློག་ན་སྙན་པའི་ཚོད་ཅིག་རེད།།
བདེན་དོན་གདོང་ལ་སེམས་ཚོར་འབྲི་མཁས་པ།།
རང་སྡེས་མི་ཚོགས་ཁྲོད་ཀྱི་རྒྱན་ཅིག་རེད།།
བྲིས་པའི་སྒེར་དེབ་ལུས་ཀྱི་དྲོད་ཞིག་རེད།།
སྙན་པའི་ངག་གི་ཁྱབ་པའི་དབལ་སྲོད་རླུང་།།
ཁྱོད་ཀྱི་དྲི་ཙམ་བྲོ་ན་ཨེ་མ་རྨད།།
 
མཆན།
 
ལུས་དྲོད།      ཁོ་བོའི་སྒེར་དེབ་ཅིག
མི་དགེ་བ།      ཁོ་བོའི་སྒེར་དེབ་ཅིག
ཐོག་མའི་ལག་འཇུ།       སྒེར་དེབ་ལུས་དྲོད་ནང་འཁོད་པའི་བརྩམས་ཆོས་ཞིག་གི་ཁ་བྱང་།
བསམ་བློའི་ཁོར་ཡུག     སྒེར་དེབ་ལུས་དྲོད་ནང་འཁོད་པའི་བརྩམས་ཆོས་ཞིག་གི་ཁ་བྱང་།
འཁྲི་དར།               སྒེར་དེབ་ནང་གི་དཔྱད་རྩོམ་ཞིག
ལྷ་ལུང་དཔལ་རྡོར།     སྒེར་དེབ་ནང་གི་དཔྱད་རྩོམ་ཞིག
 
                     2019/9/9
 
གྲོགས་དམ་པ་སེམས་ཀྱི་སྒྲུང་ཞིག་རེད།
                             མགར་མེ་དུངས།    (དཀར་མཛེས།)
སྡེ་ཆེན་པོ་གན་སྲིད་པའི་སྒྲུང་རེད།།
དེ་ལོས་ཡིན་དེ་འཁོར་བའི་འཆིང་རེད།།
འཁོར་འདས་པོ་གན་བྱེ་མའི་ཐང་གི།
མྱི་མདངས་ཆེན་ཞིག་བྱིས་གྲོགས་དམ་པ།།
སེམས་གངས་དཀར་གྱི་དཀྱིལ་ཁང་ནས་ན།།
མདངས་ཆེན་པོ་ཁྱོས་དོན་སྤྱི་བཏགས་ནས།།
ཞེ་དགའ་དུང་གིས་ཚིག་འབྲི་མོད་པོ།།
བར་རྒྱུན་ཆད་ཀྱི་མི་གེ་བརྒལ་ནས།།
ཆུང་ཆུང་ལོ་ཁྱོད་དྲན་ཐེངས་རེ་ལ།།
སྙིང་ཡ་ཁོག་ནས་དྲོད་ཅིག་རྒྱས་བཞིན།།
གཏམ་མང་པོ་ཞིག་ཆིག་ལབ་བྱས་ནས།།
དགུན་ཙག་རླུང་ཞིག་གཡུགས་དུས་དྲན་གི།
གྲོགས་དམ་པ་ཁྱོད་འཁྱག་འགྲོ་བསམ་ཚེ།།
དབྱར་ཚ་བ་ཞིག་བསླེབས་དུས་དྲན་གི།
དྲོད་ཚ་མོ་འདིས་ངར་འགྲོ་དོགས་ཞོར།།
ལུས་ཕུང་པོ་འདི་འཁྱག་སྦྱར་སོང་།།
 
                                 2019/9/18
རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论