ཚིག་ལ་དྲངས་པའི་མཐུན་པ་དགྱེས་པའི་གླུ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཚིག་ལ་དྲངས་པའི་མཐུན་པ་དགྱེས་པའི་གླུ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཞོགས་འབོད།  ཀློག་གྲངས །: སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚིག་ལ་དྲངས་པའི་མཐུན་པ་དགྱེས་པའི་གླུ།ALr智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                     -----ཞོགས་འབོད།
ནང་པས་ཡིད་རྟོན་བགྱིས་པའི་འོད་གསལ་གྱི་བསྟན་པ། །
སྒོམ་སྒྲུབ་ལས་ལ་སྦྱོར་བའི་རི་ཁྲོད་པའི་ཚོམས་ལས། །
ལས་ཀྱིས་འཕྲད་པའི་མཐུན་པ་ཞེ་དཀྱིལ་དུ་འཁྲེན་པས། །
སྙིང་པོའི་ཆོས་ལ་གཞོལ་བའི་འདུན་མ་དེ་གྲོལ་སོང་། །
 
སེམས་སོང་ལས་ཀྱི་མེ་ཏོག་རང་ག་བར་མི་བཞུགས། །
འདི་ཕྱི་གནད་ཀྱི་སྙིང་པོར་སེམས་ཁོང་ནས་ཕྱོགས་ན། །
ཕྲན་ཡང་སྙིང་རུས་དཀར་པོ་ལྷ་ཆོས་ཉིད་སྒོམ་བཞིན། །
བྲེལ་ཟིང་དབེན་པའི་ཁྲོད་དུ་རང་སེམས་དེ་ཆས་འགྲོ། །
 
གློ་སྙིང་མཆིན་པའི་དབར་གྱི་མཛེས་སྡུག་གི་ཞེ་འདྲིས། །
ཏིང་འཛིན་ཟས་ལས་གྱེས་ཏེ་འདུ་འཛི་ལ་གཡེང་ན། །
ཁོ་བོ་མི་སྡོད་རྣམ་ཤེས་བློང་བློང་ལས་བྲལ་ནས། །
དགའ་སྐྱོ་འདྲེས་མའི་འཚོ་བ་རང་དབང་གིས་འཐེན་ཆོག །
 
ནམ་ཡང་ཡིད་ཆེས་བརྟན་པའི་ཁྲ་ཆུང་ངའི་ཟུར་མིག །
ཉིད་ཀྱིས་སྙིང་རྟགས་དམར་པོ་གང་ཞིག་ཏུ་བསྟན་རུང་། །
མ་གྲོས་གཅིག་མཐུན་བརྩེ་བ་ཁྱོར་གང་གིས་བཅུས་ཏེ། །
སྙིང་ཤ་མ་འཁྱག་བར་དུ་ལྷུར་ལེན་ཞིག་བྱ་ངེས། །
 
                                                    2020.1.4 ཉིན་བྲིས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论