སློབ་དཔོན་མཆོད་པའི་བསྟོད་དབྱངས།
-----------དགེ་རྒན་དུས་ཆེན་ཐེངས་སོ་བདུན་པར་ཕུལ་བ།
༡ གངས་ཅན་ཤེས་རིག་ཉིན་བྱེད་བསུ་མཛད་དམ་པ་གང་གི་ཡོན་ཏན་སྐུ།།
སྐུ་གསུང་ཐུགས་ཀྱི་འོད་ཟེར་རིག་བཅུས་གངས་རིའི་མུ་ཁྱུད་འོད་སྲུངས་ཚུགས།།
ཚུགས་བཞིའི་དུས་ཐོག་ཟིལ་ཆུས་ཞ་ལུ་སྣོད་ལྡན་གཞལ་ཡས་བརྩེ་བསྐྱངས་བའི།།
དམ་ཚིག་སྡོམ་སོགས་ཕན་མཛད་གང་གི་སློབ་དཔོན་ཞབས་ལ་སྙིང་ནས་འདུད།།
༢ དྲུག་གཅིག་དགུ་ལོའི་དབྱར་གྱི་མཚན་གཞུང་ལ།།
ལྷོ་ཁའི་ཡུལ་ལ་བཀྲ་ཤིས་འཇའ་ཚོན་ཤར།།
བྷོ་ཊའི་ལྗོངས་ལ་ཤེས་རིག་མེ་ཏོག་བཞད།།
སློབ་དཔོན་ཞེས་བྱ་ཐོན་མི་ཨ་ནུ་འཁྲུངས།།
༣ དབྱངས་གསལ་སོ་བཞིའི་མཆོད་པ་ཐོག་མར་བཤམས།།
སྒྲ་ཚད་ཡི་གེའི་ཉི་ཟླ་དགུང་ནས་འཆར།།
གངས་ལྗོངས་མ་རིག་མུན་པ་དབྱིངས་ནས་སེལ།།
བཅུ་ཕྲག་རིག་གནས་ཆར་རྒྱུན་ཤ་མོ་བརྡོལ།།
༤ ཆོལ་གསུམ་ཡུལ་ནས་ཀ་ཁའི་གླུ་དབྱངས་གྱེར།།
ཨཱ་ལི་ཀཱ་ལིའི་བསྟན་པ་ས་སྒང་ཁྱབ།།
རྗེ་རྒྱལ་བློ་བཟང་རིང་ལུགས་པད་དཀར་བཞད།།
འཛམ་གླིང་འགྲོ་མིས་སྨོན་ལྗོངས་འགྲམ་ཆུ་ཁོལ།།
༥ བགྲང་བྱ་དུས་ཀྱི་མདའ་རྟགས་འཁོར་འགྲོས་ལས།།
བསིལ་ལྡན་ལྗོངས་ལ་ཤེས་རིག་དཔལ་ཡོན་རྒྱས།།
བཤེས་གཉེན་དཔག་བསམ་ཤིང་གི་དགའ་ཚལ་གྲུབ།།
གདུལ་བྱ་ཤེས་བྱའི་ནོར་ལ་མྱོས་འཐོམས་བྱེད།།
༦ སྒོ་གསུམ་ཕྱུག་ཅིང་གཞན་དོན་ལ་བཞུགས་པའི།།
དུས་གསུམ་འགྲོ་མིའི་ལམ་སྟོན་སྒྲོན་མེ་འོད།།
འཇིག་རྟེན་མུན་པ་སེལ་བའི་སྐྱབས་ཀྱི་ཚོགས།།
བཤེས་གཉེན་དམ་པ་རྣམས་ཀྱི་དུས་ལ་འདུད།།
༢༠༢༡.༩.༨ཉིན། གཏེར་ལྗོངས་གྲོང་ནས །