རྗེ་ཙོང་ཁ་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

རྗེ་ཙོང་ཁ་པ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཞོགས་འབོད།  ཀློག་གྲངས །: སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྗེ་ཙོང་ཁ་པ།78g智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                                --- ཞོགས་འབོད།
 
ས་ཆེན་པོའི་བྲང་གཞུང་དྲོད་ཅིག་བྱིན། །
གླིང་ཀུན་ཏུ་བསིལ་ཟེར་འཛུམ་ཆུང་གད། །
དགུང་སྔོན་པོའི་དཀྱིལ་གྱི་ཉི་ཟླར་མཚུངས། །
ས་ཆེན་པོས་མ་ཐེག་དྲུག་བརྒྱར་འགོར། །
མཁྱེན་གསུམ་གྱི་མེ་ཏོག་བཏུས་པའི་མགོན། །
སྐུ་དེ་ཉིད་འདམ་ལས་འཁྲུངས་ནའང་། །
འདམ་ཉག་ཉིག་ཡེ་ནས་མ་སྦགས་པའི། །
དེ་བསམས་ན་ཤིང་རྟ་ཁྱེད་ཉིད་དྲན། །
བདག་བྱེའུ་ཆུང་སེམས་པ་རི་ལ་ཕྱོགས། །
ནང་ཉོན་མོངས་མ་མཐོང་བསྐལ་བརྒྱར་འདས། །
ཕྱིའི་གཟུགས་ཀྱི་ཡོ་བྱད་ཆགས་ཞེན་ཀྱིས། །
ཐོག་མེད་པའི་ད་བར་འཁྱམ་ཉུལ་བྱེད། །
ལས་ཉོན་གྱིས་ཨ་འཁོར་ཡང་འཁོར་བྱེད། །
སེམས་རྣལ་དུ་ཕབ་ན་མཆི་མས་བརླན། །
བསམ་གཞིག་གིས་ཡིད་སེམས་ཁྲག་རླུང་རྡོལ། །
རྗེ་ཉིད་ཀྱིས་བདག་སེམས་བྲོས་བྲོས་འདིར། །
བཀའ་བཙན་པོའི་ལྕགས་ཀྱིས་ཐེངས་འགའ་རུ། །
ལམ་སྒྲུབ་པ་སྐྱེ་ཕྱིར་བསྣུན་པར་ཞུ། །
ནམ་ཞིག་ཏུ་སྐུ་ཉིད་འབྱོན་པར་ཞུ། །
ངའི་སེམས་པ་ལྷོད་དུ་གཏོང་རོགས་ཞུ། །
ངའི་དད་པའི་ཀློང་གི་ཡོངས་འཛིན་ཁྱེད། །
ཆོས་ཟབ་མོའི་གསུང་ཆོས་སྙན་སྙན་ཞིག །
ངས་མ་ཐོས་འཁོར་བ་འཁྱམས་ནས་ཡོད། །
 
ཅེས་བདག་ཉིད་ཆེན་པོ༧ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་འཁོར་༦༠༠ལོན་པའི་རྗེས་དྲན་དུ་༢༠༡༩.༡༠.༢༥ ཉིན་གུས་པ་ཞོགས་འབོད་དམ་པདྨ་འོད་ཟེར་གྱིས་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་ནས།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论