ཞོགས་འབོད་ཀྱི་སྙན་ངག་ཚན་པ་གཉིས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཞོགས་འབོད་ཀྱི་སྙན་ངག་ཚན་པ་གཉིས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཞོགས་འབོད། ཁྲི་འདུ།  ཀློག་གྲངས །: སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 འཛུམ་དཀར།ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

          ཞོགས་འབོད། ཁྲི་འདུ། 
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཚིག་དེ་གདོང་དུ་བརྐོས་པ་ནས། །
ཚིག་དེ་རུམ་དུ་བཅུག་པ་ནས། །
ཚིག་དེ་སེམས་ལ་འཇགས་པ་ནས། །
སེམས་ཚེགས་མེད་ལ་དྲན་འོང་གི །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
འཛུམ་དེ་དྲན་གདུང་བྱས་པ་ནས། །
འཛུམ་དེ་སྙིང་རུས་འཐིམ་པ་ནས། །
འཛུམ་དེ་སེམས་ཁུར་མྱོང་བ་ནས། །
ངལ་དུབ་མེད་ལ་རྨིས་འཇོག་གི །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
རང་གིས་བཙལ་ཏེ་རྙེད་དུས་སུ། །
རང་གིས་དྲན་དེ་བོས་དུས་སུ། །
རང་གིས་ཁས་ལེན་བྱེད་དུས་སུ། །
རང་ལ་འཚམ་པ་རང་གིས་བདམས། །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཡིད་ཆེས་མེ་ཏོག་ཆུན་པོ་དེ། །
བརྩེ་བ་གངས་དཀར་རང་མདངས་དེ། །
དུང་བའི་སྤྲིན་པ་ཁེར་ཉལ་དེ། །
འགྱོད་མེད་བདེན་པས་དང་ལེན་བྱས། །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
2020.4.10
 
 
སྐྱོ་བ།
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
             ཞོགས་འབོད།
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ལྗོན་ཤིང་ལྗང་ལོའི་སྟེང་གི །
ཡིད་འོང་མཛེས་པའི་འཇོལ་མོ། །
གཅིག་པུར་ལུས་པའི་བདག་སེམས། །
དྲོད་ཅིག་སྟེར་རོགས་གནོངས་དང་། ། 
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
གངས་སེང་འཁྱག་གིས་བསྡམས་དུས། །
གངས་འདབས་བྱེའུ་ཆུང་འཇོལ་མོ། །
སེམས་པ་སྡུག་གིས་ཟིན་པས། །
གཅོང་སྐད་མེད་དོན་ཅི་ཞིག །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
བཙན་གྱིས་དེད་པའི་ལུག་ཁྱུ། །
ཁྲག་གིས་བརྫིས་པའི་ལུ་གུ། །
གནས་ལུགས་ཕྲག་པར་བླངས་ཏེ། །
ངོ་རྒོལ་མེད་དོན་ཅི་ཞིག །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
བཤུ་གཞོག་རང་ལུགས་ཁྲོད་ནས། །
བདེན་པའི་གཏམ་ཞིག་བགྲང་ན། །
ཅི་བྱ་གཏོལ་མེད་གྱུར་བའི། །
སྐྱོ་བའི་མིག་ཆུ་དམར་པོ། །
ReP智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
                  2020.3.23
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论