ཁྱོད་རང་དྲན་པའི་ཉིན་མོ། །
མིག་ཆུ་ལྷུང་ལྷུང་འབབ་བྱུང་། །
དཔྱིད་ཀྱི་དྲི་བཞོན་ལྡང་བས། །
ཁྱོད་ཀྱིས་པང་བ་བཞིན་ནོ། །
ཆུང་འདྲིས་ཡང་ཡང་དྲན་བ། །
ཡིད་སེམས་འདི་འདྲ་སྐྱིད་པོ། །
དབྱར་གཞུང་མེ་ཏོག་བཞད་པས། །
ཁྱོད་ཀྱིས་འབུལ་བའི་ལེགས་སྐྱེས། །
ངེད་གཉིས་བར་ཀྱི་བརྩེ་གདུང་། །
ཆགས་སྒོ་འགྱུར་ལྡོག་ཐོན་ཐལ། །
རང་སེམས་སྡུག་གི་སྣང་བ། །
སྟོན་སེར་འབབ་བའི་སེར་བ། །
བརྩེ་གདུང་བརྩེ་གདུང་ཟེར་བ། །
ཡིད་ལ་སྡུག་བསྔལ་སྐྱེས་བས། །
སྡུག་སྣང་སྐྱེས་བའི་སྒོ་གསུམ། །
དགུན་གྱི་གྲང་ངར་མཚུངས་བ། །
ཆུང་འདྲིས་ངེད་གཉིས་ལས་དབང་། །
ཨ་སྔོན་དབྱིངས་ཀྱི་གནམ་གཤིས། །
ཕོ་མོ་བར་གྱི་ལས་འབྲེལ། །
འཇིག་རྟེན་འཁོར་བ་ཡིན་ནོ། །
མིག་ཆུ་ལྷུང་ལྷུང་འབབ་བྱུང་། །
དཔྱིད་ཀྱི་དྲི་བཞོན་ལྡང་བས། །
ཁྱོད་ཀྱིས་པང་བ་བཞིན་ནོ། །
ཆུང་འདྲིས་ཡང་ཡང་དྲན་བ། །
ཡིད་སེམས་འདི་འདྲ་སྐྱིད་པོ། །
དབྱར་གཞུང་མེ་ཏོག་བཞད་པས། །
ཁྱོད་ཀྱིས་འབུལ་བའི་ལེགས་སྐྱེས། །
ངེད་གཉིས་བར་ཀྱི་བརྩེ་གདུང་། །
ཆགས་སྒོ་འགྱུར་ལྡོག་ཐོན་ཐལ། །
རང་སེམས་སྡུག་གི་སྣང་བ། །
སྟོན་སེར་འབབ་བའི་སེར་བ། །
བརྩེ་གདུང་བརྩེ་གདུང་ཟེར་བ། །
ཡིད་ལ་སྡུག་བསྔལ་སྐྱེས་བས། །
སྡུག་སྣང་སྐྱེས་བའི་སྒོ་གསུམ། །
དགུན་གྱི་གྲང་ངར་མཚུངས་བ། །
ཆུང་འདྲིས་ངེད་གཉིས་ལས་དབང་། །
ཨ་སྔོན་དབྱིངས་ཀྱི་གནམ་གཤིས། །
ཕོ་མོ་བར་གྱི་ལས་འབྲེལ། །
འཇིག་རྟེན་འཁོར་བ་ཡིན་ནོ། །