སྣང་བའི་ཕྱི་ནང་།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

སྣང་བའི་ཕྱི་ནང་།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : གཞོན་ནུ་དཔལ།  ཀློག་གྲངས །: སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 སྣང་བའི་ཕྱི་ནང་།6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
                   ཡིག་འབྲི་པ།   •གཞོན་ནུ་དཔལ།
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
བྱེ་མའི་ཐང་ནས་རླུང་བུས་ངུ་ཤུམ་འཐེན། །
ལྗོན་པའི་གྲིབ་བསིལ་འོག་གི་གཞོན་ནུ་མའི། །
ཚོར་བའི་བདེ་སྡུག་སྨྲ་སྒོ་ངག་ལས་རྡོལ། །
དགའ་སྐྱོ་འདྲེས་མའི་ལོ་ཟླའི་ཁ་དོག་འབྲི། །
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཧེབ་ཀྱིས་བལྟས་ན་བདེན་པ་སྤྲིན་གྱིས་བསྒྲིབས། །
བདག་གིར་བཟུང་ན་ཡིད་ཀྱི་འདོད་རྔམས་འཕེལ། །
སྣང་བ་ཁྲ་ཁྲ་ཡིན་པའི་མི་ཚེ་ལ། །
རྫུན་གྱི་ཆོ་འཕྲུལ་ཟོལ་གྱིས་སྟོན་ཚུལ་འབྲི། །
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
འཆི་ན་བྱ་རྒྱལ་རྒོད་པོའི་ཁ་ཟས་དང་། །
གསོན་ན་ལུས་སེམས་སྲིད་པའི་ཉོན་མོང་གི །
འོབ་དུ་ལྷུང་ཞིང་སྔངས་བའི་ཆོ་ངེ་བ། །
འཁོར་བའི་མི་ལ་མུན་པའི་ཁང་ཁྱིམ་འབྲི། །
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
དྲན་ངོགས་འབྲལ་ཐབས་མེད་པའི་ཞེན་ཆགས་ནི། །
སྐྱེ་རབས་མང་པོར་བརྒྱུད་པའི་ལན་ཆགས་ཡིན། །
སྡང་བའི་དགྲ་དང་དགའ་བའི་ཉེ་མི་ཡང་། །
ཚེ་རབས་མང་པོར་གཉེན་དུ་འགྱུར་ཚུལ་འབྲི། །
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཤི་ནས་འདྲེ་རུ་གྱུར་པ་གང་མང་གིས། །
གསོན་པའི་མི་ལ་སྙིང་ནག་བྱས་པ་ཐོས། །
མ་ཤི་གསོན་བྲལ་བྱེད་པའི་ལས་ཀ་དག །
གནམ་ས་འཁྲིགས་པའི་ས་གཞི་ནག་པོ་འབྲི། །
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
སྒྱུ་མའི་གྲོང་གི་སྣང་བའི་འཆར་ཡན་དུ། །
མི་རྟག་ཟློས་པའི་གར་དུ་མཐོང་བའི་ཚེ། །
སྐྱིད་སྡུག་རེས་མོས་ཡིན་པའི་མི་ཚེ་ལ། །
མཚར་སྡུག་སྣ་ཚོགས་མངོན་པའི་དབྱངས་རྟ་འབྲི། །
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
6KF智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
                        ༢༠༢༠/༢/༥/ ལ།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论