ཚངས་དབྱངས་རྒྱ་མཚོ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཚངས་དབྱངས་རྒྱ་མཚོ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཀ་ར། རྫ་ཆུ་ཁ།  ཀློག་གྲངས །: སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཚངས་དབྱངས་རྒྱ་མཚོ།Jey智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                               ཀ་ར།  རྫ་ཆུ་ཁ།
 
ཁྱེད་ཉིད་གངས་རི་ཡིན་ནམ་གངས་སེང་ཡིན།།
ཡང་ན་སྤྲིན་པ་ཡིན་ནམ་གཙང་བོ་ཡིན།།
སྨྲ་བ་དྲོད་དུ་ལྷུང་བའི་དབུགས་རྔམ་གྱིས།།
ཁྱེད་ཉིད་ལན་གཅིག་མགྲིན་པའི་ལྟེ་བར་བསུ།།
 
ཁྱེད་རང་སྙན་ངག་ཡིན་ནམ་བདུད་རྩི་ཡིན།།
ཡང་ན་མ་བྲིས་སེམས་ཀྱི་རི་མོ་ཡིན།།
སྨྲེང་བ་ཙག་དང་འདྲེས་པའི་དགུན་གྱི་ཁྱོན།།
སྙན་ངག་མེ་ལྕེ་འབར་བས་ཁྱེད་ཉིད་བསྲོ།།
 
ཁྱེད་ཉིད་ལྷ་ས་ཡིན་ནམ་ཇོ་བོ་ཡིན།།
ཡང་ན་མ་སྐྱེས་ཨ་མའི་དགྱེས་ཞལ་ཡིན།།
རུས་པ་གསེར་གྱིས་ཤན་པའི་བགྲེས་པོ་ཆེས།།
སྙན་པའི་ཚིག་ལ་མགུར་གྱི་དོ་ཧ་བཞེངས།།
 
ཁྱེད་ཉིད་མནྡར་ཡིན་ནམ་དྲུག་དཀར་ཡིན།།
ཡང་ན་ངོམས་མེད་ཨིནྡྲ་ནི་ལ་ཡིན།།
མིག་གི་འོབས་སུ་འཁྱུད་ཙམ་བྱས་པ་ན།།
ཆབ་ཀྱི་བརླན་པ་འོད་ཀྱི་དྲོད་ལ་འཐག།
 
ཁྱེད་ནི་རང་བྱུང་མིན་པའི་ནོར་བུ་ཉིད།།
མགུར་དང་མ་སྐྱེས་ཨ་མའི་དོ་ཤལ་ཉིད།།
ཁྱེད་ནི་བཙན་པོའི་རུས་སུ་ཉལ་བ་ཉིད།།
མ་ཕྱིས་ཟླ་བ་ལྷ་མོའི་གའུ་ཉིད།།
 
ཁྱེད་ནི་ངོམས་པ་མེད་པའི་མཆོད་སྡོང་ལགས།།
དབུས་ཀྱི་ཞིང་ཁ་དེ་ཡི་གངས་རི་ལགས།།
ཁྱེད་ནི་བར་བསྐོར་ནང་གི་མགྲོན་པོ་ལགས།།
མྱོས་མ་ཁྲི་མ་འབུམ་གྱི་མཐོང་བྱེད་འཕྲོགས།།
 
                                     ༢༠༢༠ ༡ ༢༢)
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论