དེ་དུས། (ཞར་བཀོད་གཅིག)
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

དེ་དུས། (ཞར་བཀོད་གཅིག)

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : དུ་སྤྲིན།  ཀློག་གྲངས །: སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།
དེ་དུས།  (ཞར་བཀོད་གཅིག)
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
                དུ་སྤྲིན།    ཡུལ་ཤུལ།
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
སེམས་འདི་​ཉི་མ་གབ་པའི་གྲིབ་གཟུགས་ཡིན།།
རི་དང་ཆུ་བོ་ངལ་​བས་བརྒལ་ནས་འགྲོ།།
ལ་དང་ལུང་པ་གོམ་ཤུགས་སྤར་ཏེ་འགྲོ།།
​རྡོ་དང་ནགས་ཚལ་རྡོག་པས་བརྫིས་ཏེ་འགྲོ།།
ཐག་རིང་མི་ཡི་མཁུར་ཚོས་མེ་ལོང་ངོས།།
འཆར་ཞིང་ལྷུང་དུས་ང་རང་ཁེར་མ་དང་།།
ཡང་ན་​ཟང་ཟིང་དང་བྲལ་མཚན་མོ་ངེས།།
​ཁྱོད་རང་ཞེ་ལ་ཐོགས་པ་འཇིག་རྟེན་འདིའི།།
སྙན་འཇེབས་སིལ་དཀྲོལ་གཞས་ཀྱི་དྭངས་མ་ཡིན།།
ཉན་པའི་ཚེ་ན་ཡིད་དགའ་རབ་ཏུ་རྒྱས།།
གལ་ཏེ་ང་རང་ནམ་མཁའ་སྟོང་པ་དེའི།།
​ཕྱོགས་མཚམས་ཀུན་རྒྱུ་སྤྲིན་པ་ཡིན་ན་བསམ།།
​དེ་དུས་ཁྱོད་ཀྱི་མཁའ་རུ་རླུང་གིས་སྤུར།།
དེ་དུས་ཁྱོད་ཀྱི་མགོ་ཐོག་སྐྲ་ལོའི་གསེང་།།
རི་སྟོད་སྨུག་སྤྲིན་འཐིབས་ལྟར་ང་ཡང་བྱུང་།།
                 2020/3/21​
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ལས་ཀྱི་ཁྱོད།
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
​ཡུལ་འདིའི་ནམ་མཁའ་སྔོ་ཞིང་དྭངས།།
རྒྱུ་སྐར་ཚོགས་ནི་འགུལ་ཙམ་འོག།
མི་རྣམས་གཉིད་ཟིན་ཁུ་སིམ་དུས།།
ང་ནི་དལ་དལ་བཞུར་བའི་མཚོ།།
ཟླ་བ་འདི་ནི་ལས་ཀྱི་མི།།
འཆར་ཞིང་དཔྱངས་པའི་འོད་ཟེར་ནི།།
​རིང་དུ་བསྲིངས་བྱས་ལག་པ་ཟུང་།།
གཅེས་པའི་ཚུལ་གྱིས་བྱིལ་བྱིལ་བཏང་།།
སྤྲིན་པ་མཁའ་མཐར་རྒྱུ་བ་འདི།།
དྲན་པ་ཡི་གེར་བྲིས་བྱས་ནས།།
རླུང་གིས་ཡང་ཡང་སྤུར་ཚུལ་ཡིན།།
གནས་པའི་ཁ་ཐག་རིང་ན་ཡང་།།
ཁྱོད་རང་སེམས་པའི་རྫིང་བུ་ནང་།།
གཏན་དུ་ཟད་མེད་ཆུ་ཐིགས་བཞིན།།
ལྷུང་ཞིང་འཁྱིལ་བའི་ལས་འདི་ཨང་།།
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
               2020/3/9
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
​མགུར་དབྱངས།
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
དབུ་བཏེགས་གཙུག་ཏོར་དགུང་དང་མཉམ།།
དར་རས་སྤྲིན་དཀར་མགུར་དུ་འཁྱུད།།
​འདབ་ཆགས་ཚོགས་ནི་འཕུར་མ་ལྡིང་།།
དཔྱིད་དང་དབྱར་གྱི་དུས་ཚིགས་སུ།།
མེ་ཏོག་དཀར་དམར་ཕྲ་རྒྱན་བཏགས།།
བུང་བས་གླུ་ལེན་གར་ལ་རོལ།།
བདེ་འཇམ​་མཛེས་པའི་སྤང་གཞོངས་ན།།
དུས་བཞི་ཁྱད་མེད་ནོར་ཁྱུ་རྒྱུ།།
ངོ་མཚར་བརྗོད་བྲལ་མཐའ་ཡས་པའི།།
ཛྙཱ་ན་མེ་རི་བརྗིད་བག་ལྡན།།
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
རྨ་སེ་བློ་གྲོས་རིན་ཆེན་གྱི།།
​དགོངས་དོན་ཆར་གྱི་དྭངས་མ་ལས།།
​བྱུང་བའི་བཀྲ་ཤིས་ཟུར་མང་འདི།།
སྐར་ཚོགས་ས་ལ་འཕོས་འདྲ་ཡོད།།
ཉི་ཟླ་ཐང་ལ་ལྷུང་འདྲ་ཡོད།།
རྟགས་བརྒྱད་ས་ནས་བཀྲ་འདྲ་ཡོད།།
འཐུང་ན་ཁ་ལ་མངར་མོ་ཡིན།།
རེག་ན་ལག་ལ་འཇམ་པ་ཡིན།།
མཁས་པ་ཉིད་ནི་སྤྲིན་ལྟར་འཁྲིགས།།
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
          20/2/22​
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
​སྨོན་ལམ་འདེབས་སྟངས་གཞན། 
4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
བདག་གི་སེམས་ནི་རྣམ་པར་དྭངས།།
སྤྲིན་དང་བྲལ་བའི་ནམ་མཁའ་འདྲ།།
དེ་ཡི་དབུས་སུ་ཉི་ཟླ་ལྟར།།
བསྐོར་ནས་དལ་​དལ་འགྲོ་བ་པོ།།
རིང་ནས་ཚུར་བྱོན་ལྷ་མོ་ཁྱེད།།
མ་ཆགས་ཆགས་བྲལ་བརྩེ་ཆེན་མ།།
སྤྱན་གྱི་ཞགས་པ་མ་ལྷོད་པར།།
​ལུག་ཁྱུ་བཞིན་དུ་འཚོས་སམ་ཅི།།
ཁྱེད་ལ་བདག་ནི་འབུལ་ལགས་ན།།
ཁྱེད་ཀྱི་​སློབ་མར་བཟུང་དུ་གསོལ།།
​ནམ་མཁའི་སྤྲིན་ཐོག་བཞུགས་པ་ན།།
​སྐུ་ནི་སིན་རྡུ་ར་ལྟར་དམར།།
མཛེས་ཞེས་བརྗོད་པ་བསམ་མི་ཁྱབ།།
ཟླ་བ་དེ་ནི་ཕམ་པར་བྱས།།

微信图片_20200411192240.jpg4VG智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
རྩོམ་པ་པོ་མཚམས་སྦྱོར།
དུ་སྤྲིན། དགུ་བཅུའི་སྨད་ཙམ་དུ་མོ་གྲོང་གི་ཉེ་ཕྱོགས་ཤིག་ཏུ་སྐྱེས།2015ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ད་ལྟའི་བར《ཁམས་པའི་རྩོམ་རིག་སྒྱུ་རྩལ》《དྲི་ཟའི་གླིང་བུ》《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》《མཚོ་སྔོན་བོད་ཡིག་གསར་འགྱུར།》《ཁམས་པའི་ཚགས་པར།》 《རྔ་བའི་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཚོ་ལྷོ་བོད་ཡིག་ཚགས་པར》《ཀྲུང་གོ་བོད་ཀྱི་དྲ་བ》《བཙན་པོ་མགར་གྱི་དྲ་བ》 《རྨ་ཀླུང་རིག་གནས་དྲ་བ》《ཁམས་པའི་དྲ་བ》 《ཁམས་པའི་སློབ་ཁྲིད་དྲ་བ》སོགས་དང་གཞུང་སྒེར་གང་རུང་གི་དྲ་ཚགས་དེབ་གསུམ་དུ་སྙན་ངག་ཅི་རིགས་འགའ་བཀོད་མྱོང་།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论