གལ་ཏེ་ལྷིང་འཇགས་ཀྱིས་ང་རང་བོར་བ་ཡིན་ན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

གལ་ཏེ་ལྷིང་འཇགས་ཀྱིས་ང་རང་བོར་བ་ཡིན་ན།

ཡོང་ཁུངས། : 康巴教学资源网   རྩོམ་པ་པོ། : པད་གྲོལ།  ཀློག་གྲངས །: སྤེལ་དུས། : 2020-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།
བདག་གིས
ཁྱོད་ཀྱིས་གནམ་འཕང་ལ་གཏད་པའི
གཤོག་ཟུང་གི་གསང་བ་ཧྲིལ་བོ་ཤེས་ན་འདོད
ཧ་ཅང་ལྷིང་འཇགས་ཡིན་དུས
བདག་གིས་དལ་གྱིས་བདག་གི་ནམ་མཁའ་ལ་ཅེར་ཚེ
ཐོ་རེངས་ཀྱི་སྐར་མདའ་དེ་དག་འཕུར་གྲུ་ཆུང་ཆུང་མང་པོ་དང་འདྲ་བར
ཕྱོགས་གཞན་ཞིག་ནས་འཕུར་ཡོང་སྟེ་ཁྱོད་ཀྱི་བར་སྣང་དུ་འཚང་།
 
 
གལ་ཏེ་ལྷིིང་འཇགས་ཀྱིས་ང་རང་བོར་བ་ཡིན་ན
ངས་ཀྱང་མཚོ་ངོགས་ཀྱི་རླབས་རིིས་ལ་ཡང་བསྐྱར་ཐེངས་གཅིག་བལྟས་ནས
བྲང་ཁོག་ཏུ་རྙུག་མར་གནས་པའི་དགའ་སྐྱོའི་ཟིན་ཐོ་དེ་དག
ཤུགས་ཀྱིས་འཕྱོ་བའི་རྦ་རླབས་དང་བསྲེས་ཏེ་འདོར་བར་བྱ།
 
 
གལ་ཏེ་ཁྱོད་ཀྱི་བརྩེ་བ་དེ་བདག་ལ་བརྟེན་ནས་འཚོ་བཞིན་ཡོད་ཚེ
སང་ཉིན་དང་སང་ཉིན་གྱི་རྗེས་སུ་འུ་གཉིས་ཀྱི་མ་འོངས་པ་ཡོད་པས་
ངས་ཀྱང་རྟག་ཏུ་སང་ཉིན་བསླེབ་ཡོང་བར་སྒུག་ཆོག
 
 
གལ་ཏེ་སང་ཉིན་གྱི་བྱ་བ་འཁྲུལ་སྣང་དུ་གྱུར་ཏེ་
ཡོད་ཚད་དེ་རིང་མཇུག་རྫོགས་པ་ཡིན་ཚེ
ངས་ཆེས་མཐའ་མའི་དབུགས་ཀྱི་འབྱིན་རྔུབས་ལས་ཀྱང་
ང་ཁྱོད་ལ་དགའ་ཞེས་བརྗོད་ཆོགqpz智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
                                                                        2019.12.31
 
 
རྩོམ་སྒྲིག་པ། : མི་གསལ*
མཉམ་སྤྱོད །     
    匿名评论
  • 评论
人参与,条评论