འབྲོག་ཐང་ནས་རྙེད་པའི་སྙན་ངག (ཚན་པ་ལྔ།)
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

འབྲོག་ཐང་ནས་རྙེད་པའི་སྙན་ངག (ཚན་པ་ལྔ།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​(མཚོ་ལྷོ)གངས་ཁ་བ།  ཀློག་གྲངས །: སྤེལ་དུས། : 2019-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡབ་ཡུམ་ཟུང་ལ་མཇལ་རྗེས།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཨ་ཕའི་རྒས་གཉེར་གྱི་རི་མོ་རེ་རེས། ང་ལ་ལོ་ཟླ་རླུང་གིས་ཟོས་པའི་སྒྲུང་རིང་ཞིག་གི་སྒྱུ་རྩལ་འཆད་ཀྱིན་འདུག ཁོང་གི་སྒམ་བརླིང་དང་ཨུ་ཚུགས་ཀྱིས། ང་ལ་འཇིག་རྟེན་གྱི་གྲུ་ག་གཞན་ཞིག་སྟོན་གྱིན་འདུག རྣག་ཁྲག་དང་སེར་གས་ཁེངས་པའི་ཨ་མའི་ཕྱག་ཟུང་གིས། རྡོ་ལ་བརྐོས་པའི་འཇིག་རྟེན་གྱི་བསླབ་བྱ་ལེགས་ཤོས་དེ་གནང་གིན་འདུག བྱམས་བརྩེས་ཁེངས་པའི་སྤྱན་ཟུང་དང་དལ་ལྷོད་མེད་པའི་བརྩོན་འགྲུས་ཀྱིས། ང་ལ་འཇིག་རྟེན་གྱི་ཆེས་དྭངས་ཤོས་དང་ཟབ་ཤོས་དེ་གནང་གིན་འདུགC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ལམ་བར་དུ་དཔྱིད་ཆར་བབས་པ།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

བོབས་ཤིག བོབས་ཤིག སྟོབས་ཀྱིས་བོབས་ཤིག དྲག་ཏུ་བོབས་ཤིག གཞན་གྱི་མདུན་དུ་ཆག་ལ་ཉེ་བའི་ངའི་སྒལ་ཚིགས་འདི་ཁྲུས་ཤིག ཁ་ཡག་དང་གཞན་སྐྱོན་ལབ་པར་མཁས་པའི་ངའི་ཁ་འདི་ཁྲུས་ཤིག གོ་གནས་དང་སྙན་གྲགས་ཁོ་ནར་མཐོང་བའི་ངའི་མིག་འདི་ཁྲུས་ཤིག དངུལ་ལོར་དང་སྙན་པ་ཁོ་ན་གཉེར་བའི་ངའི་རྣ་གཤོག་འདི་ཁྲུས་ཤིག གཙང་མ་མིན་པའི་ངའི་ལག་པ་དང་བརྟན་པོ་མིན་པའི་ངའི་རྐང་པ་འདི་ཁྲུས་ཤིག མགོ་ནས་མཇུག་བར། ཕྱི་ནས་ནང་བར། མི་གཙང་པ་དང་ལྗན་ལྗིན་དག་ཁྲུས་ཤིག མི་མཛེས་པ་དང་མི་སྙན་པ་དག་ཁྲུས་ཤིག ཁྲུས་ཤིག ཡང་དང་བསྐྱར་དུ་ཁྲུས་ཤིགC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

བཙས་མ་ཐག་པའི་བེའུ་ཞིག་དང་ཕྲད་པ།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

དཔྱིད་ཀ་ནི་རེ་བ་མཚོན་བྱེད་དུ་ངོས་བཟུང་ནC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཁྱོད་ནི་དཔྱིད་ཀར་བཞད་པའི་ལྗང་མྱུག་ཉག་གཅིག་རེདC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཤན་པའི་རལ་གྲི་མ་ཕྱར་གོང་ལC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཁྱོད་ཉིད་གནམ་ལྡིང་ས་ལྡིང་བགྱི་རོགསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

བདག་པོས་རྡང་ལ་མ་བཏགས་གོང་ལC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཁྱོད་ཀྱིས་ངུར་སྐད་ལན་གསུམ་རྒྱག་རོགསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རང་བྱུང་ཁམས་སྔས་སུ་བྱས་ནས་ཁྱོད་ཀྱིས་རྨི་ལམ་ཐེངས་ཤིག་རྨི་རོགསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཞིམ་མངར་ནུ་ཞོར་རོལ་བཞིན་ཁྱོད་ཀྱིས་ངལ་གསོ་ཐེངས་ཤིག་གནང་རོགསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ལམ་བར་དུ་བཞུར་བའི་ཆུ་སྒྲར་མཉན་རྗེས།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རོལ་དབྱངས་ཤིག་དཀྲོལ་འདྲའི་ཁྱོད་ཀྱི་དབྱངས་རྟསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ངའི་ངལ་དུབ་ཀྱི་རྡུལ་སྨུག་དྭངས་སོངC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

འོ་མ་ཞིག་བཏུང་འདྲའི་ཁྱོད་ཀྱི་རོ་བྲོསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ངའི་ལྟོགས་སྐོམ་གྱི་འཆིང་ཞགས་ལྷོད་སོངC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྟ་མཆོག་ཅིག་འདྲོགས་འདྲའི་བཞུར་རྒྱུན་གྱིསC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ངའི་ཉེན་འཚུབ་ཀྱི་མདའ་ཁེབས་སྒུལ་སོངC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

མངར་བ། བསིལ་བ། འཇམ་པ། ཡང་བ། དྭངས་པ། གཙང་བ། མགྲིན་པར་མི་གནོད་པ། ལྟོ་བར་ཕན་པ་སྟེ། ཁྱོད་ནི་འཇིག་རྟེན་དྭངས་རྩེ་ཀུན་གྱི་ཡང་རྩེ་རེད། མྱུར་བ། མཛེས་པ། སྙན་པ། མཚར་བ། ལེགས་པ་སྟེ། ཁྱོད་ནི་འཇིག་རྟེན་སྙན་མོ་ཀུན་གྱི་ཉིང་བཅུད་རེད།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རེས་འཁོར་ནང་དུ་བྲིས།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྒྱུས་མེད་ཀྱི་ངོ་གདོང་རེ་རེ་ནིC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ཐ་སྙད་གང་གིས་ཀྱང་མཚོན་མི་ཐུབ་པའི་ལྐོག་གྱུར་གྱི་གསང་བ་ཞིགC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རེས་འཁོར་ནི་འདྲོགས་རྒྱུ་མེད་པའི་རྟ་རྒན་ཞིག་དང་འདྲ་བར། མི་རྣམས་ཀྱི་དམིགས་འབེན་གྱི་ཕྱོགས་སུ་ཕྱིར་བལྟས་མེད་པར་རྒྱུགC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

ལམ་འགྲམ་གྱི་བྱ་དངོས་དག་ལ་གྱེས་བརྡ་ཞིག་ཀྱང་གཏོང་ཁོམ་མ་བྱུང་བར་མདུན་དུ་རྒྱུགC4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།C4Y康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论