རྨི་ལམ་དུ་བདག་གིས་ཁྱོད་ཀྱི་རྟ་ཁ་འཁྲིད་མྱོང་།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

རྨི་ལམ་དུ་བདག་གིས་ཁྱོད་ཀྱི་རྟ་ཁ་འཁྲིད་མྱོང་།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : གྱང་ཆག•རྫ་སྟོད།  ཀློག་གྲངས །: སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རྨི་ལམ་དུ་བདག་གིས་ཁྱོད་ཀྱི་རྟ་ཁ་འཁྲིད་མྱོང་། 0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                            གྱང་ཆག•རྫ་སྟོད།
0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
འབྱམས་ཀླས་པའི་མུན་ནག་གི་པང་དུ། 
ངས་སྟོང་བསམ་ལྟ་བུའི་རྨི་ལམ་ཞིག་རྨིས་མྱོང་།
རྨི་ལམ་དུ་རྒྱ་སེའི་མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང་གི་སྟེང་ནས།
བདག་གིས་ཁྱོད་ཀྱི་རྟ་ཁ་འཁྲིད་མྱོང་།
0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
རྩྭ་ཐང་ལགས།  རྟ་གོང་གི་བུ་མོ་དང་བདག་གི་རྐང་རྗེས།
ཁྱོད་ཀྱི་སྙིང་ཁར་ཕབ་ཡོད།  རྐང་རྗེས་རེ་རེ་ནི་སྙན་ངག་གིས་འབྲི་ཐབས་བྲལ་ཞིང་།  སྒྱུ་རྩལ་གྱིས་མཚོན་ཐབས་དབེན་པའི
ངའི་ཡིད་ཀྱི་མེ་ལོང་དེའོ།
0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
རྨི་ལམ་དུ།  བདག་གིས་ཁྱོད་ཀྱི་རྟ་ཁ་འཁྲིད་མྱོང་།
རྨི་ལམ་དུ།  ངས་ས་སྲོད་ཀྱི་མཚམས་སྤྲིན་བླངས་ཏེ་ཁྱོད་ལ་ཕུལ་མྱོང་།
རྨི་ལམ་དུ།  འུ་གཉིས་ཀྱིས་རབ་མེད་ཀྱི་གཙང་བོ་འང་བརྒལ་མྱོང་།
0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཀྱེ། རྨི་ལམ་ལགས། རྟ་གོང་བུ་མོས་ཁོ་བོར་བླངས་བའི་མཛའ་གཞས་ཐན་ཐུན།  ཡང་ན་བདག་གིས་ཁོ་མོར་ཕུལ་སྙན་ངག་རློན་པ། 
ཁྱེད་ཀྱི་བྲང་གཞུང་དུ་འཁྱིལ་ཡོད།
བདག་གིས་ནི་ཁྱོད་ལ་བཀའ་དྲིན་ཞུ་བའི་ཚབ་ཏུ་འོ་ཞིག་བྱེད་འདོད།
0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
བརྩེ་དུང་ནི་རྨི་ལམ་ལྟ་བུའི་གར་སྟེགས་ཤིག་ཡིན་ན།
བརྩེ་དུང་གི་འགྱུར་ཁུག་ལ་སྟངས་སྟབས་སྣ་ཚོགས་ཤིག་མཆིས་སྲིད།
སྙན་ངག་གི་གོམ་འགྲོས་དལ་དྲགས་དུས།
ང་ལ་ཕྱིར་མིག་ཅེས་པའི་ཐ་སྙད་རྡོག་རྡོག་ཅིག་གིས་མནར་འོང་།
དེ་དུས་ངས་རང་དབང་གི་ཀི་ཞིག་གདབ་ཆོག་པར་ཞུ།
0Jy智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
                                    2020.4.6....
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论