༄༅།། འུ་ཚང་གི་སློབ་གསོ་དང་གཞན་གྱི་སློབ་གསོ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།། འུ་ཚང་གི་སློབ་གསོ་དང་གཞན་གྱི་སློབ་གསོ།

ཡོང་ཁུངས། : བོད་ཀྱི་སློབ་འབྲིང་དྲ་བ།   རྩོམ་པ་པོ། : ལོང་བ།  ཀློག་གྲངས །: སྤེལ་དུས། : 2015-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱིར་སྐྱེ་བོ་ཐབས་ཅད་པོ་སློབ་གསོ་མཁོ་ལ། ལྷག་ཏུ་བྱིས་པར་སློབ་གསོ་སྤྲོད་ཡ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་ཡོད་འདུག བྱིས་བློ་ནི་ལྷན་སྐྱེས་ཀྱི་དྭངས་ཤིང་གཙང་བ་ཞིག་ཡིན་པས་ཐོག་མ་ནས་སློབ་གསོ་ལེགས་པོ་ཞིག་ཅི་ནས་ཀྱང་སྤྲོད་བཏུབ་དགོས། གཟོད་མི་བུ་འཇོན་ཐང་ཅན། སྒལ་ཚིགས་ཅན། སྤྱི་ཚོགས་ལ་ཕན་པ་བསྒྲུབ་མཁན་ཞིག་ཡོང་རྒྱུར་གོར་མ་ཆགས། ལྡོག་སྟེ་སློབ་གསོ་ལེགས་པོ་མེད་ན་ཞབས་འདྲེན་ཞུ་མཁན་ཉག་ཅིག་ཡིན། དེས་ན། སློབ་གསོ་སྤྲོད་མཁན་ནི་གཙོ་བོ་ཕ་མ་དང་དགེ་རྒན། སྒོས་སུ་མ་ཡི་སློབ་གསོ་ནི་ཕྲུ་གུའི་རྒྱུད་ལ་བག་ཆགས་ཆེས་ཟབ་ཤོས་དང་མཐུག་ཤོས་ཤིག་ཡིན་ཞེས་གསུང་གིན་ཡོད། 2NG智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
དེར་བརྟེན་མ་ཡིས་ཕྲུ་གུར་སློབ་གསོ་ལེགས་པོ་སྤྲོད་ཡ་ནི་ཤིན་ཏུ་ནས་གཙིགས་ཆེན་ཡིན་མོད། འོན་ཏེ་འུ་ཚང་ནི་ཐལ་ལྕག་དང་རྒྱག་རྡུང་འབའ་ཞིག་གི་ཁོར་ཡུག་སྟུག་པོའི་འོག་ཏུ་སློབ་གསོ་སྤྲོད་ཀྱིན། དེར་སྔར་ནས་གོམས་དྲག་སྟེ་ད་དུང་ཡང་དེ་ལྟར་སློབ་གསོ་སྤྲོད་ཀྱིན་ཡོད། དེ་བཞིན་འུ་ཚང་གི་ཕ་མ་དག་གིས་བྱིས་པའི་དྭངས་གཙང་གི་བློ་ལ་ཤུགས་སྣོན་མེད་པར། ལྡོག་སྟེ། ཁྱོད་བྱིས་པ་ཞིག་རེད། ཁྱོད་རང་ཅང་ཤེས་ནི་མ་རེད། ཅིག་ཅིག་ཅིག་བྱེད་མི་ཆོག་པ་རེད། ཉིག་ཉིག་ཉིག་ལབ་མི་ཉན་བ་རེད་ཟེར་ནས་བྱིས་པའི་མཚར་འཛིན་གྱི་བློ་ལ་དམར་གསོད་གཏོང་གིན་ཡོད། དེ་སོགས་ནི་གཞི་ནས་སློབ་གསོ་སྤྲོད་ཐང་མ་ཤེས་པའམ་ཐམས་ལམ་ནོར་བ་ཡིན། དེས་ན། མ་འོངས་པར་སློབ་གསོའི་ཁ་ཕྱོགས་བསྒྱུར་རྒྱུ་ནི་གལ་ཆེན་བོ་ཞིག་ཏུ་འཁུམས། དབྱིས་ཅན་ལིས་གྱིས། “བཙན་དྲག་གི་སློབ་གསོ་བྱེད་ཐབས་ཀྱིས་བྱིས་པར་ཁར་ཉན་དུ་འཇུག་ཐུབ་མོད། བྱིས་པ་བློ་རིག་རྒོད་ཅིང་བསམ་ཤེས་ཅན་དུ་གཏོང་མི་ཐུབ།” ཅེས་ཟེར་རོ། ། 2NG智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
སློབ་གསོ་ལ་མཁས་པའི་གཞན་རིགས་ཀྱི་ཕ་མ་དག་གིས་རང་གི་བྱིས་པར་སློབ་གསོ་ཇི་ལྟར་སྤྲོད་ཀྱིན་ཡོད་པ་མང་བོ་ཡོད་མོད། འཇམ་དབྱངས་སྐྱིད་ཀྱིས་བསྒྱུར་པའི་ནུབ་ཕྱོགས་ཨ་མ་ཞིག་གིས་བྱིས་པ་སློབ་གསོ་སྤྲོད་ཐང་ལེགས་རྩོམ་ཐུང་ངུ་གཅིག་འདི་ལྟར་ཏེ། “ལོ་མང་པོའི་སྔོན་གྱི་དགོང་མོ་ཞིག་ལ། ལོ་ན་གཞོན་པའི་ཨ་མ་ཞིག་གིས་ཐབ་ཚང་དུ་དཀར་ཡོལ་འཁྲུད་སྐབས། མོའི་ལོ་ན་ཤིན་ཏུ་ཕྲ་བའི་བུ་ཆུང་གཅིག་པུར་ཟླ་འོད་ཀྱིས་ཁེངས་པའི་ལྟག་རྒྱབ་ཀྱི་སྒོ་རའི་ནང་རྩེད་འཇོར་གཡེང་འདུག བུ་ཡང་ཡང་གནམ་ལ་མཆོངས་ལྡིང་བྱེད་པའི་སྒྲ་ཐོས་པ་ན། ཨ་མ་ཡ་མཚར་ཏེ་སྐད་ཆེན་པས་བུ་ལ་ཅི་བྱེད་ཡོད་དྲིས། དྭངས་གཙང་བྱིས་བློས་ཕྱུག་པའི་བུ་ཆུང་གིས་སྐད་གསང་མཐོན་པོས། ཨ་མ། ང་རང་ཟླ་བའི་གོ་ལའི་སྟེང་མཆོངས་འདོད་ཅེས་ལན་བཏབ། ཨ་མ་དེས་ཕ་མ་གཞས་ནང་ལྟར། སློབ་སྦྱོང་ཡག་པོ་མི་བྱེད་པར་གླེན་རྟགས་མ་སྟོན་ཞེས་བུ་ལ་གཤེ་གཤེ་མ་བཏང་བར་མ་ཟད། ཡག་པོ་འདུག འོན་ཀྱང་ཕྱིར་ལོག་ཡོང་རྒྱུ་བརྗེད་མི་ཉན་ཨ་ཞེས་གཞམས་བསྒོ་བྱས་པ་རེད། བྱིས་པ་དེ་འཚར་ལོངས་བྱུས་རྗེས་དངོས་སུ་ཟླ་བའི་གོ་ལའི་སྟེང་དུ་གོམ་པ་བསྒྱུར་པ་རེད། ཁོ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཟླ་བའི་གོ་ལའི་འཛེགས་མཁན་དང་བོ་སྟེ། ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་"ཨམ་སི་ཐི་རོང་"ཟེར་བ་དེ་རེད། ཁོ་རང་ཟླ་བའི་གོ་ལའི་སྟེང་དུ་བསླེབས་པའི་དུས་ཚོད་ནི་1969ལོའི་ཟླ་7པའི་ཚེས་16ཉིན་ཡིན་པ་རེད།” དེས་ན། ཨ་མའི་སློབ་གསོ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་རེད། དེ་བས་འུ་ཚོ་གྲངས་ཉུང་མི་རིགས་མུ་མཐུད་དུ་ས་སྒང་རིལ་མོ་འདིའི་ཐོག་གསོན་འདོད་ན་མི་ཆོས་རིག་གནས་གོང་འཕེལ་དང་འཛམ་གླིང་གི་གྲགས་ཅན་མི་རིགས་ཡ་ཧུ་དཱ་པ་སོགས་ལ་སློབ་སྦྱོང་བྱ་དགོས་པར་འདོད་དོ། །2NG智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论