ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཚངས་དབྱངས་རྒྱ་མཚོའི་མགུར་གླུ།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཚངས་དབྱངས་རྒྱ་མཚོ  ཀློག་གྲངས །: སྤེལ་དུས། : 2021-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།
༼༠༡ ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང༌། །མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༠༢ ན་ནིང་བཏབ་པའི་ལྗང་གཞོན། །ད་ལོ་སོག་མའི་ཕོན་ལྕོག །ཕོ་གཞོན་རྒས་པའི་ལུས་པོ། །ལྷོ་གཞུ་ལས་ཀྱང་གྱོང་བ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༠༣ རང་སེམས་སོང་བའི་མི་དེ། །གཏན་གྱི་འདུན་མར་བྱུང་ན། །རྒྱ་མཚོའི་གཏིང་ནས་ནོར་བུ། །ལོན་པ་དེ་དང་འདྲ་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༠༤ འགྲོ་ཞོར་ལམ་བུའི་སྙིང་ཐུབ། །ལུས་དྲི་ཞིམ་པའི་བུ་མོ། །གཡུ་ཆུང་དྲུག་དཀར་རྙེད་ནས། །བསྐྱུར་བ་དེ་དང་འདྲ་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥ མི་ཆེན་དཔོན་པོའི་སྲས་མོ། །ཁ་འབྲས་མཚར་ལུགས་བལྟས་ན། །ཁམ་སྡོང་མཐོན་པོའི་རྩེ་ནས། །འབྲས་བུ་སྨིན་དང་འདྲ་བྱུང༌། །  y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༠༦ སེམས་པ་ཕར་ལ་ཤོར་ནས། །མཚན་མོའི་གཉིད་ཐེབས་གཅོག་གི།ཉིན་མོ་ལག་ཏུ་མ་ལོན། །ཡིད་ཐང་ཆད་རོགས་ཡིན་པས། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༠༧ མེ་ཏོག་ནམ་ཟླ་ཡལ་སོང༌། །གཡུ་སྦྲང་སེམས་པ་མ་སྐྱོ། །བྱམས་པའི་ལས་འཕྲོ་ཟད་པར། །ང་ནི་སྐྱོ་རྒྱུ་མི་འདུག །  y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༠༨ རྩི་ཐོག་བ་མོའི་ཁ་ལ། །སྐྱི་བསེར་རླུང་གི་ཕོ་ཉ། །མེ་ཏོག་སྦྲང་བུ་གཉིས་ཀྱི། །འབྲེལ་མཚམས་གཅོད་མཁན་ལོས་ཡིན། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༠༩ ངང་བ་འདམ་ལ་ཆགས་ནས། །རེ་ཞིག་སྡོད་དགོས་བསམས་ཀྱང༌། །མཚོ་མོ་དར་ཁ་འགྲིགས་ནས། །རང་སེམས་ཁོ་ཐག་ཆོད་སོང༌། །y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༡༠ གྲུ་ཤན་སེམས་པ་མེད་ཀྱང༌། །རྟ་མགོས་ཕྱི་མིག་བལྟས་བྱུང༌། །ཁྲེལ་གཞུང་མེད་པའི་བྱམས་པས། །ང་ལ་ཕྱི་མིག་མི་ལྟ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༡༡ ང་དང་ཚོང་འདུས་བུ་མོའི། །ཚིག་གསུམ་དམ་བཅའི་མདུད་པ། །ཁྲ་བོ་སྦྲུལ་ལ་མ་བརྒྱབ། །རང་རང་ས་ལ་གྲོལ་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༡༢ ཆུང་འདྲིས་བྱམས་པའི་རླུང་བསྐྱེད། །ལྕང་མའི་ལོགས་ལ་བཙུགས་ཡོད། །ལྕང་སྲུང་ཨ་ཇོ་ཞལ་ངོས། །རྡོ་ཀ་རྒྱག་པ་མ་གནང༌། །y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༡༣ བྲིས་པའི་ཡི་གེ་ནག་ཆུང༌། །ཆུ་དང་ཐིགས་པས་འཇིགས་སོང༌། །མ་བྲིས་སེམས་ཀྱི་རི་མོ། །བསུབས་ཀྱང་བསུབ་རྒྱུ་མི་འདུག ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༡༤ བརྒྱབ་པའི་ནག་ཆུང་ཐེའུས། །གསུང་སྐད་འབྱོན་ནི་མི་ཤེས། །ཁྲེལ་དང་གཞུང་གི་ཐེའུ། །སོ་སོའི་སེམས་ལ་སྐྱོན་དང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༡༥ སྟོབས་ལྡན་ཧ་ལོའི་མེ་ཏོག །མཆོད་པའི་རྫས་ལ་ཕེབས་ན། །གཡུ་སྦྲང་གཞོན་ནུ་ང་ཡང༌། །ལྷ་ཁང་ནང་ལ་ཁྲིད་དང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༡༦ སེམས་སོང་བུ་མོ་མི་བཞུགས། །དམ་པའི་ཆོས་ལ་ཕེབས་ན། །ཕོ་གཞོན་ང་ཡང་མི་སྡོད། །རི་ཁྲོད་འགྲིམ་ལ་ཐལ་འགྲོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༡༧ མཚན་ལྡན་བླ་མའི་དྲུང་དུ། །སེམས་ཁྲིད་ཞུ་བར་ཕྱིན་པས། །སེམས་པ་བསྐོར་ཀྱང་མི་ཐུབ། །བྱམས་པའི་ཕྱོགས་ལ་ཤོར་སོང༌། །y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 ༼༡༨ སྒོམ་པ་བླ་མའི་ཞལ་རས། །ཡིད་ལ་འཆར་རྒྱུ་མི་འདུག །མ་བསྒོམས་བྱམས་པའི་ཞལ་རས། །ཡིད་ལ་ཝ་ལེ་ཝ་ལེ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༡༩ སེམས་པ་འདི་ལ་འགྲོ་འགྲོ། །དམ་པའི་ཆོས་ལ་ཕྱིན་ན། །ཚེ་གཅིག་ལུས་གཅིག་ཉིད་ལ། །སངས་རྒྱས་འཐོབ་པར་འདུག་གོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༠ དག་པ་ཤེལ་རིའི་གངས་ཆུ། །ཀླུ་བདུད་རྡོ་རྗེའི་ཟིལ་བ། །བདུད་རྩི་སྨན་གྱི་ཕབ་རྒྱུན། །ཆང་མ་ཡེ་ཤེས་མཁའ་འགྲོ།དམ་ཚིག་གཙང་མས་བཏུང་ན། །ངན་སོང་མྱོང་དགོས་མི་འདུག ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༡ རླུང་རྟ་ཡར་འགྲོའི་དུས་ལ། །རླུང་བསྐྱེད་དར་ལྕོག་བཙུགས་པས། །མཛངས་མ་མ་བཟང་བུ་མོས། །ང་རང་མགྲོན་པོར་བོས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༢ སོ་དཀར་པགས་པའི་འཛུམ་མདངས། །བཞུགས་གྲལ་སྤྱི་ལ་བསྟན་ཀྱང༌། །མིག་ཟུར་ཁྲ་མོའི་སྒྲིལ་མཚམས། །གཞོན་པའི་གདོང་ལ་བལྟས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༣ ཧ་ཅང་སེམས་ལ་སོང་ནས། །འགྲོགས་འདྲིས་ཨེ་ཡོང་དྲིས་པས། །འཆི་བྲལ་བྱེད་ན་མིན་པ། །གསོན་བྲལ་མི་བྱེད་གསུངས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༤ མཛངས་མའི་ཐུགས་དང་བསྟུན་ན། །ཚེ་འདིའི་ཆོས་སྐལ་ཆད་འགྲོ། །དབེན་པའི་རི་ཁྲོད་འགྲིམས་ན། །བུ་མོའི་ཐུགས་དང་འགལ་འགྲོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༥ ཀོང་ཕྲུག་གཞོན་པའི་བློ་སྣ། །སྦྲང་བུ་རྒྱ་ལ་བཅུག་འདྲ། །ཞག་གསུམ་ཉལ་རོགས་བྱས་པས། །ཕུགས་ཡུལ་ལྷ་ཆོས་དྲན་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༦ གཏན་གྲོགས་ཁྱོད་ལ་སེམས་པའི། །ཁྲེལ་དང་ངོ་ཚ་མེད་ན། །མགོ་ལ་བརྒྱབ་པའི་གཙུག་གཡུས། །སྐད་ཆ་སྨྲ་ནི་མི་ཤེས། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༧ འཛུམ་དང་སོ་དཀར་སྟོན་ཕྱོགས། །གཞོན་པའི་བློ་བྲིད་ཡིན་འདུག །སྙིང་ན་ཤ་ཚ་ཡོད་མེད། །དབུ་མནའ་བཞེས་རོགས་གནང་དང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༨ སྙིང་ཐུབ་བྱ་རྡོ་ལམ་འཕྲད། །ཨ་མ་ཆང་མས་སྦྱར་བྱུང༌། །ལན་ཆགས་བུ་ལོན་བྱུང་ན། །འཚོ་སྐྱོང་ཁྱོད་རས་གནང་ཞུ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༢༩ སྙིང་གཏམ་ཕ་མར་མ་བཤད། །ཆུང་འདྲིས་བྱམས་པར་བཤད་པས། །བྱམས་པ་ཤ་ཕོ་མང་ནས། །གསང་གཏམ་དགྲ་བོས་གོ་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༠ སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །རྔོན་པ་ང་རས་ཟིན་ཀྱང༌། །དབང་ཆེན་མི་ཡི་དཔོན་པོ། །ནོར་བཟང་རྒྱལ་པོས་ཕྲོགས་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༡ ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཆོད། །ནོར་བུ་མི་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚངས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༢ རང་ལ་དགའ་བའི་བྱམས་པ། །གཞན་གྱི་འདུན་མར་བླངས་སོང༌། །ཁོག་ནད་སེམས་པའི་གཅོང་གིས། །ལུས་པོའི་ཤ་ཡང་བསྐམས་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༣ སྙིང་ཐུབ་རྐུ་ལ་ཤོར་སོང༌། །མོ་ཕྱཱ་རྩིས་འབུལ་རན་སོང༌། །བུ་མོ་དུང་སེམས་ཅན་མ། །རྨི་ལམ་ལ་ཡང་འཁོར་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༤ བུ་མོར་འཆི་བ་མེད་ན། །ཆང་ལ་འཛད་པ་མི་འདུག །གཞོན་པའི་གཏན་གྱི་སྐྱབས་གནས། །འདི་ལ་བཅོལ་བས་ལོས་ཆོག ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༥ བུ་མོ་ཨ་མར་མ་སྐྱེས། །ཁམ་བུའི་ཤིང་ལ་སྐྱེས་སམ། །ཨ་གསར་ཟད་པ་ཁམ་བུའི། །མེ་ཏོག་དེ་ལས་མགྱོགས་པ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༦ བུ་མོ་ཆུང་འདྲིས་བྱམས་པ། །སྤྱང་ཀིའི་རིགས་རྒྱུད་མིན་ནམ། །ཤ་འདྲེས་ལྤགས་འདྲེས་བྱུང་ཡང༌། །རི་ལ་ཤོར་གྲབས་མཛད་གིས། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༧ རྟ་རྒོད་རི་ཡར་བརྒྱབ་པ། །རྙི་དང་ཞགས་པས་ཟིན་གྱི། །བྱམས་པས་ངོ་ལོག་བརྒྱབ་པས། །ཐུགས་ངོ་ཟིན་པ་མི་འདུག ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༨ བྲག་དང་རླུང་པོ་བསྡེབས་ནས། །རྒོད་པོའི་སྒྲོ་ལ་གཟན་བྱུང༌། །གཡོ་ཅན་རྫུ་བག་ཅན་གྱིས། །ང་ལ་གཟན་པོ་བྱས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༣༩ སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༠ ས་དེ་ཁ་ཞུར་གཏིང་འཁྱགས། །རྟ་ཕོ་གཏོང་ས་མ་རེད། །གསང་གྲོགས་བྱམས་པའི་ཕྱོགས་ལ། །སྙིང་གཏམ་བཤད་ས་མ་རེད། །y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
  ༼༤༡ ཚེས་ཆེན་བཅོ་ལྔའི་ཟླ་བ། །ཡིན་པ་འདྲ་བ་འདུག་སྟེ། །ཟླ་བའི་དཀྱིལ་གྱི་རི་བོང༌། །ཚེ་ཟད་ཚང་ནས་འདུག་གོ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༢ ཟླ་བ་འདི་ལ་ཕར་འགྲོ། །རྟིང་མའི་ཟླ་ལ་ཚུར་ཡོང༌། །བཀྲ་ཤིས་ཟླ་བ་དཀར་བོ། །ཟླ་སྟོད་ཕྱོགས་ལ་མཇལ་ཡོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༣ དབུས་ཀྱི་རི་རྒྱལ་ལྷུན་པོ། །མི་འགྱུར་བརྟན་པོར་བཞུགས་དང༌། །ཉི་མ་ཟླ་བའི་འཁོར་ཕྱོགས། །ནོར་ཡོང་བསམ་པ་མི་འདུག ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༤ ཚེས་གསུམ་ཟླ་བ་དཀར་པོ། །དཀར་གོས་ནང་ནས་ཆོད་སོང༌། །བཅོ་ལྔའི་ནམ་དང་མཉམ་པའི། །ཞལ་བཞེས་གཅིག་ཀྱང་གནང་ཞུ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༥ ས་བཅུའི་དབྱིངས་སུ་བཞུགས་པའི། །དམ་ཅན་རྡོ་རྗེ་ཆོས་སྐྱོང༌། །མཐུ་དང་ནུས་པ་ཡོད་ན། །བསྟན་པའི་དགྲ་བོ་སྒྲོལ་དང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༦ ཁུ་བྱུག་མོན་ནས་ཡོང་བས། །ནམ་ཟླའི་ས་བཅུད་འཕེལ་སོང༌། །ང་དང་བྱམས་པ་ཕྲད་ནས། །ལུས་སེམས་ལྷོད་པོར་ལངས་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༧ ཁྱི་དེ་སྟག་ཁྱི་གཟིག་ཁྱི། །གདག་ག་བྱིན་ནས་འདྲིས་སོང༌། །ནང་གི་སྟག་མོ་རིས་འཛོམས། །འདྲིས་ནས་ཐུ་རུ་ལངས་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༨ ཤ་འཇམ་ལུས་པོ་འདྲེས་ཀྱང༌། །བྱམས་པའི་གདེང་ཚོད་མི་ལོན། །ས་ལ་རི་མོ་བྲིས་པས། །ནམ་མཁའི་སྐར་ཚོད་ཐིག་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༤༩ ང་དང་བྱམས་པའི་སྡེབ་ས། །ལྷོ་རོང་མོན་པའི་ནགས་གསེབ། །སྨྲ་མཁན་ནེ་ཙོ་མ་གཏོགས། །སུ་དང་གང་གིས་མི་ཤེས། །སྨྲ་མཁན་ནེ་ཙོས་ཨོ་ཤེས། །གསང་ཁ་སྟོན་པ་མ་གནང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༠ ལྷ་ས་མི་ཚོགས་འཐུག་ལ། །འཕྱོངས་རྒྱས་མི་སྤུས་དག་པ། །ང་ལ་ཡོད་པའི་ཆུང་འདྲིས། །འཕྱོངས་རྒྱས་གཞུང་ལ་ཡོད་དོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༡ ཁྱི་རྒན་རྒྱ་བོ་ཟེར་བ། །རྣམ་ཤེས་མི་ལས་སྤྱང་པ། །སྲོད་ལ་ཕྱིན་སོང་མ་ཟེར། །ཐོ་རངས་ལོག་བྱུང་མ་ཟེར། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༢ སྲོད་ལ་བྱམས་པ་བཙལ་བས། །ཐོ་རངས་ཁ་བ་བབས་བྱུང༌། །གསང་དང་མ་གསང་མི་འདུག །ཞབས་རྗེས་གངས་ལ་བཞག་འདུག ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༣ པོ་ཏ་ལ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ། །ལྷ་ས་ཞོལ་ལ་སྡོད་དུས། །འཆལ་པོ་དང་བཟང་དབང་པོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༤ ཤ་འཇམ་མལ་སའི་ནང་གི།སྙིང་ཐུབ་དུང་སེམས་ཅན་མས། །ཨོ་ལོའི་རྒྱུ་ནོར་འཕྲོག་པའི། །གཡོ་སྒྱུ་བཤད་པ་མིན་འགྲོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༥ དབུ་ཞྭ་དབུ་ལ་བཞེས་སོང༌། །དབུ་ལྕང་རྒྱབ་ལ་དབྱུགས་སོང༌། །ག་ལེ་ཕེབས་དང་བྱས་པས། །ག་ལེ་བཞུགས་ཤིག་གསུངས་བྱུང༌། །ཐུགས་སེམས་སྐྱོ་ཡོང་བྱས་པས། །མགྱོགས་པོ་འཕྲད་ཡོང་གསུངས་བྱུང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༦ བྱ་དེ་ཁྲུང་ཁྲུང་དཀར་པོ། །གཤོག་རྩལ་ང་ལ་གཡོར་དང༌། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་བསྐོར་ནས་བསླེབ་ཡོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༧ ཤི་དེ་དམྱལ་བའི་ཡུལ་གྱི། །ཆོས་རྒྱལ་ལས་ཀྱི་མེ་ལོང༌། །འདི་ནས་ཁྲིག་ཁྲིག་མི་འདུག །འདི་ནས་ཁྲིག་ཁྲིག་གནང་ཞུ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༨ མདའ་མོ་འབེན་ལ་ཕོག་སོང༌། །མདེའུ་ས་ལ་འཛུལ་སོང༌། །ཆུང་འདྲིས་བྱམས་པ་ཕྲད་བྱུང༌། །སེམས་ཉིད་རྗེས་ལ་འབྲངས་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༥༩ རྒྱ་གར་ཤར་གྱི་རྨ་བྱ། །ཀོང་ཡུལ་མཐིལ་གྱི་ནེ་ཙོ། །འཁྲུངས་ས་འཁྲུངས་ཡུལ་མི་གཅིག །ཛའཛོམས་པ་ཆོས་འཁོར་ལྷ་ས། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༠ མི་ཚོས་ང་ལ་ལབ་པ། །དགོངས་དག་ཡིན་པ་ཁག་ཐེག །ཨོ་ལོའི་གོམ་གསུམ་ཕྲ་མོ། །གནས་མོའི་ནང་ལ་ཐལ་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༡ ལྕང་མ་བྱེའུར་སེམས་ཤོར། །བྱེའུ་ལྕང་མར་སེམས་ཤོར། །སེམས་ཤོར་མཐུན་པ་བྱུང་ན། །བྱ་ཁྲ་ཧོར་པས་མི་ཐུབ། །  y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༢ ད་ལྟའི་ཚེ་ཐུང་འདི་ལ། །དེ་ཁ་ཙམ་ཞིག་ཞུས་ནས། །རྟིང་མ་བྱིས་པའི་ལོ་ལ། །མཇལ་འཛོམ་ཨེ་ཡོང་བལྟའོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༣ བྱ་དེ་སྨྲ་མཁན་ནེ་ཙོ། །ཁ་རོག་བཞུགས་རོགས་མཛོད་དང༌། །ལྕང་གླིང་ཨ་ལྕེ་འཇོལ་མོ། །གསུང་སྙན་སྒྱུར་དགོས་བྱུང་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༤ རྒྱབ་ཀྱི་ཀླུ་བདུད་བཙན་པོ། །འཇིགས་དང་མི་འཇིགས་མི་འདུག །མདུན་གྱི་ཀ་ར་ཀུ་ཤུ།འཐོགས་སུ་དགོས་པ་བྱས་སོང༌། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༥ དང་པོ་མ་མཐོང་ཆོག་ཀ།སེམས་པ་འཆོར་དོན་མི་འདུག །གཉིས་པ་མ་འདྲིས་ཆོག་ཀ།སེམས་གཅོང་ཞུགས་དོན་མི་འདུག y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༦ རིག་འཛིན་ཚངས་དབྱངས་རྒྱ་མཚོ། །སྙིང་སྡུག་འཚོལ་གྱིས་མ་གསུང་། །རང་ལ་དགོས་པ་ནང་བཞིན། །མི་ལ་དགོས་ཀྱི་ཡོད་འགྲོ། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༧ ལྷ་ཤིང་ཤུག་པའི་རྩེ་ལ། །ཁུ་བྱུག་གཞོན་ནུ་བབས་འདུག །གསུང་སྐད་མང་པོ་མི་དགོས། །སྙན་པོ་ཚིག་གཅིག་གསུངས་དང་། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༨ བསམ་ཡས་བྱ་ཕོ་དཀར་པོ། །བྱ་སྐད་སྔ་པོ་མ་རྒྱོབ། །ང་དང་ཆུང་འདྲིས་བྱམས་པ། །སྙིང་གཏམ་ཤོད་འཕྲོས་ལུས་ཡོད། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༦༩ ཆང་འདི་དང་པོས་མ་བཟི། །ཆང་འདི་གཉིས་པས་མ་བཟི། །ཆུང་འདྲིས་བྱམས་པས་ཞུས་པས། །ཞལ་དཀར་གང་གིས་བཟི་སོང་། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༧༠ མི་ཚོགས་མང་པོའི་དཀྱིལ་དུ། །ང་གཉིས་ཡིན་མདོག་མ་གནང་། །ཁྱེད་ཀྱི་ཐུགས་ལ་ཡོད་ན། །སྤྱན་གྱིས་གཟིགས་ཕྱོགས་གནང་དང་། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༧༡ ཁྱོད་ནི་གསེར་ཟངས་སྐུ་རེད། །ང་ནི་འདག་པའི་ལྷ་རེད། །ལྷ་ཁང་གཅིག་གི་ནང་དུ། །ང་གཉིས་མཉམ་དུ་མི་ཡོང་། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༧༢ སེམས་གཅོང་བྱམས་པས་གཅུག་པས། །ལུས་པོའི་མདོག་ལ་གཟིགས་དང་། །ཤ་སྐམ་པགས་སྐམ་བྱས་པར། །ཨེམ་རྗེ་བརྒྱ་ཡིས་མ་ཕན། ། y3n智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
༼༧༣ ཤ་ཚ་ཆེ་བའི་དུས་ལ། །སྙིང་གཏམ་ཚང་མ་མ་ཤོད། །ཁ་གཅིག་སྐོམ་པའི་དུས་ལ། །རྫིང་ཆུ་ཚང་མ་མ་འཐུང་། །ལས་ལ་འགྱུར་བ་ཡོང་དུས། །འགྱོད་པ་བྱས་ཀྱང་འཕྱིས་ཡོང་།།  །།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论