གསུམ་བརྒྱད་བུད་མེད་དུས་ཆེན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

གསུམ་བརྒྱད་བུད་མེད་དུས་ཆེན།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཞོགས་འབོད།  ཀློག་གྲངས །: སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གསུམ་བརྒྱད་བུད་མེད་དུས་ཆེན།hNC智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                                                              ཞོགས་འབོད།
 
ཁ་བའི་མེ་ཏོག་ཟེ་བ་ཡིད་གཏིང་ནས་འཁྲེན་པས། །
དུང་བའི་གསེར་རྒྱན་བཏབ་པའི་སྙིང་ཆུང་གི་དྲོད་ཤ །
ལས་ཀྱིས་འཕྲད་པའི་མཐུན་པ་རྩྭ་ཐང་ནས་དྲན་ན། །
མ་འཆི་གཏན་འདུན་གཙང་མ་མིག་ངོགས་སུ་ཤར་འདུག །
 
ལྷོག་ལྷོག་ཁོལ་བའི་སེམས་པ་ཞེ་མཐུན་གྱིས་འཕྲོག་པས། །
ཤ་རུས་རྐང་གསུམ་ཟུག་པའི་བརྩེ་འདང་གི་མཚོ་མོ། །
མ་འཕྲད་དུས་ཚོད་དམར་པོ་དལ་ལྷོད་ལ་བལྟས་ན། །
དྲན་པའི་མཆི་མ་ལྷུག་ལྷུག་ཆད་དུས་རང་མི་འདུག །
 
མཐུན་པའི་གཏམ་གྱི་ངག་སྒྲོས་བྲང་གཞུང་དུ་རུམ་ན། །
དེ་ལས་དུངས་ཀའི་དྲོད་ཅིག་འཇིག་རྟེན་ལས་མ་ཚོར། །
ཁོག་གི་རྣམ་ཤེས་བཙན་པོ་ཁྱེད་ཕྱོགས་སུ་འགྲུལ་བ། །
ཐེངས་གཅིག་ཐེངས་གཉིས་མིན་པ་འདང་ཆེ་བའི་ལན་རེད། །
 
ཁྱེད་ཀྱི་ནས་ཆང་སྔོན་མོའི་མངར་སྐྱུར་ལ་གོམས་ན། །
བདེ་སྐྱིད་ཀུན་པོ་བདག་གིས་བྲོ་བ་ཞིག་མྱོང་འདྲ། །
སྙིང་ཤ་དྲོ་བའི་རྐྱེན་པས་སྐྱིད་སྡུག་གི་ཁུར་བོ། །
ནང་མིའི་སེམས་པ་གཤག་རུང་དུང་སེམས་ཀྱིས་སྦྲེལ་ཆོག །
 
དུས་ཆེན་ཉིན་ལས་ཡུན་གྱིས་སྣང་ཡན་དུ་མི་ལྷོད། །
ཕྲན་གྱི་འཚོ་བའི་ཁྲོད་ནས་མཛེས་སྒེག་ཅིག་སྤྲིང་བའི། །
རི་སུལ་དམར་པོ་ང་ཡི་སྙིང་དབར་དུ་ཉེ་བས། །
ཏན་ཏན་ཡུན་རིང་སེམས་པའི་ཀློང་ཡངས་ནས་མི་འབོར། །
 
ལེགས་སྐྱེས་གཙང་མས་མཆོད་ཆང་ཟོལ་མེད་ཀྱིས་འདྲེན་ན། །
སེམས་པ་སེམས་ཤེས་ཀྱིས་གསལ་བའི་གདེང་ཚོད་ཅིག་འདུག་གོ །
མི་རྟག་ནམ་རྒུད་ཆ་མེད་གདོང་གཏུག་ཏུ་འཁེལ་ཚེ། །
འཇལ་འཛོམ་རེ་བའི་མྱུ་གུ་སྨོན་སེམས་ཀྱིས་བསྐང་ཆོག །
 
                                                            2020.3.8  
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论