རྨི་ལམ་ཐུང་ཐུང་།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

རྨི་ལམ་ཐུང་ཐུང་།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཞོགས་འབོད།  ཀློག་གྲངས །: སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རྨི་ལམ་ཐུང་ཐུང་།6rB杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

                       ཞོགས་འབོད།
6rB杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཁ་བ་ལྷབ་ལྷུབ་བབས་དུས།།
སེམས་ཀྱི་ཕྱེད་ཀ་དྲན་འོང་།།
དགུན་གསུམ་གྲང་ངར་ནང་དུ།།
ལུས་འཇམ་ཤ་དྲོད་འཁྱག་འགྲོ།།
སེམས་ཁུར་སེམས་སུ་འོང་ན།།
ན་ཟུག་ཉི་མ་འདྲ་བོ།།
ཡེ་ནས་ནུབ་རྒྱུ་མི་འདུག།
མདང་སུམ་རྨི་ལམ་ནང་གི།
ཡ་ཆུང་ཁོག་གི་གཡུ་ལོ།
དྲན་པའི་ལོ་ཟླ་ཚེས་དུས།།
ཉིན་ཞག་འགྲོ་བ་མི་འདུག།
སེམས་པ་གངས་དང་འདྲེས་ནས།།
གཙང་བོའི་རླབས་སུ་འཐིམས་ཏེ།།
ཁྱོད་ཀྱི་ཕྱོགས་སུ་བཞུར་ན།།
བས་མཐའི་ཁེར་རྐྱང་ང་རང་།།
དགའ་བར་ཚོད་ཅིག་མི་འདུག།
གཡའ་དག་སེམས་འཕྲིན་ཕུལ་ན།།
འཕྲིན་ལན་ཡོང་སྔ་བྲེལ་གི།
འདུར་བྲེལ་འཁོར་བའི་ངོས་སུ།།
མཛེས་པའི་དམ་ཚིག་དམར་པོ།།
ཁ་དོག་འགྱུར་བ་མེད་ན།།
སྤྲོ་སྣང་འདུ་རའི་ཁྲོད་དུ།།
སྙན་པའི་གླུ་ཞིག་ལེན་འཇོག།
སེམས་ལ་སྐྱོ་ངལ་མེད་པ།།
གུ་ཡངས་འཚོ་བའི་ཀློང་དུ།།
ཁྲེལ་གཞུང་འཚོལ་བའི་མཐུན་པ།།
འདང་འདུན་དཀར་གསལ་ཟླ་བ།།
འོད་མདངས་ཡལ་རྒྱུ་མེད་ན།།
ཅི་དགོས་ལེགས་སུ་གསུང་དང་།།
ཟླ་བ་ཡན་གྱི་འདང་ཆེན།།
རུས་རྐང་གས་པ་མེད་ན།།
འགྱོད་གདུང་སྐྱ་བོ་མི་འདུག།
6rB杨赛网 康巴教学资源网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
                                   2020.4.5
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论