k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཅོ་བྱང་སྐར་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཤར་ཅོ་ནེ་ས་ཆའི་ཆོས་དཔལ་གཉིས་ཀྱི་ཞིང་ས་ཏེ། ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས། སྤྱི་ལོ་2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་ཁྱེར་དུ་འཁྱམས་ནས་མི་ཚེའི་གདམ་ག་ཐོག་མ་རང་གིས་བཙལ་ཞིང་། ད་ལྟ་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད་ལ་ཞོར་ཏུ་བཤད་འདོད་པའི་སྐད་ཆ་དག་ཡི་གེར་ཕབ་བཞིན་ཡོད།k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་ཟླ་ཟེར་དང་མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། གངས་དཀར་རི་བོ་དང་མི་རིགས། ཤྭ་སྐྱ་དུས་དེབ་གཙོ་བྱས་སྤྱི་དེབ་དང་སྒེར་དེབ། ཚགས་པར་དང་དྲ་ངོས་སོགས་སུ་རང་གི་བཤད་འདོད་པའི་སྐད་ཆ་གང་མང་བཀོད་མྱོང་། 2016ལོར་གངས་དཀར་རི་བོ་ཡི་ཕུལ་བྱུང་རྩོམ་པ་པོར་བདམས་ཐོན་བྱུང་ལ་2015ལོར་མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་རྒྱ་མཚོ་བརྡ་འཕྲིན་རྟགས་མའི་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཡང་ཐོབ་མྱོང་།k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁོ་བོས་དུས་གཏན་དུ་རྩོམ་རིག་ཅེས་པ་དེ་ནི་རང་གིས་བཤད་འདོད་པའི་སྐད་ཆ་དེ་ཡིན་པར་འདོད་ཡོད་ལ། རང་གི་རྣམ་དཔྱོད་ལས་འཁྲུངས་པའི་ཚོར་ཤེས་དང་འཚོ་བ་དངོས་ལས་ཐོན་པའི་དགའ་སྐྱོ་ཆགས་སྡང་སོགས་ཡི་གེར་བྲིས་ནས་མུ་མཐུད་དུ་བཤད་རྩིས་ཀྱང་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུང་གི་ལྷ་མོ།k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཉི་མ་གཞིས་སུ་ཕེབས་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུང་གི་ལྷ་མོ་སླེབས་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དྲན་གདུང་ནང་ན་ཡོད་རེད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕྱིར་དྲན་སེམས་ཀྱི་ཉིན་ཐོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་དང་ཟླ་བར་བྲིས་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རེ་སྒུག་ཁྲི་ཡི་སྨོན་པས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྒྱུས་ཡོད་གནས་དེར་ལྷག་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་འོད་མོག་མོག་འོག་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གོམ་གསུམ་ཕར་ལ་སྤོས་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕྱིར་དྲན་ཀློང་གི་བརྩེ་བ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཆར་ཡོལ་ངོས་ཀྱི་བརྙན་རིས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྔོན་མའི་ཁ་ཆད་ལྟ་བུ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནང་གྲོས་ཨ་ལོང་སྒོར་སྒོར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུང་ཟླ་བཞིན་དུ་ཚེས་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟམ་ཆེན་འོག་ནས་འཛོམས་པ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུང་མདོག་ཟླ་བའི་འོད་སྣང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟམ་ཆེན་ཟམ་འོག་བརྒྱུད་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བརྩེ་བའི་སྒོ་གླེགས་རྡུང་པའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གསང་བ་ལྐོག་ནས་སླེབས་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྡེ་ཆེན་འདི་ཡི་མི་རྣམས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོང་གསུམ་རྨི་ལམ་ཉུལ་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ང་དང་སྙིང་སྡུག་དགའ་ལོས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གཏམ་རྒྱུའི་ཡོལ་རས་འབྱེད་དགོས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དཀར་གསལ་ཟླ་བའི་བཞིན་རས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མཚན་ལྗོངས་འདི་རུ་གསལ་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལག་འཇུ་ཐོག་མ་དྲན་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐར་མའི་ཕྲ་ཚོམ་བར་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འོད་ཆེན་སྐར་མ་ཨ་བརྟན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བརྒྱ་སྟོང་ནང་ན་ལྷང་ངེར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྤྲིན་དཀར་དམ་བུ་དུམ་བུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་བའི་བཞིན་རས་འགེབས་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཐམ་འཁྱུད་ཐོག་མ་དྲན་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མཚན་སྲུང་སོ་བའི་དུང་སྒྲ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྡེ་ཆེན་འདི་ནས་གསལ་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་སྐྱེངས་ངོ་ཚ་དྲན་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུང་གི་ཟླ་བའི་བཞིན་རས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཨ་སྔོན་དབྱིངས་ན་གསལ་ལེར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཟླ་འོད་འོག་ན་གསལ་ལེར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དཀར་གསལ་ཟླ་བའི་འོག་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ན་གཞོན་ཕོ་མོའི་གྲིབ་གཟུགས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མོག་མོག་མིག་ལ་འཆར་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྙིང་སྡུག་བསོད་སྒྲོལ་དྲན་ཡོང་ །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྒོ་ཁྱིའི་ཟུག་སྐད་བར་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྤྱང་མོའི་ཟུག་ངུ་འཇགས་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཚོ་བར་དམ་ཚིག་བྲིས་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རླུང་བུ་བསིལ་མོ་ཞིག་གིས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐྱ་རེངས་ཁུར་ནས་སླེབས་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལྷད་མེད་འཛུམ་ཆུང་ཡག་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཇིག་རྟེན་མི་རྟག་འཁོར་བ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མི་སེམས་གར་སྟེགས་ཟློས་གར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དྲན་ཤིང་ངོས་སུ་གསལ་ཡོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྤྲིན་པ་ལང་ལོང་འཁྲུགས་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དཀར་གསལ་ཟླ་འོད་ཉམས་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མུན་པའི་ནང་ནས་གྱེས་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྐྱེན་དང་བར་ཆད་གང་ཡིན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་དང་སེམས་པ་སྦྲེལ་བའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བརྩེ་དུང་ཐག་པ་ཆད་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕན་ཚུན་ཁ་ཁ་བྱས་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་དང་ཟླ་བ་འདས་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མི་དང་མི་ཁ་བརྒྱུད་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གོ་ཐོས་སྐད་ཆ་མང་གི །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚིག་རྐང་མགོ་མ་དེ་ཡིས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྙིང་ལ་ཙག་ཤེད་རྒྱུག་ཐལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚིག་རྐང་བར་མ་དེ་ཡིས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཀླད་པ་སྟོང་བར་བཏང་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚིག་རྐང་ཐ་མ་དེ་ལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཉན་པའི་སྤོབས་པ་དབེན་པས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གར་འགྲོ་ངེས་མེད་ཅིག་གིས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཐག་རིང་གནས་འདིར་ལྷག་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཐག་རིང་ས་ཆ་གང་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གཞིས་ཁྱིམ་སྐྱིད་པོ་གང་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཚོ་བ་སྐྱིད་པོ་རོལ་ཤོག །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁྱེད་ལ་དུངས་པའི་བུ་ང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དྲན་གདུང་ནང་ན་ཡོད་རུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྨི་ལམ་མངོན་སུམ་ཡོད་ཚད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མ་འཛོམས་ཟླ་ནས་ལོ་ཡིན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མ་འཕྲད་ཟླ་ནས་ལོ་ཡིན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བསིལ་རླུང་འཇམ་པོར་འགྲོག་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁྱེད་ཕྱོགས་ལམ་དུ་ཆས་འགྲོ །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཤར་རླུང་བསིལ་མོར་འཕྲད་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གོམ་འགྲོས་དལ་ཙམ་གནང་རོགས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁྱེད་ལ་བཤད་འདོད་སྙིང་གཏམ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རླུང་བུ་དེ་རུ་བསྐུར་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དེ་དུས་ན་ཚོད་གཞོན་པས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མི་ཚེའི་ཁ་ཕྱོགས་མ་མཐོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་ནི་ས་མཐའ་འདི་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྙིང་སྡུག་དྲན་ཐེངས་མང་གི །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དཀར་གསལ་ཟླ་བའི་བཞིན་རས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཡུལ་འདིར་ཐེངས་རེར་ཤར་དུས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དྲན་པ་ཐེངས་གཅིག་མ་རེད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གསང་པའི་འཕྲིན་ཞིག་བཏང་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འཕྲིན་ལན་རེ་བས་སྒུག་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དཀར་གསལ་ཟླ་བར་སྐུར་ཤོག །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
2019.4.24k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མདོ་སྨད་བུ་ལོའི་སེམས་ན་མངའ་རིས་བུ་མོ་ཞིགk8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གནམ་སྔོན་པོའི་ཁ་དོག་དྭངས་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་དོག་མོའི་ཁ་ཞེང་ཆེ་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གངས་ལྷུན་པོའི་རྩེ་མོ་མཐོ་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བྲག་དམར་ཡག་རྔམ་བརྗིད་ལྡན་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྤང་རི་བོའི་ཉམས་མདངས་མཛེས་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆུ་ལྷུང་ལྷུང་བཞུར་སྒྲ་སྙན་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྩྭ་རྩི་ཤིང་ཡར་བསྐྱེད་མགྱོགས་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནོར་གཡང་གི་འཕེལ་ཁ་དར་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གཞོན་རྗེས་རབས་སྐུ་བསོད་ཆེ་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བུ་ང་ཚོའི་ཕ་ས་ཕ་ཡུལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་མདོ་སྨད་ཨ་མདོའི་ཕྱོགས་ཀྱི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཤར་ཅོ་ནེ་རྒྱལ་པོའི་རྒྱལ་རྒྱུད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ས་དེ་ནས་ཡར་ལ་སོང་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྡེ་ཆེན་པོ་ཉིན་པ་ཞེས་པའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བུ་ང་ཡི་སྐྱེས་ས་སྐྱེས་ཡུལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བཀྲ་ཤིས་པའི་ལྷ་དར་མོད་ས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆོས་ལྷ་སྡེའི་ཆོས་མཁར་ཆེན་མོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྩེ་པོ་ཏ་ལ་ཡི་གཞིས་མལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དབུས་ལྷ་ལྡན་ཆོས་ཀྱི་གླིང་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཤར་གོམ་ཕྲག་བརྒྱ་ལྷག་སོང་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གནས་ཆེན་པོ་ཆབ་མདོ་ཞེས་པ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གན་འཕྲེད་བསྟར་རི་བོའི་འགྲམ་ངོགས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
འདི་གཙང་གསུམ་ཆུ་བོའི་ཉེ་འགྲམ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བོད་ཤར་ཕྱོགས་མུ་ཏིག་མཚན་ཅན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གནས་དེ་ནས་འཚར་ལོངས་བྱུང་པའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་བུ་མོ་རིན་ཆེན་ཆོས་མཚོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གན་སྔོན་བསགས་ལས་ཀྱིས་བསྐོས་པའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལས་ཟེར་བ་ལྡོག་ཐབས་མེས་པས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བུ་ང་དང་རིན་ཆེན་ཆོས་མཚོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རིག་སློབ་གླིང་གཅིག་ནས་འཛོམས་ཐལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕར་འཁོར་ནས་ཚིག་གསུམ་དྲིས་ནོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚུར་ལྷད་མེད་འཛུམས་མདངས་གྲོལ་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བུ་ང་ཚོ་སྐད་ཅིག་མ་དེར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཅི་བྱེད་རྒྱུ་དྲན་ཁོམ་མ་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དུས་ཉིན་དང་ཟླ་བ་འགོར་སོང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་བུ་མོ་ཇེ་ཡག་ཇེ་ཡག །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བུ་ཕོ་རྒོད་ཇེ་མང་ཇེ་མང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་ཅི་བྱེད་གང་བྱེད་མི་ཤེས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གྲོགས་བྱེད་འདོད་སེམས་ན་ཡོད་རུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་སྨྲ་ལྕེ་འགུལ་རྒྱུ་སྐྲག་གི །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་སྨྲ་ལྕེ་འགུལ་རྒྱུ་སྔ་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་བུ་མོས་འདང་རྒྱག་ཟེར་གྱི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་སྨྲ་ལྕེ་འགུལ་རྒྱུ་ཕྱི་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གན་རྗེས་ན་ཕོ་སྐྱེས་མང་གི །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ད་གང་དྲན་ཅི་དྲན་མེད་པར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་བཞི་ཡི་འཁོར་མོ་ཟད་ཐལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མོ་མངའ་རིས་ཡུལ་དུ་འཕུར་ཐལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ང་ཨ་མདོ་ཡུལ་ན་ལུས་འདུག །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལོ་བཞི་ཡི་འཁོར་མོ་བསམ་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཞེ་དྲག་པོའི་འགྱོད་པ་འཁོར་མོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མོ་སྔར་བཞིན་མཛངས་མ་དེ་རེད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ང་སྔར་བཞིན་བུ་ལོ་དེ་ཡིན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐྱིད་སྡུག་གི་འཁོར་བ་ཟེར་བ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མཉམ་གཅིག་ཏུ་རོལ་དབང་མེད་མོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སེམས་བསམ་པའི་ཟབ་ས་ཞིག་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མོ་གན་ཚོ་གསལ་ལེ་ཡོད་གི །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཚེ་གཅིག་གི་མཐུན་རོགས་མིན་རུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མོ་གན་ཚོ་བརྗེད་པ་མི་འདུག །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལག་དམ་པོ་འཇུས་ནས་འགྲོ་བ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
བུ་ང་ཚོའི་ལག་པ་མིན་རུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མོ་གན་ཚོ་ཡིད་ནས་བོར་མེད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོད་མངའ་རིས་ཡུལ་གྱི་བུ་མོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨད་ཨ་མདོའི་ཕྱོགས་ཀྱི་བུ་ལོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་གན་ཚོ་མཐོང་ཐེངས་རེ་ལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངའི་བློ་སྙིང་སྟེང་འོག་བརྗེས་སོང །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་གན་ཚོ་སེམས་ལ་ཤར་ན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དགོང་རྨི་ལམ་སྐྱིད་པོ་འབྱུང་གི །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་གན་ཚོ་དྲན་ཤེས་ངོས་ལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནམ་ཡིན་རུང་གསལ་ལེར་འཆར་ཡོད། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངའི་གློ་སྙིང་དོན་ལྔ་སྣོད་དྲུག །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྨན་གན་ཚོའི་འཕུར་ཤུལ་དེད་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྫ་མཐོན་པོའི་ཉག་ཁ་བརྒྱུད་དེ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གན་བྲག་འབབ་ཆུ་མོ་བཞིན་དུ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོད་ཆབ་མདོ་སེམས་སུ་བསྒོམས་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སུ་ཞིག་གིས་འགོག་ཐབས་མ་བྱུང་། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྐྱབས་བླ་མ་ཡི་དམ་སྲུང་མ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ང་ཨ་མདོའི་བུ་ལོ་སེམས་པ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོད་མངའ་རིས་བུ་མོར་ཤོར་བར། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཐུགས་བརྩེ་བ་ཆེན་པོས་བཟུང་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཕྱིར་རང་ལུས་ཞུགས་སུ་འཇུག་རྒྱུ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མཁྱེན་མཁྱེན་ནོ་རྩ་བའི་བླ་མ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ལྷོ་གཡུ་འབྲུག་ལྡིར་ལྡིར་གྲགས་པ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཆར་ཟིལ་མ་ཤག་ཤག་འཇོ་བའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གན་ན་ནིང་དབྱར་གཞུང་ཞིག་ལ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ངས་ཡུན་རིང་སེམས་སུ་ཉར་བའི། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོད་མངའ་རིས་བུ་མོའི་སྣང་བ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཡིག་སུམ་ཅུའི་སྦྱོར་བ་བརྒྱུད་ནས། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རང་སེམས་ཀྱི་སྐད་ཆ་དྲོན་མོ། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
གན་འཇིག་རྟེན་མི་བུར་བསྒྲོགས་ཟིན། །k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
2014.12.2k8m康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ