ཕ་ས་ལགས ད་དུང་ང་ཚོ་ཡོད
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཕ་ས་ལགས ད་དུང་ང་ཚོ་ཡོད

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཁྲག་སྨྱུག(ཡུལ་ཤུལ།)  ཀློག་གྲངས །: སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཕ་ས་ལགས    ད་དུང་ང་ཚོ་ཡོདjUQ康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ

                              ཁྲག་སྨྱུག(ཡུལ་ཤུལ།)
jUQ康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ནོར་ནག་དང་ལུ་གུ་ཡོད་སའི་རྩྭ་ཐང་སྟེང་ལ
ངོ་གདོང་དཀར་དམར་གཉིས་མིག་ཆུའི་ཁྲོད་དུ་ལྷུང
གནམ་སྔོན་པོ་དང་ས་གཞི་ཡངས་པོ
སེམས་ཅན་ཡོད་ཚད་ཨ་མ་ལ་བསྒོམས་ནས
རྫི་གླུ་སྙན་མོ་བཞིན་ངག་ལ་གྱེར་དུས
ངའི་ཕ་ཡུལ་ལ་ཁྱི་སྤྱང་གི་སྦར་མོ་བཞིན
འབྲོང་རྒོད་ཀྱི་རྭ་ཁ་བཞིན
སྙིང་རྗེ་མེད་པའི་གཤིན་རྗེའི་ཕོ་ཉ་བཞིན
ས་སྟེང་གི་སེམས་ཅན་མང་པོའདི་ལྟར་ས་འོག་ལ་ནུབ
jUQ康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
ཨ་མའི་བརྩེ་སེམས་ལ་དྲིན་གཟོ་མ་ཐུབ
ཨ་ཕའི་སྙིང་སྟོབས་ལ་དཔུང་རོགས་མ་ཐུབ
གྲངས་མེད་ཀྱི་སེམས་ཅན་མང་པོ
འདི་ལྟར་ཕེབས་དགོས་བྱུང
jUQ康巴教学资源网 杨赛网 藏语文教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ
མ་གཞི་ཤ་ཚ་བའི་ཚིག་ལ་སྙན་པོ་མེད་ཟེར
སྙིང་རྗེ་མེད་པའི་ས་འགུལ་གྱི་གོ་རིམ་ལ་བལྟས་དུས
ངའི་མིག་ཆུ་ལ་རང་དབང་མི་འདུག
ལོ་ཟླ་གང་མང་ལ
རྡོ་རིང་སྐྱ་བོ་ཞིག་འདི་ལྟར་གནས་ཡོད
ལོ་ཟླ་ནག་པོ་ཞིག་འདི་ལྟར་གྲུབ་ཡོད
ཕ་ས་ལགས        ད་དུང་ང་ཚོ་ཡོད
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论