࿑འཁོར་བའི་རྒྱབ་ཏུ་སྙན་ངག་བྲིས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

࿑འཁོར་བའི་རྒྱབ་ཏུ་སྙན་ངག་བྲིས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : དབུ་འཇིགས་མེད །  ཀློག་གྲངས །: སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

                             ࿑འཁོར་བའི་རྒྱབ་ཏུ་སྙན་ངག་བྲིས།                              GzO康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

GzO康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རི་ཟོམ་མཐོན་པོ་འཁོར་བའི་རྒྱབ་གཟུགས་ནས།།
དབྱངས་གསལ་ངག་ལ་གྱེར་ནས་སྙན་ངག་བྲིས།།
ཡིད་ཀྱི་དཀའ་སྡུག་འཁོར་བའི་གྲོང་གསེབ་ནས།།
མི་ཚེ་རིང་མོ་རྨི་ལམ་ཐེངས་གཅིག་རེད།།
GzO康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
དར་བའི་ལང་ཚོ་ཟིན་པའི་ས་མཚམས་ནས།།
ཕྱིར་དྲན་མཚོ་མོ་འགྲམ་ནས་སྙན་ངག་བྲིས།།
བྱིས་པའི་ལང་ཚོ་གཙང་བོ་རླབས་ཕྲེང་རེད།།
སྐད་ཅིག་ཉིད་ལ་མཛེས་པའི་མེ་ཏོག་བཞིན།།
GzO康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རྣམ་རྟོག་རྒོད་པོ་འཁྱུག་པའི་སྨྱུག་རྩེ་ནས།།
རྒྱུ་སྐར་གཙང་བོ་ལྟ་བཞིན་སྙན་ངག་བྲིས།།
ཚོར་བའི་གཤོག་གཟུང་བརྒལ་བའི་ལམ་སྐབས་སུ།།
སེམས་ཤོར་རི་དྭགས་མིག་ལ་སྙན་ངག་བྲིས།།
GzO康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
རི་མགོ་སྨུག་སྤྲིན་འཁྲིགས་པའི་བྱང་ཐང་ནས།།
རང་བྱུང་ཉི་ཟླ་གཉིས་ཀྱི་བར་མཚམས་སུ།།
སྙན་ངག་སྦྲང་ཆར་ཟིམ་མ་དལ་གྱིས་འབབ།།
བརྩེ་བའི་མེ་ཏོག་བཟང་པོ་ས་ལ་འཐོར།།
GzO康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
སྟོང་བའི་དབྱིངས་སུ་འཁྱམ་པའི་ཕྱེ་ལེབ་ཁྱེད།།
དྲན་པའི་མིག་ཆུའི་གཞུང་ན་རྟག་དུ་བཞུགས།།
ལས་ཀྱི་ཕྱེ་ལེབ་དམར་མོ་མཚོན་བྱེད་དུ།།
སྙན་ངག་ཚིག་དུམ་གཅིག་གི་ཁྱེད་ཉིད་འབྲི།།
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论