ལྷ་སའི་འཁྱལ་པོ་གླེང་བ།
སྔོན་དུས་གཏམ་རྒྱུད་ཁྲོད་ཀྱི།།
མི་ཚོགས་ཁ་ནས་འུར་བའི།།
འཁྱལ་པོ་བོད་དུ་ཕེབས་པས།།
བོད་ཡུལ་མགུར་གྱིས་བཞེང་ཡོད།།
མགུར་དེ་སྙན་པ་ཚོད་མེད།།
སེམས་ཀྱི་སྐྱོ་སྣང་སེལ་བྱེད།།
མགུར་དེ་ཡང་ཡང་ཉན་ན།།
སྣང་བའི་མུན་པ་དྭངས་འགྲོ།།
རྫོང་རྒྱབ་ཀླུ་ཁང་ནང་དུ།།
རང་ཚུགས་ཕྱིར་དུ་མངོན་མཁན།།
ཆང་བཟི་ཁུར་བའི་སྨྱོན་པ།།
གྲུབ་སྨྱོན་ཚངས་དབྱངས་རྒྱ་མཚོ།།
ལྷ་ས་དག་པའི་ཞིང་ནས།།
སྐུ་ལ་གསེར་འོད་འཁྱིལ་བའི།།
བན་དེ་སྐྱ་མིན་སེར་མིན། །
བུ་མོའི་གྲོ་རོགས་ཨེ་ཡིན།།
གནས་མེད་གང་སར་འཁྱམས་པའི།།
ལྷ་སའི་པདྨ་དཀར་པོ།།
ཕྱིར་ཡོང་མེད་པར་སྨྲེང་བའི།།
མི་ཚོགས་ཐུགས་སྐྱོ་གནང་ཡོད།།
ཁ་བ་སྙིང་ལྕགས།
--སྨན་ལྗོན།
ལོ་འགའ་ཤས་ཤིག་གི་ཡར་སྔོན་དུ
ཁྱེད་ཉིད་མཚོ་ནང་དུ་ནུབ་སོང
ཁྱེད་ཀྱིས་སྲོག་ཆགས་ཕལ་མོ་ཆེ་ཞིག་གི་དོན་དུ
རང་ཉིད་གཏན་དུ་འཇིག་རྟེན་འདི་དང་ཁ་གྱེས་སོང
ཁྱེད་ཉིད་བཞུད་ཤུལ་དུ
མི་རྣམས་ཀྱིས་ཁྱེད་ཀྱི་སྙན་ངག་ལ
གཟེངས་བསྟོད་དང་བཀུར་སྟི་བྱེད་པར་མ་ཟད
ད་དུང་ཁྱེད་དང་ཁྱེད་ཀྱི་སྙིང་སྟོབས་དང་ཤེས་ཡོན་ལ
ཡི་རངས་བྱེད་ངེས་ཡོད
ཁ་བ་སྙིང་ལྕགས
ཁྱེད་ནི་འབུ་མེ་ལྕེབ་ནང་བཞིན
མུན་ནག་དང་མཚན་མོ་ལ་ཧ་ཅང་སུན
ཁྱེད་ཀྱིས་ནམ་རྒྱུན་འོད་ཀྱིས་གང་བའི་སྒྲོན་མེ་ཞིག་འཚོལ་ངེས་ཡོད
ཁ་བ་སྙིང་ལྕགས
ཁྱེད་ནི་མཚོ་སྔོན་པོའི་ཉེ་འགྲམ་གྱི་མི་ཕལ་བ་ཞིག་ཡིན་ལ
ཁྱེད་ཀྱི་མཛད་རྗེས་དང་ཤེས་ཡོན་གྱིས་མི་མང་པོ་ཞིག་ལ
སྔར་མེད་ཀྱི་སེམས་ཤུགས་སྦྱིན་ཡོད ཁ་བ་སྙིང་ལྕགས
ཁ་བ་སྙིང་ལྕགས
ཁྱེད་རང་བློ་རྡེག་ཏུ་སྒྲོན་མེ་གཟིམས་པ་ནང་བཞིན
འཆི་བདག་གི་ཁ་ནང་དུ་ཤོར་སོང་ལ
ཁྱེད་ཀྱིས་རང་ཉིད་ལ་དུང་བའི་མི་དེ་དག་ཤུལ་དུ་བསྐྱུར་ནས
འདི་ལྟར་བཞུད་སོང དེ་ནི་མིའི་རིགས་ཀྱི་ཆག་སྒོ་དང་གྱོང་གུད་ཡིན
ཆོ་མེད་པའི་གཞས།
གྲུབ་སྨྱོན་ཚངས་དབྱངས་རྒྱ་མཚོའི།།
སྐྱོ་གཞས་དྲུག་པའི་མགུར་གླུ།།
གཡུ་ཐོག་ཟམ་པར་བརྒྱུད་ནས།།
སྙིང་སྡུག་གཡུ་ཆུང་དྲུག་དཀར།།
དྲན་པའི་ཚུལ་གྱིས་མགུར་བའི།།
མགུར་དེ་ཕྱོགས་ཀུན་ཁྱབ་སོང་།།
འཁྱལ་པོ་ཏིང་འཛིན་དབང་པོའི།།
གསང་གཏམ་ཚིག་གི་གྲུ་ཆར།།
མ་འུར་སེམས་ལ་ཉར་ནས།།
བྱམས་ལྡན་ཕ་མ་ཡིན་རུང་།།
སྨྲ་བརྗོད་ཚིག་གཅིག་ཙམ་ཡང་།།
མ་བཤད་སྙིང་ཐུབ་བཤད་སོང་།།
གསང་གཏམ་སེམས་ལ་བསྐུངས་ནས།།
ཆུང་འདྲིས་ཁོ་ནར་བཤད་པས།།
ཞེ་སེམས་བྲལ་བའི་ཆུང་འདྲིས།།
སྐད་ཅིག་ཙམ་ལ་ཐོས་པས།།
གསང་གཏམ་གཞན་ལ་ཤོར་སྐབས།
འཁྱལ་པོའི་སེམས་རྩ་འཁྲུགས་སོང་།།
དྲུག་པ་ཚངས་དབྱངས་རྒྱ་མཚོའི།།
རང་ཡུལ་ཤུལ་དུ་བསྐྱུར་ནས།།
རྒྱལ་ཁམས་ཕྱོགས་སུ་སྐྱོད་སྐབས།
སྨྲེང་བའི་རང་སེམས་སྐྱོ་རུང་།།
བྱམས་ལྡན་ཕ་མ་མ་དྲན།།
ཡིད་སེམས་དེ་ལ་མི་ཕྱོགས།།
བྱམས་ལྡན་ཕ་མའི་ཡན་གྱི།།
ཆུང་འདྲིས་བྱམས་པ་དྲན་པའི།།
འཁྱལ་པོའི་སེམས་པ་རྒུད་སོང་།།
སྣང་བའི་རི་མོ།
དགུན་གྱི་ཁ་བ་རི་ལ་འབབ་དུས་སུ།།
ཁྱེད་ནི་ཁ་བའི་ཁྲོད་ཀྱི་བྱེའུ་ཆུང་ཞིག།
བདག་གིས་ཁྱེད་ཉིད་ཡིད་ལ་གསལ་གྱུར་ནས།།
དགུན་ཟླའི་བྲིས་པའི་གྲང་རླུང་རྒོད་པོ་དང་།།
ཁྱེད་ཀྱི་བཞིན་རས་ཡིད་ལ་ཝ་ལེ་གསལ།།
ཚོར་བའི་བྲིས་པའི་ཡིད་ཀྱི་ཡིག་ཚོགས་ཁྲོད།།
དྲན་པ་སྟོང་གི་ཞེ་འདང་དམར་པོ་ཞིག།
ཁྱེད་ནི་གཏམ་རྒྱུད་ཁྲོད་ན་མི་ཚར་བའི།།
འཁོར་བའི་སྙིང་བོ་ཨེ་ཡིན་བདག་གིས་བསམ།།
ལོ་ཟླའི་དགའ་སྡུག་སེམས་ལ་དྲན་དུས་སུ།།
ཡིད་ཀྱི་མགུར་ཆུང་སྣང་བའི་དཀྲོལ་གྱུར་ནས།།
རྨི་ལམ་ནང་གི་མེ་ལོང་དྭངས་མོ་དེ།།
ཁྱེད་ཉིད་ཨེ་ཡིན་རྟོག་བཟོ་མ་བྱེད་པར།།
སྐད་ཅིག་ཉིད་དུ་རང་གིས་སེམས་སུ་འཆར།
རྩོམ་སྒྲིག་པ ། དོན་གྲུབ །