༄༅།།དོན་གྲུབ་རྒྱལ་མཚམས་སྦྱོར་དང་《ལང་ཚོའི་རྦབ་ཆུའི་》ཕྲན་དཔྱད།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།།དོན་གྲུབ་རྒྱལ་མཚམས་སྦྱོར་དང་《ལང་ཚོའི་རྦབ་ཆུའི་》ཕྲན་དཔྱད།

ཡོང་ཁུངས། : ལུག་ཚང་དཔལ་ཡོན།   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2015-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།
༄༅། ། དོན་གྲུབ་རྒྱལ་མཚམས་སྦྱོར་དང་《ལང་ཚོའི་རྦབ་ཆུའི་》ཕྲན་དཔྱད།  
རི་རྩེའི་རྩྭ་ཕྲན།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
༡ དོན་གྲུབ་རྒྱལ་ལམ་རང་གྲོལ་ངོ་སྤྲོད་མདོར་བསྡུས།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
བོད་ཀྱི་དེང་རབས་ན་གཞོན་མཁས་དབང་དོན་གྲུབ་རྒྱལ་ནི་སྤྱི་ལོ་༡༩༥༣ལོའི་ཟླ་༥པར་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་སྐུ་འཁྲུངས་པ་དང་།༡༩༦༨ལོའི་ཟླ་༦པར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་དུ་ལས་བགོས་བྱས། ༡༩༧༡ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་ནས་སློབ་གཉེར་མཛད། ༡༩༧༥ལོར་སློབ་མཐར་ཕྱིན་རྗེས་སླར་ཡང་རླུང་འཕྲིན་ལས་ཁུངས་སུ་ཕྱག་ལས་གནང་། ༡༩༧༨ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། ༡༩༨༡ལོར་སློབ་སྦྱོང་མཐར་ཕྱིནནས་སློབ་གྲྭ་དེ་གའི་དགེ་རྒན་གྱི་ཐུགས་འགན་བཞེས། ༡༩༨༥ལོར་ཕྱི་ནང་གསང་གསུམ་གྱི་རྐྱེན་དུ་མའི་འོག་ཏུ་དགོངས་པ་རྫོགས།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
དོན་གྲུབ་རྒྱལ་ནི་རྣམ་དཔྱོད་ཀྱི་རྩལ་ཆེ་ཞིང་བློ་གྲོས་ཀྱི་སྒོ་མོ་ཡངས་པའི་བོད་གངས་ཅན་གྱི་ཕྱི་རབས་ཀྱི་མཁས་པ་གྲགས་ཅན་ཞིག་ཡིན། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་སོགས་ལ་ནན་ཏན་གྱིས་ཞིབ་དཔྱོད་གནང་ནས་བོད་གངས་ཅན་གྱི་རིག་གནས་གོང་འཕེལ་གྱི་ཐད་བགྲོད་ལམ་གསར་པ་ཞིག་གཏོད་ཡོད། ཁྱད་པར་དུ་བོད་ཀྱི་རྩོམ་རིག་སྐོར་ལ་ཐུན་མོང་མ་ཡིན་པའི་བྱས་རྗེས་ཆེན་པོ་བཞག་གནང་ཡོད།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁོང་གི་《འབོལ་རྩོམ་ཞོགས་པའི་སྐྱ་རེངས་》དང་《ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་ཐར་》《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས་》ལ་སོགས་པ་རིན་ཐང་གཞལ་དུ་མེད་པའི་བརྩམས་ཆོས་དུ་མ་ཡོད་པ་དང་།《དེབ་ཐེར་སེང་གེའི་ང་རོ་》དང་《འདྲེ་འབོད་རྐང་གླིང་》《ཏ་ཆིན་གྱི་འཐབ་འཛིང་གླུ་དབྱངས་》སོགས་བསྒྱུར་རྩོམ་ཁག་གཅིག་དང་། 《སྤྲུལ་སྐུ་》དང་།《ཤ་དང་རུས་པའི་བརྩེ་དུང་》 《རྒྱུ་འབྲས་མེད་པའི་མནའ་མ་》 《འབྲོང་སྟག་ཐང་》ལ་སོགས་པའི་བརྩམས་སྒྲུང་དུ་མ་ཡོད་པ་དང་དེ་དག་ལས་འགའ་ཞིག་ནི་སློབ་གྲྭ་འབྲིང་ཆུང་ཁག་གི་བསླབ་གཞིའི་ནང་དུ་འཁོད་ཡོད། གཞན་ཡང་སྙན་རྩོམ་དང་ལྷུག་རྩོམ་སོགས་མི་ཉུང་བ་འགའ་ཡོད་ལ་དེ་ག་གིས་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་སྤྱིར་མི་རིགས་ཡོངས་དང་སྒོས་སུ་ཀློག་པ་པོ་དང་སྨྱུག་ཐོག་པ་འགའ་རེར་བག་ཆགས་དང་ཤུགས་རྐྱེན་ངེས་ཅན་ཐེབ་ཡོད། ལྷག་པར་དུ་ཁོང་གིས་《ལང་ཚོའི་རྦབ་ཆུ་》ཞེས་པ་འི་སྙན་ངག་སྤེལ་བ་ནས་བཟུང་བོད་དུ་སྙན་ངག་གི་རྩོམ་ཐབས་གསར་པ་ཞི་རིམ་གྱིས་ཁྱབ་གདལ་བྱུང་བ་དང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཕུལ་དུ་བྱུང་བའི་རྩོམ་པ་པོ་དུ་མ་དང་དེ་དག་གི་སོར་རྩེ་ལས་ཐོན་པའི་རང་མོས་སྙན་ངག་གི་བརྩམས་ཆོས་དུ་མ་བྱུང་ཡོད་ཅིང་། དེང་གི་ཆ་ན་སྙན་ངག་གསར་པ་འམ་རང་མོས་སྙན་ངག་གི་རྩོམ་ཚུལ་དེ་བོད་ཀྱི་རྩོམ་རིག་རྩོམ་རིག་སྟེགས་བུའི་ཐོག་ཏུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ཅིང་གཏན་འཇགས་ཀྱི་རྩོམ་པ་པོ་ཡོད་ལ་འབྲས་བུ་ཡང་མི་དམན་པ་ཞིག་ཐོབ་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་འགྱུར་ཡོད་པ་ཡིན་ནོ།
༢ བོད་ཀྱི་རང་མོས་སྙན་ངག་ཐོག་མ་《ལང་ཚོའི་རྦབ་ཆུའི་》ཕྲན་དཔྱད་རགས་བསྡུས།
《ལང་ཚོའི་རྦབ་ཆུ་》ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་བར་བརྒལ་འཕོ་འགྱུར་ཞིག་སྟེ། བརྗོད་དོན་དམ་རྣམ་པ་གཉིས་ཀའི་ཐད་ནས་གསར་གཏོད་ཀྱི་ཁྱད་ཆོས་ལྡན་ཡོད། སྙན་ངག་དེས་བོད་ཁུལ་གྱི་ཤེས་ཡོན་ཅན་ཞིག་གི་གློ་མཆིན་གྱི་བར་ན། ལྷག་ལྷོག་ཏུ་ཁོལ་བའི་རིགས་ཞེན་གྱི་འབོད་སྒྲ་ཞིག་དང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་ཤེས་ལྡན་པ་དག་ལ་ཐུན་མོང་དུ་ཁྱབ་པའི་ཚོར་ཤེས་དྲག་པོ་ཞིག་མཚོན་ཡོད། 《ལང་ཚོའི་རྦབ་ཆུ་》ཞེས་པའི་སྙན་ངག་འདི་ནི་སྲོལ་རྒྱུན་གྱི་ཚིགས་བཅད་རྩོམ་ཡིག་བྲི་སྲོལ་དང་སྙན་ངག་གསར་མའི་བྲི་སྲོལ་གཉིས་མཉམ་བསྲེས་ཀྱི་ངང་ནས་བྲིས་པ་ཞིག་ཡིན།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
《ལང་ཚོའི་རྦབ་ཆུ་》ཞེས་པའི་སྙན་ངག་གི་མཚན་བྱང་ལས་སྐྱེ་སྟོས་ཀྱི་དཔལ་འབར་བ་དང་གསོན་ཉམས་ཀྱིས་ཕྱུག་པའི་ཡིད་བརྙན་ཞིག་དབང་མེད་དུ་བློ་ཡུལ་དུ་འཆར་བ་ཡིན། སྙན་ངག་དེར་ཟུར་སྣེ་མང་པོ་ཞིག་ནས་བོད་ཀྱི་གཞོན་ནུ་རྣམས་ལ་གོམ་སྟབས་བརྟན་པོས་མཐུན་སྒྲིལ་གྱི་གཞི་མར་མདུན་སྐྱོད་བྱེད་པའི་སྐུལ་མ་གནང་ཡོད་ཅིང་སྙན་ངག་དེའི་མདོ་སྦུག་བར་གསུམ་དུ་གངས་ཅན་གྱི་གཞོན་ནུ་རྣམས་ལ་སྲོལ་རྒྱུན་རིག་གནས་རྣམས་ལ་སབྱངས་པ་ལེགས་པར་བྱེད་དདགོས་པ་དང་དུས་མཚུངས་སུ་གསར་དར་གྱི་རིག་གནས་རྣམས་ལ་ཡང་འབད་རྩོན་ལྷོད་མེད་བྱས་ནས་དུས་རབས་ཀྱི་བགྲོས་དང་བསྟུན་དགོས་པའི་བསམ་བློའི་རླབས་རྒྱུན་ཞིག་འཐིམ་ཡོད་དེ་དཔེར་ན་སྙན་ངག་དེའི་ཚན་པ་གསུམ་པ་དང་བཞི་པར་ནས་“ལྟོས་”དང་“ཉོན་”ལྟ་བུའི་ཚིག་སྦྱོར་མངོན་གསལ་དུ་བཀོད་ནས་ཀློག་པ་པོ་རྣམས་ལ་ནན་ཏན་གྱིས་གདུང་འབོད་བྱས་ཡོད།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
གཞན་ཡང་《ལང་ཚོའི་རྦབ་ཆུ་》ཞེས་པའི་སྙན་ངག་དེར་དཔེ་དོན་སྦྱོར་ཚུལ་གྱི་རྒྱན་ཕུན་སུམ་ཚོགས་ཤིང་། སྦྲེལ་ཆགས་པ་དང་། གནད་དུ་འཁེལ་བ། དེ་བཞིན་ནང་དོན་གནད་བསྡུས་ཆེ་བ་ལ་སོགས་པའི་ཁྱད་ཆོས་ལྡན་ཡོད་པས་སྤྱིར་ན་སྙན་ངག་ཕུལ་དུ་བྱུང་བ་ཞིག་དང་སྒོས་སུ་གངས་ཅན་ལྗོངས་འདིར་སྙན་ངག་གསར་མ་འམ་རང་མོས་སྙན་ངག་གི་རྩོམ་ཚུལ་འདི་ཡི་སྒོ་མོ་འབྱེད་པའི་རང་བཞིན་ཅན་ཞིག་ཡིན། སྙན་ངག་འདི་ནི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་གངས་ཅན་ལྗོངས་ཀྱི་གཞོན་ནུ་རྣམས་ཀྱི་སེམས་ཁོངས་ཀྱི་འབོད་སྒྲ་དང་ཤེས་ཡོན་ཅན་རྣམས་ཀྱི་སེམས་ཁོངས་ལས་བཞུར་བའི་རྦ་ཆུ་དྲི་མ་མེད་པ་ཞིག་ཡིན་ནོ །།Hsg智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
སྤྱི་ཚོགས་འཕེལ་རྒྱས་་བྱ་འཕུར་བ་ལྟར་འགྲོ་བའི་དེང་གི་དུས་ན་སྐྱེ་བོ་མང་པོ་ཞིག་གིས་སྔོན་བྱོན་མཁས་དབང་དམ་པ་རྣམས་ཀྱིས་བཞག་པའི་སྲོལ་རྒྱུན་རིག་གནས་ཀྱིས་གཙོས་པའི་སྤྱི་བྱེ་བྲག་གི་རིག་གནས་རྣམ་གཞག་ལ་སྦྱངས་པ་ལྷོད་མེད་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རང་སྡེའི་རིགས་ལ་ཕན་པ་བླ་མེད་དུ་བསྐྲུན་བཞིན་ཡོད་པ་དང་།ཡང་སྐྱེ་བོ་འགའ་རེ་ནི་ཕུགས་བསམ་དང་དམིགས་ཡུལ་ཅི་ཡང་མེད་པར་ཉི་མ་གང་འཁྱོལ་ངང་ནས་དུས་བདའ་བྲ་བྱེད་ཀྱི་ཡོད། དེས་ན་ད་ཐེངས་ལུག་ཚང་དཔལ་ཡོན་གྱི་༼སྙན་རྩོམ་རྣ་བའིདྲི་ཟའི་གླུ་དབྱངས་༽ཞེས་པའི་ལེ་ཚན་ནང་རིན་སྤུངས་བསྟན་ཆོས་ལགས་ཀྱིས་བརྩམས་གནང་བའི་དེང་དུས་ཀྱི་སྤྱི་ཚོགས་དང་འབྲེལ་བ་ཆེ་བའི་སྙན་ངག་བརྩམས་ཆོས་《སྦི་རག་གི་རྦབ་ཆུ་》ཞེས་པ་འདི་མཚམས་སྦྱོར་ཞུ་རྒྱུ་ཡིན།
ལང་ཚོའི་རྦབ་ཆུ།
རང་གྲོལ།
སྔོ་ཞིང་བསངས་པའི་ནམ་མཁའ།
དྲོ་ཞིང་འཇམ་པའི་ཉི་འོད།
ཡངས་ཤིང་ཆེ་བའི་ས་གཞི།
མཛེས་ཤིང་སྡུག་པའི་མེ་ཏོག
མཐོ་ཞིང་བརྗིད་པའི་ལྷུན་པོ… …
ཨེ་མ—
དེ་ལས་ཀྱང་ཉམས་དགའ་བ་ནི།
མདུན་ཕྱོགས་ཀྱི་བྲག་ངོས་གཟར་བོ་ན།
ཆིལ་ཆིལ་དུ་འབབ་པའི་རྦབ་ཆུ་རེད།
ལྟོས་དང༌།
ལྦུ་བའི་རླབས་ཕྲེང་དཀར་ཞིང་དྲི་མ་མེད་ལ།
འོད་ཀྱི་ཐིག་ལེ་ནི་རྨ་བྱའི་སྒྲོ་མདོངས།
ནེ་ཙོའི་སྒྲོ་ཐུལ།
ཟ་འོག་གི་རི་མོ།
དབང་བོའི་གཞུ་རིས… …
ཉོན་དང༌།
ཆུ་ཡི་བཞུར་སྒྲ་གསལ་ཞིང་སྙན་འཇེབས་ལྡན་ལ།
ལང་ཚོའི་གླུ་དབྱངས་ནི་དྲི་ཟའི་གླུ།
ཚངས་པའི་དབྱངས།
དབྱངས་ཅན་ངག
ཁུ་བྱུག་གདངས… …
ཀྱེ—འདི་ནི་རང་བཞིན་གྱི་རྦབ་ཆུ་དཀྱུས་མ་ཞིག་མ་ཡིན་ཏེ།
བརྗིད་ཅིང་རྔམ་པའི་ཉམས།
འཇིགས་པ་མེད་པའི་སྙིང༌།
ཞུམ་པ་མེད་པའི་དཔའ།
དར་ཞིང་རྒྱས་པའི་ལུས།
མཛེས་ཤིང་འཕྱོར་བའི་རྒྱན།
སྙན་ཞིང་འཇེབས་པའི་གླུ… …
འདི་ནི—
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ལང་ཚོའི་རྦབ་ཆུ་རེད།
འདི་ནི—
དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་བོད་རིགས་གཞོན་ནུ་རྣམས་ཀྱི་
གསར་གཏོད་ཀྱི་སྙིང་སྟོབས།
འཐབ་འཛིང་གི་ཉམས་འགྱུར།
ལང་ཚོ་ཡི་གླུ་སྒྲ་རེད།
ཀྱེ་ཀྱེ། རྦབ་ཆུ་ཡི་ལང་ཚོ་ཡ།
ལང་ཚོ་ཡི་རྦབ་ཆུ།
ཁྱེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་དང༌།
—ཞུམ་པ་མེད་པའི་སྤོབས་པ།
—ཉམས་པ་མེད་པའི་ཟིལ་ཤུགས།
—འཛད་མཐའ་མེད་པའི་སྟོབས་ཤུགས་འདི་ལྟ་བུ་ཞིག་
ཇི་ལྟར་རྒྱས་པ་ཡིན།
རེད་ལགས།
དཔྱིད་གསུམ་མཁའ་ནས་བབས་པའི་ཆར་ཆུ།
དབྱར་གསུམ་ས་ནས་བརྡོལ་བའི་ཆུ་མིག
སྟོན་གསུམ་སད་དང་སེར་བའི་སྙིང་བཅུད།
དགུན་གསུམ་གངས་དང་ཁ་བའི་ཡང་བཅུད།
གཞན་ཡང༌།
གངས་ཆུ—རྫ་ཆུ—གཡའ་ཆུ—ནགས་ཆུ—ན་ཆུ—རི་ཆུ—ལུང་ཆུ—ཕུ་ཆུ—
མདའ་ཆུ—
མདོར་ན།
བཀྲ་ཤིས་་པའི་ཆུ།
—དགེ་ལེགས་འབྱུང་བའི་ཆུ།
—དོན་འགྲུབ་པའི་ཆུ།
—ཡན་ལག་བརྒྱད་ལྡན་གྱི་ཆུ།
—ཕུན་སུམ་ཚོགས་པའི་ཆུ་སྟེ།
ཆུ་ཕྲན་མི་གཅིག་བརྒྱ་དང་བརྒྱད།
ཆུ་སྣ་མི་གཅིག་ཁྲི་མ་འབུམ།
ཁྱེད་ནི་མཐུན་སྒྲིལ་གྱི་ཆུ་ཞིག་ཡིན་པས།
གཡང་གཟར་གྱི་བྲག་ལས་འབབ་པར་ཕོད།
ཁྱེད་ནི་ཡོངས་འདུས་ཀྱི་ཆུ་ཞིག་ཡིན་པས།
ངམ་གྲོག་གི་གཡང་ལས་མཆོང་བར་སྤོབས།
ཁྱེད་ལ་གསར་བྱུང་གི་ཆུ་སྣ་བསྡུ་བའི་སྤོབས་པ་དང་ལྡན་པས།
ཁྱེད་ཀྱི་བློ་རྒྱ་ཆེ་ཞིང་ལུས་སྟོབས་དར་ལ་ཟིལ་ཤུགས་ཆེ།
ཁྱེད་ནི་ཁེངས་པ་སྤངས་ཤིང་དྲེགས་པའི་དྲི་མ་མེད་པས།
ཁྱེད་ཀྱི་བཞུར་རྒྱུན་རིང་ལ་འབབ་རྒྱུན་དྲག
ཁྱེད་ལ་སྙིགས་མ་འདོར་ཞིང་སྙིང་བཅུད་གཞིབ་པའི་ནུས་པ་དང་ལྡན་པས
ཁྱེད་ཀྱི་ལུས་སེམས་གཙང་ལ་ལང་ཚོའི་དཔལ་ཡོན་རྒྱས།
རྦབ་ཆུ་ཡ།
ཁྱེད་ནི་ལོ་རྒྱུས་ཀྱི་དཔང་བོ་དང༌།
མ་འོངས་པའི་ལམ་འདྲེན་རེད།
ཁྱེད་ཀྱི་དྲི་མ་བྲལ་བའི་ཆུ་ཐིགས་རེ་རེའི་ནང་དུ།
གངས་ཅན་བོད་ཀྱི་འཕེལ་འགྲིབ་འཁོད་ཡོད་ལ།
ཁྱེད་ཀྱི་གཟེགས་མ་འབར་བའི་རྡུལ་ཕྲན་རེ་རེའི་ནང་དུ།
བསིལ་ལྡན་ཁ་བའི་ལྗོངས་ཀྱི་དར་རྒུད་འདུས་ཡོད།
ཁྱེད་མེད་ན།
སྒྲ་རིག་པའི་རལ་གྲི་ལ་ངར་ཇི་ལྟར་ལྡུད།
ཁྱེད་མེད་ན།
བཟོ་རིག་པའི་ཆུ་གྲི་ལ་རྣོ་ཇི་ལྟར་འཇོག
ཁྱེད་མེད་ན།
གསོ་བ་རིག་པའི་ལྗོན་པ་རྒྱས་མི་ཐུབ་ལ།
ཚད་མའི་མེ་ཏོག་དང་ནང་རིག་འབྲས་བུའང་སྨིན་མི་སྲིད།
གཅིག་བྱས་ན—
ཁྱེད་ཀྱི་ཆུ་ཤེལ་དང་འདྲ་བའི་སེམས་ལའང༌།
ལོ་རྒྱུས་ཀྱི་རྨ་ཁ་དང༌།
དམག་འཁྲུག་གི་ནད་རྙིང༌།
རྨོངས་དད་ཀྱི་ཆུ་བུར།
རྙིང་ཞེན་གྱི་རྡུལ་ཕྲན་སོགས་མཆིས་ཀྱང་སྲིད་མོད།
ཡིན་ན་ཡང༌།
ཁྱེད་ལ་ལང་ཚོའི་རྔམ་བརྗིད་དང་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པས།
དགུན་གསུམ་གྱི་ཙག་གིས་ཁྱེད་ཀྱི་སེམས།
—འཁྱག་རོམ་གྱི་སྒྲོམ་དུ་འཇུག་པའི་གོ་སྐབས་ནི་ནམ་ཡང་མ་མཆིས་ལ།
རླུང་འཚུབ་ཀྱི་སྤུ་གྲིས་ཁྱེད་ཀྱི་བཞུར་རྒྱུན།
—ལན་བརྒྱར་གཏུབས་ཀྱང་ཆོད་པའི་ངེས་པ་ནི་དེ་བས་ཀྱང་ག་ལ་ཡོད།
རྒྱུ་མཚན་ནི—
ཁྱེད་ཀྱི་ཆུ་མགོ་གངས་དང་འབྲེལ་ཞིང༌།
ཁྱེད་ཀྱི་ཆུ་རྔ་རྒྱ་མཚོར་འདྲེས་ཡོད་པའི་ཕྱིར།
ཁྱེད་ཀྱི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོས།
ང་ཚོ་ལ་གཟི་བརྗིད་དང་ལ་རྒྱ་གནང་བ་དང༌།
ཁྱེད་ཀྱི་དུས་རབས་ཀྱི་བཞུར་སྒྲ་སྙན་མོས།
ང་ཚོ་ལ་སྐུལ་མ་དང་སྟོབས་ཤུགས་བསྩལ་བྱུང༌།
གསན་བྱུང་ངམ—རྦབ་ཆུ་ལགས།
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་དྲི་བ་འདི་དག་
ཁྱེད་ཀྱིས་གསན་པ་ཨེ་བྱུང༌།
སྙན་ངག་གི་རྟ་མཆོག་སྐོམ་པས་གདུང་ན་ཇི་ལྟར་བྱ།
སྡེབ་སྦྱོར་གྱི་གླང་ཆེན་ཚ་བས་གཙེས་ན་ཇི་ལྟར་བྱ།
མངོན་བརྗོད་ཀྱི་སེང་གེ་དྲེགས་པས་གཟིར་ན་ཇི་ལྟར་བྱ།
ཟློས་གར་གྱི་བུ་ཆུང་དྭ་ཕྲུག་ཏུ་ལུས་ན་ཇི་ལྟར་བྱ།
སྐར་རྩིས་ཀྱི་ཕ་ཤུལ་སྟོང་བར་ལུས་ན་སུ་ཡིས་འཛིན།
ཚན་རིག་གི་གཞོན་ནུ་མག་པར་ལེན་ན་བསུ་བ་ཇི་ལྟར་བགྱིད།
ལག་རྩལ་གྱི་བུ་མོ་བག་མར་བསུ་ན་ཁྱོ་བོ་སུ་ཡིས་བྱ།
ལགས་སོ—རྦབ་ཆུ་ལགས།
ཁྱེད་ཀྱི་དྭངས་ཤིང་གསལ་ལ་སྙན་ཞིང་འཇེབས་པའི་གླུ་སྒྲ་
ལས་བྱུང་བའི་ལན་དེ་དག
—ང་ཚོའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བཟུང་ཡོད།
ངོ་མ།
མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།
བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།
རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།
དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན།
ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།
སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང༌།
མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ༌།
ཀྭ་ཡེ། རྦབ་ཆུ་ལགས།
ཁྱེད་ཀྱི་ཆིལ་ཆིལ་གཡོ་བའི་རླབས་ཕྲེང་དང༌།
ལང་ལོང་འཐོར་བའི་གཟེགས་མ་ལས—
ང་ཚ་སྟེ།
—བོད་གངས་ཅན་གི་མི་རབས་གསར་བའི་སྟོབས་ཤུགས་མཚོན་པ་དང༌།
ཁྱོད་ཀྱི་ཤང་ཤང་འབབ་པའི་ཆུ་རྒྱུན་དང༌།
འུར་འུར་བཞུར་བའི་ཆུ་སྒྲ་ལས—
ང་ཚོ་སྟེ།
—བོད་གངས་ཅན་གྱི་མི་རབས་གསར་བའི་ཕུགས་བསམ་མངོན་འདུག
རྙེང་ཞེན། བག་འཁུམ། རྨོངས་དད། ལེ་ལོ… …
ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད།
རྗེས་ལུས། ཀླ་ཀློ། མུག་ནག ལོག་སྤྱོད… …
ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།
རྦབ་ཆུ་ཡ་རྦབ་ཆུ།
ང་ཚོའི་སེམས་ནི་ཁྱེད་ཀྱི་འགྲོས་དང་བསྟུན་ནས་གཡོ་བ་དང༌།
ང་ཚོའི་ཁྲག་ཀྱང་ཁྱེད་ཀྱི་རྒྱུན་དང་འགྲོགས་ནས་བཞུར་གྱིན་ཡོད།
མ་འོངས་པའི་ལམ་ཁར—
ཀྱག་ཀྱོག་སྔར་ལས་ཆེ་ན་ཡང༌།
བོད་ཀྱི་གཞོན་ནུ་རྣམས་འཇིགས་པའི་གོ་སྐབས་བྲལ་ཞིང༌།
ང་ཚོས་རང་རེའི་མི་རིགས་འདིར།
མདུན་བསྐྱོད་ཀྱི་ལམ་གསར་བ་ཞིག་འབྱེད་ངེས་ཡིན།
ལྟོས་དང༌།
གྲལ་འགྲིག་པའི་རུ་དཔུང་དེ་ནི།
བོད་གངས་ཅན་གྱི་མི་རབས་གསར་བ་རེད།
ཉོན་དང༌།
འགྲོས་མཉམ་པའི་གླུ་སྒྲ་དེ་ནི།
བོད་གངས་ཅན་གྱི་གཞོན་ནུའི་གོམ་སྒྲ་རེད།
འོད་གསལ་གྱི་ལམ་ཆེན།
གཟི་བརྗིད་ཀྱི་ལས་འགན།
བདེ་སྐྱིད་ཀྱི་འཚོ་བ།
འཐབ་འཛིང་གི་གླུ་དབྱངས།
རྦབ་ཆུའི་ལང་ཚོ་ལ་ཡལ་བ་མེད་ཅིང༌།
ལང་ཚོའི་རྦབ་ཆུ་ནི་དེ་བས་ཀྱང་ཉམས་པ་མེད།
འདི་ནི—
བོད་གངས་ཅན་གྱི་གཞོན་རབས་རྣམས་ཀྱི་ངག་ལས་བྱུང་བའི་ལང་ཚོའི་རྦབ་ཆུ་རེད།
འདི་ནི—
བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་སེམས་ན་འབབ་པའི་ལང་ཚོའི་རྦབ་ཆུ་རེད།
རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论