4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་དཀྱིལ་ཚེ་བཀྲ། རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་ཤིང་། ད་ལྟའི་བར་དེང་རབས་བོད་ཀྱི་ལྷུག་རྩོམ་སྙན་ངག་གཙོ་བྱས་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་གི་ཚགས་དེབ་དང་དྲ་བ་སོགས་སུ་བཀོད་དང་འགོད་མུས་སུ་མཆིས་ལ། སྙན་ངག་དང་ལྷུག་རྩོམ་རེ་འགའ་དབྱིན་ཇི་དང་རྒྱ་ཡིག་སོགས་སུ་བསྒྱུར་ཡོད། 2002ལོར་སྙན་དེབ་ཐོག་མ་《ཕུག་རོན་གྱི་རྣམ་ཤེས་》ཞེས་པ་པར་བསྐྲུན་བྱས་ཤིང་། 2016ལོའི་ཟླ་8པར་མི་རིགས་དཔེ་སྐྲུན་ཁང་ནས་ལྷུག་རྩོམ་དེབ་《ཕར་རྒྱབ་ཀྱི་ལོ་ཟླ་》པར་བསྐྲུན་བྱས། 4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཡིན།4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་དགུ་བ།
4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་དགུ་བར ཕར་རིའི་སྤོ་རུ་བཙུགས་ཤིང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚུར་རིའི་རྡང་ལ་བཏེགས་པའི་བརྩེ་བ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆུ་མོའི་གཞོང་དུ་འབབ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་དགུ་བ་ནི་ལྡེབས་རིས་ཤིག་རེད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གླུ་གཞས་ཤིག་རེད སྙན་ངག་ཅིག་རེད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་དུང་མཛེས་སྡུག་གི་རྨི་ལམ་ཞིག་ཀྱང་ངོ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནམ་མཁའ་སྔོ་ཡུག་ཡུག་གི་མེ་ལོང་ཞིག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་གཞི་སེར་ལམ་ལམ་གྱི་ས་སྲོད་ཅིག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཡུལ་མི་ཚོའི་རྔུལ་ཆུ་དག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གསེར་གྱི་གཞོང་བའི་མཐིལ་དུ་ཐིག་ལེར་འགྲིལ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་གཞི་དང་ནམ་མཁའ་ཧྲིལ་བོར་ཚོན་མདངས་བཀྲ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གྲོང་ཚོ་དང་རི་ཆུའང་ཚོན་མདངས་ཉིད་དེ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནོར་ལུག་དང་སྟོན་ལོའང་ཚོན་མདངས་བཀྲ་བའི་སྐར་ཚོམ་དང་མཚུངས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་དགུ་བས སུ་ཡི་ཞེན་ཆགས་དང་ལོངས་སྤྱོད་ཁྱེར་ནས་འགྲོ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་རོག་གེར ཁ་རོག་གེར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྣུམ་ཚོན་གྱི་རི་མོ་ཞིག་ཁྱུར་མིད་བཏང་རྗེས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བསིལ་རླུང་གིས་རལ་གྲི་ཞིག་འཕྱར་ཅིང་འོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མེ་ཡི་ཐ་སྙད་ཚོགས་འཇིགས་སླ་བའི་རལ་གྲི་དེ་ལ་དངོ་མི་འདུག་ཀྱང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རི་ཆུར་རྡེག་ནས་རྨས་པར་བྱེད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཉི་འོད་འགེམ་ནས་བསྣུན་བར་བྱེད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཏག་ཏག དུས་ཚིགས་འདིར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་ཟླ་གྲངས་མེད་འདས་རྗེས་ཀྱི་དུས་ཚིགས་འདིར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྗེས་ལུས་ཐེབས་པའི་ཁུག་རྟ་ལྷོ་ཕྱོགས་སུ་འཕུར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་ལེགས་བྱུང་བའི་འབྲུ་རླབས་དྲག་ཆར་གྱིས་བསྡུ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བརྩེ་བ་འཕྱུར་བའི་སྙན་ངག་པས་རང་ཤི་བརྒྱག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རེ་བ་དང་ཉམ་ང་འཁུར་བའི་སྟོན་ལོ་རྒྱང་དུ་བཞུད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་དགུ་བ ས་ཆེན་ལ་སྡུག་ཡུས་ཁོ་ན་བསྐྱུར ཟླ་དགུ་བ།4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁེར་རྐྱང་།4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་བ་བབས་རྗེས ས་ཆེན་གྱི་བྲང་ངོས་སུ་རི་མོ་བྲིས་ཆོག་ཀྱང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆར་བ་བབས་རྗེས ས་ཆེན་གྱི་བྲང་ངོས་སུ་ཚོད་བགམ་ཇི་ལྟར་བྱ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཚོ་བ་ནི་བྱེ་ཟེགས་ཀྱི་རླབས་རིས་རིམ་པར་མངོན་པའི་ལོ་ཟླ་སྟེ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མུན་པའི་བརྩེགས་རིམ་བརྒལ་བའི་འོད་ཀྱི་ཐིག་ལེ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁེར་རྐྱང་དང་རྗེན་རྗེན་དུ་འགྲེང་བའི་གྲིབ་གཟུགས་ནག་པོའི་རྒྱབ་ལོགས་སུ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རླུང་གིས་བདས་ཤིང་རྒྱང་དུ་གྱར་བའི་ལོ་མ་ཁེར་འགྲོས་བཞིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སུ་ཡི་སྙིང་ལ་སིམ་འགྲོ དྲན་པའི་ལྡེབས་སུ་བཀལ་ཡོད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དབྱར་གྱི་ཞོགས་པ་ལྟ་བུའི་དུས་ཚིགས་ཤིག་ལ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆར་བ་བབས་རྗེས་འཇའ་རིས་འཚེར་དུས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་ལྟ་བུའི་དྭངས་གཙང་གི་རྩྭ་ཟིལ་ཁོ་ན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཤེལ་གྱི་བུམ་པར་བསྐྱིལ་བའི་དྲན་ཤིང་གི་བུ་ལོན་ཉིད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་ཆར་ཆུའི་ཐིགས་པ མཚན་མོའི་ཆར་ཆུའི་ཐིགས་པ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལག་ཟུང་གི་འཁྱོར་བའི་ནང་བཅུ་ཐབས་བྲལ་བའི་མཚན་མོ་འདིར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གས་ཆག་ཤོར་བའི་ཟླ་བ་མཐོང་རྒྱུ་མི་འདུག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་ཆེན་པོར་ཁྲུས་གསོལ་གནང་བའི་ཆར་བ་ཟམ་ཟིམ་གྱིས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྒོ་དང་སྒེའུ་ཁུང་བརྟོལ་ནས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སུ་ཡི་སེམས་ཁོང་བརླན་ཡོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆུ་ཐིགས་འཛར་བའི་དུས་ཚོད་ཀྱི་གདོང་གའམ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྒོ་ཆེན་ཕྱེས་པའི་ནམ་མཁའི་མཐའ་རུ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རི་ཚོགས་ཀྱི་གྲིབ་གཟུགས་ནག་པོ་རིང་ནས་རིང་དུ་ཕྱིན་ཅིང ཡང་བསྐྱར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རིང་ནས་ཉེ་རུ་བཅར་གྱིན་པའི་སྣང་བ་བན་བུན་འདི4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚེ་སྲོག་གི་མཐའ་ལ་ཟུག་པའི་འཇའ་འོད་བཞིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྲོད་ཀྱི་དབྱིངས་ལ་དཔྱངས་པའི་ཉི་འོད་དང་ཀུན་ནས་མཚུངས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྒྱུན་པར སྐྱ་རེངས་དང་ས་སྲོད་ལས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐྱེ་འཆི་ཡི་ལྡེབས་རིས་ཤིག་སྣང་བ་བཞིན 4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དོ་ནུབ ཆར་བའི་ཤག་སྒྲ་ལས 4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མཆི་མ་འཁོར་བའི་མིག་ཟུང་ཞིག་དྲན་ནའང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མུན་པའི་ཁ་དོག་ལས 4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འོད་སྣང་སྦྲུམ་པའི་ཞོགས་པ་ཞིག་ཡེ་ནས་མ་མཐོང་། 4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སར་ལྷུང་བའི་ལོ་མ།4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོན་མཇུག་གི་རླུང་བུ་ཕ་ཡུལ་ཕྱོགས་སུ་གཡུག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕ་ཡུལ་གྱི་ནམ་མཁའ་དང་ས་གཞི་མྱ་ངམ་གྱིས་གཟིར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐྱེ་འཆིའི་འདམ་ལ་དཔྱངས་པའི་ཆུ་ཚོད་དག་དྲན་ཚེ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གཟེར་བྲང་བྲང་གི་སེམས་པར་ནོངས་པ་འགོག་མེད་དུ་འཕྱུར་འོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སར་ལྷུང་བའི་ལོ་མར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐྱེས་སྟོབས་ཀྱི་མྱུ་གུ་དང་ཡིད་འོང་གི་འདབ་ལོ་རྒྱས་སྐད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མི་སེམས་ལ་རེ་བ་དང་ཁོར་ཡུག་ལ་མཛེས་སྡུག་བསྣན་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚ་གདུག་ལ་བསིལ་གྲིབ་དང་ཚེ་སྲོག་ལ་ལང་ཚོ་བསྐྲུན་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་ནི སར་ལྷུང་བའི་ལོ་མ་ལ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བརླན་གཤེར་དང་ཉི་འོད་མཁོ་དོན་མི་འདུག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བྱིའུ་ཆུང་གི་གྲེ་འགྱུར་དང་ལོ་ཟླ་ཡི་རྨི་ལམ་ཡང་མཁོ་དོན་མི་འདུག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཁྱག་གྲང་གི་ནམ་ཟླས་ས་ཆེན་གྱི་གསུས་ཁོག་གཤགས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལྗང་ནེམ་གྱི་ལོ་མ་ས་ཆེན་གྱི་བྲང་ལ་འབྱར་ཡང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངུ་ཤུམ་འདོན་མི་སྲིད་དེ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁེར་རྐྱང་གི་སྣང་བའང་ཡེ་ནས་འཁོར་མི་སྲིད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་ནི རི་ཆུའི་བརྩེ་བ་སྙིང་ལ་ཉར་བས་ཆོག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨོན་པའི་ནམ་མཁའ་སྔོན་པོ་ཡིན་པས་ཆོག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་ནི བསིལ་རླུང་འཇམ་པོ་ཞིག་གིས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རི་བོའི་ཕ་རོལ་ཏུ་ཁུར་ན་དེ་བས་ཀྱང་ཆོག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྒས་ཟིན་པའི་མིག་མདངས་དང་འདྲ་བའི4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རི་ལྡེབས་བརྒྱུད་པའི་ཉི་མ་ལ་ཕྱིར་བལྟས་མི་འདུག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དེ་ནི་གཏམ་རྒྱུད་དང་ལོ་རྒྱུས་གང་ཡང་མ་ཡིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དེ་ནི་འཇིག་ཉེན་གྱི་ཚོར་བས་མ་ཟིན་པའི4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུས་མཚམས་ཤིག་གི་སྔ་ཕྱིའོ། 4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རབ་རིབ།4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་རྨི་ལམ་ནག་པོ་ཞིག་རྨིས་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་ནག་པོ་དེ་སྐར་འོད་ཕྲན་ཙམ་བཞིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨག་རུམ་གྱི་ཟབ་ས་ན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མཚན་མོ་དང་ལྷན་དུ་ལྕུག་ལྕུག་སྐྱོམ་ཞིང་འདར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་རྨི་ལམ་དཀར་པོ་ཞིག་རྨིས་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་དཀར་པོ་དེ་རྐང་རྗེས་ལེབ་མོ་བཞིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དགུན་གཞུང་གི་ཁ་བའི་ཁྲོད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གྲང་ལྷགས་དང་ལྷན་དུ་རྒྱང་ལ་བྱེར་ཅིང་གྱེས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་རྨི་ལམ་སེར་པོ་ཞིག་རྨིས་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་སེར་པོ་དེ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གངས་ཀྱི་རྩེ་ནས་ཉི་འོད་གྱོན་པའི་བྱ་ཆེན་བཞིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་ཟླའི་རྒྱབ་ལོགས་སུ་ཡལ་ཅིང་མཆིས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་རྨི་ལམ་སྔོན་པོ་ཞིག་རྨིས་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་སྔོན་པོ་དེ་མེ་ལོང་སྒོར་སྒོར་ཅིག་དང་འདྲ་བར4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁུ་སིམ་གྱི་གཙང་བོའི་ནང་དུ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནམ་མཁའ་སྔོན་པོའི་མཐའ་དང་ཡོངས་སུ་འདྲེས4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་རྨི་ལམ་དམར་པོ་ཞིག་རྨིས་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་དམར་པོ་དེ་མིའི་རིགས་ཀྱི་ཟུངས་ཁྲག་བཞིན4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མེས་པོའི་དཔའ་གདེངས་ཁྲོད4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གངས་རི་དང་རྩྭ་ཐང་གི་ཁྲག་རྩའི་སྦུབས་སུ་རྒྱུ4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་རྨི་ལམ་རབ་རིབ་ཅིག་རྨིས་མྱོང4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་རབ་རིབ་དེ་ལ་ཁ་དོག་ཡེ་ནས་མི་འདུག4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།4xC康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ