བྱེའུ་ཆུང་།
སྨྲ་སྙུག་གྲོལ།
བྱེའུ་ཆུང་དེས།
གནས་ལུགས་ཀྱིས་མཁའ་ལམ་བརྒལ།
ལུགས་མཐུན་གྱིས་ཁ་ཟས་འཚོལ།
བདེན་དོན་གྱིས་ཡལ་གར་འཇུས་དུས།
སུ་ཞིག་གི་ངོ་ལ་གཤོག་ལྕག་རྡེག་མེད་ཀྱང་།
གཟེབ་དྲ་རུ་ཚུད་སོང་།
བྱེའུ་ཆུང་ལགས།
གཤོག་པ་བཅད་རྗེས།
རྐང་པར་བརྟེན་ནས་འགྲོ་རྒྱུ་མ་བརྗེད།
ནམ་ཞིག
ངམ་ནག་པའི་གཟེབ་དྲ་འདི་ཐོར་ཏེ།
ཟྭ་ཆེན་དང་ལྕགས་སྒྲོག་འདི་གཉིས་ལས་གྲོལ་དུས།
རང་དབང་ཁོ་ནའི་མིག་ཟུང་བཙུམ་སྟེ།
ནེམ་ལྗང་ལྗང་གི་ཡལ་ག་ཐོག་ལ་གཉིད་དེ།
ཉི་འོད་ཀྱི་དྲོད་འཇམ་རྨིས་ཆོག