སློབ་ཆུང་སློབ་མའི་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་ཐབས་སྐོར་རགས་ཙམ་གླེང་བ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

སློབ་ཆུང་སློབ་མའི་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་ཐབས་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2020-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ལོ་མང་རིང་གི་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ལ་གཞིགས་ཏེ།  སློབ་ཆུང་སློབ་མའི་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་ཐབས་སྐོར་ཅུང་ཞིག་གླེང་བར་བྱ།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 གཅིག དགེ་སློབ་དབར་བརྩེ་སེམས་ཟབ་མོ་ཆགས་པ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བ།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 དགེ་སློབ་དབར་བརྩེ་སེམས་ཟབ་མོ་ཞིག་ཆགས་པ་བྱེད་པར། དང་ཐོག་དགེ་རྒན་རང་ངོས་ནས་རང་ཉིད་ཀྱི་སློབ་མར་དགའ་ཞེན་གྱིས་སློབ་མའི་སློབ་སྦྱོང་དང་། འཚར་ལོངས་ལ་དོ་ཁུར་བྱེད་དགོས། གལ་སྲིད་སློབ་མར་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ངལ་དང་ཕམ་ཉེས་བྱུང་ན། དགེ་རྒན་གྱིས་སེམས་རྩ་འཁོལ་པོས་སློབ་མར་རྒྱུ་རྐྱེན་དབྱེ་ཞིབ་བྱེད་རོགས་དང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་བཟང་པོ་འཚོལ་རོགས་བྱེད་དགོས། སློབ་མའི་ཁྱིམ་ཚང་གི་གནས་ཚུལ་དང་། སྒེར་གྱི་གཤིས་ཀ རིག་སྟོབས། ཁོར་ཡུག རྣམ་འགྱུར་སོགས་ཕྱོགས་གང་ས་ཅི་ཐད་ནས་དབྱེ་ཞིབ་བྱས་ཏེ་ཐབས་ཤེས་ཡོད་རྒུས་དཀའ་ངལ་སེལ་རོགས་བྱས་ནས། དགེ་རྒན་གྱིས་སློབ་མ་ཚོར་བཅངས་པའི་བརྩེ་བ་ཟབ་མོ་སློབ་མས་ཚོར་ཐུབ་པ་བྱེད་དགོས་པ་ལས། རྟག་ཏུ་སློབ་མར་གཤེ་གཤེ་གཏོང་བ་དང་རེ་བ་ཧ་ཅང་ནན་པོ་འདོན་མི་རུང་། དགེ་སློབ་དབར་ལ་བརྩེ་སེམས་བརྗེ་རེས་བྱེད་པ་དེ་ཕྱོགས་གཉིས་ཀ་ནས་མཚོན་དགོས་མོད། འོན་ཀྱང་། སློབ་ཆུང་སློབ་མའི་ལུས་སེམས་འཚར་ལོངས་ཡོངས་སུ་མ་བྱུང་བར་གཞིགས་ཏེ་དགེ་རྒན་ནས་ངེས་པར་དུ་སློབ་མའི་ལོ་ན་དང་། ཕོ་མོ་སོགས་ཀྱི་ཁྱད་པར་ལ་བསམ་གཞིག་བྱེད་རྒྱུ་གལ་ཆེར་འཛིན་ཏེ་རང་འགུལ་གྱིས་དེ་དང་འཚམ་པའི་བརྩེ་སེམས་སྤེལ་རེས་ཀྱི་ཐབས་ལམ་དང་ཐབས་ཤེས་བེད་སྤྱོད་བྱེད་དགོས། སློབ་གསོའི་ལྟ་བ་དང་སློབ་མར་འཛིན་པའི་འདུ་ཤེས་ཡང་དག་པ་འཛུགས་རྒྱུ་དེ་དགེ་རྒན་ཞིག་གི་ཕྲག་སྟེང་དུ་བབས་པའི་དོར་དུ་མི་རུང་བའི་འགན་འཁྲི་ཞིག་ཡིན་པས། དགེ་རྒན་རང་ཉིད་ལས་ལྷག་པ་མེད་སྙམ་པའི་བསམ་བློའི་འཁྱེར་སོ་དོར་ནས་དགེ་སློབ་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་བཟང་པོ་ཞིག་ཧུར་ཐག་འཛུགས་དགོས།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 དགེ་རྒན་ནས་སློབ་མར་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་སྤྲོད་ཐབས་ཐད། འཛིན་གྲྭ་གཅིག་གི་སློབ་མར་མཚོན་ན། སློབ་མས་དགའ་མོས་བྱེད་སའི་རིག་ཚན་མི་འདྲ་བ་མང་པོ་ཡོད་དེ། སློབ་མ་ཁག་གཅིག་བོད་ཡིག་ལ་དགའ་བ་དང་། ཁག་གཅིག་རྒྱ་ཡིག་ལ་དགའ་བ། ཁག་གཅིག་དབྱིན་ཡིག་ལ་དགའ་བ་སོགས་ཀྱི་སྣང་ཚུལ་སྣ་ཚོགས་ཡོད། རིག་ཚན་རྐྱང་པའི་དགེ་རྒན་ཞིག་གི་ངོས་ནས། རང་ཉིད་ཀྱི་འཁྲིད་བྱའི་ནང་དོན་ལ་སློབ་མ་ཚང་མས་དགའ་པོ་བྱེད་དགོས་ན། དང་ཐོག་དགེ་རྒན་ནས་སློབ་ཁྲིད་སྐབས་སུ་འཛིན་གྲྭའི་སློབ་མ་མི་རེ་ངོ་རེར་ཧུར་སེམས་དང་། སེམས་རྩ་འཁོལ་པོ། ཡིད་ཆེས་བཅས་སྤྲོད་ཐུབ་པ་བྱེད་དགོས་པ་མ་ཟད། སློབ་ཁྲིད་ཁྲོད་སློབ་མས་དགེ་རྒན་གྱི་རྣམ་འགྱུར་བཟང་པོ་དེ་དག་མྱོང་ཚོར་ཐུབ་པ་བྱེད་དགོས། སློབ་མས་དགེ་རྒན་གྱི་ལྷག་བསམ་དང་། བརྩེ་སེམས། རེ་འདུན་བཟང་པོ་དེ་དག་ཤེས་ཚོར་ཐུབ་སྐབས། གཞི་ནས་སློབ་མ་རང་ཉིད་ལ་ཡིད་ཆེས་དང་སྐུལ་ལྕག་ཅིག་ངང་ངམ་ཤུགས་ཀྱིས་སླེབས་ནས་དགེ་རྒན་ལ་ཡིད་ཆེས་དང་དགའ་མོས་བྱེད་སྲིད། དགེ་རྒན་ལ་དགའ་བ་ནས་དགེ་རྒན་གྱི་འཁྲིད་བྱའི་ནང་དོན་ལ་དགའ་པོ་བྱེད་པའི་བར་འགྱུར་ལྡོག་བྱུང་ནས་དགེ་རྒན་གྱི་བཀའ་སློབ་དང་ལེན་བྱེད་པ་མ་ཟད། དགེ་རྒན་གྱི་བསླབ་བྱ་དེ་དག་བྱ་སྤྱོད་ངོ་མའི་ནང་འཁྱོལ་བར་འབད་བརྩོན་བྱེད་ཀྱི་ཡོད་པས། དགེ་རྒན་གྱི་བསམ་འདུན་བཟང་པོའང་ཞོར་དུ་མངོན་འགྱུར་ཐུབ། གལ་ཏེ་སློབ་མས་དགེ་རྒན་གྱི་བྱང་ཚད་ལ་མོས་པ་མ་བྱུང་བའམ་ཡང་ན་དགེ་རྒན་གྱིས་སློབ་མར་དོ་ཁུར་མེད་པར་རྟག་ཏུ་གཤེ་གཤེ་གཏོང་བ་སོགས་བྱས་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་མེད་པར་འགྱུར་ཉེན་ཡོད་པ་མ་ཟད་དགེ་རྒན་ལ་སུན་སྣང་དང་ཐ་ན་དགེ་རྒན་གྱི་ཁ་གཏད་དུ་ལངས་ཏེ་དགེ་རྒན་དེའི་སློབ་ཁྲིད་སྐབས་སུ་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་། དགེ་རྒན་དེའི་སློབ་ཚན་ལ་སུན་སྣང་བྱེད་པ་སོགས་བྱས་ནས་དགེ་རྒན་གྱིས་ཤར་ལ་འགྲོ་ཟེར་ན་སློབ་མས་ནུབ་ལ་འགྲོ་གི་ཡོད་ཅིང་། སློབ་མའི་འདུ་ཤེས་ཡང་མ་དག་པ་ལས་སློབ་ཁྲིད་ཀྱི་སྤུས་ཚད་ལའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དེས་ན་དགེ་རྒན་གྱིས་འཆད་སྟེགས་ཐོག རྐང་འཁྲབ་ལག་འཁྲབ་ཇི་ལྟར་བྱས་ཀྱང་། སློབ་མ་ཉུང་ཤས་ལ་སྣོད་ཀྱི་སྐྱོན་གསུམ་པ་དང་ལྡན་པས་འཛིན་གྲྭ་ཡོངས་ཀྱི་སློབ་ཁྲིད་སྤུས་ཚད་ལེགས་པོ་ཞིག་ཡོང་གི་མེད། དེར་བརྟེན། དགེ་སློབ་དབར་བརྩེ་སེམས་ཟབ་མོ་ཞིག་ཆགས་ཐུབ་ན་འཛིན་གྲྭ་སྤྱི་ཡོངས་ཀྱི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བར་ཕན་པ་ཧ་ཅང་ཆེན་པོ་ལྡན་ཡོད།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 གཉིས། སློབ་མ་ཚང་མར་རང་གི་གཅེས་ཕྲུག་ལྟ་བུའི་འདུ་ཤེས་བཟུང་ནས་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བ།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 ལོ་མང་རིང་གི་སློབ་ཁྲིད་ཉམས་མྱོང་ལས། སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་སྦྱངས་འབྲས་ཞན་པའི་སློབ་མ་ཡར་རྒྱས་གཏོང་རྒྱུ་དེ་རང་གི་ལས་འགན་གཙོ་བོར་བརྩིས་ནས་ཁོ་ཚོར་དམིགས་བསལ་གྱི་ལྟ་སྐྱོང་དང་། དམིགས་བསལ་གྱི་ཐུགས་ཁུར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ངང་རྒྱུད་རིང་པོས་ཁོ་ཚོའི་གནད་དོན་ལ་བརྟག་ཞིབ་ནན་པོ་བྱེད་པ་དང་། ངང་རྒྱུད་རིང་པོས་ཁོ་ཚོར་བྱ་ཐབས་སྣ་ཚོཌ་ཀྱིས་ཟུར་ཁྲིད་བྱས་ཏེ། ཁོ་ཚོའི་སློབ་སྦྱོང་སྦྱངས་འབྲས་ཡར་རྒྱས་འགྲོ་བ་དང་། སློབ་གྲོཌ་ཕན་ཚུན་དབར་འདྲ་མཉམ་དང་སློབ་མ་རང་ཉིད་འཛིན་གྲྭ་གང་དེའི་ཁོངས་མི་ཞིག་ཡིན་པའི་སེམས་ཤུཌ་དང་ཡིད་ཆེས་སྐྱེས་སུ་བཅུག་ནས་སློབ་མ་དེ་དག་གི་ཀུན་སྤྱོད་དང་། སློབ་སྦྱོང་། སེམས་ཁམས་སོཌ་གསོ་སྐྱོང་བྱས་ནས་ཁོ་ཚོ་ལེགས་ལམ་དུ་ཁྲིད་རྒྱུར་བརྩོན་ལེན་བྱེད་དགོས། གང་ལགས་ཤེ་ན། ཁོ་ཚོ་ནི་ནམ་ཡང་རྗེས་ལུས་ཅན་ཞིག་དང་། རང་གི་ལས་ཀའི་ཁུར་པོ་ལྗིད་པོ་ཞིག་མ་ཡིན་ཏེ། ལོ་མང་གི་སློབ་གསོ་སློབ་ཁྲིད་ཁྲོད། སློབ་མ་དེ་དག་ལ་ལྷད་མེད་བརྩེ་སེམས་བཅངས་ནས་སྦྱངས་འབྲས་བཟང་པོ་ཐོབ་དུས་རང་གི་ལས་གནས་འདིའི་རིན་ཐང་ཤུགས་ཀྱིས་མངོན་གྱི་རེད། གུས་མོའི་འཛིན་གྲྭར་སློབ་མ་Aཟེར་བ་ཞིག་ཡོད། ཁོ་པ་ཐོག་མར་སློབ་གྲྭར་ཞུགས་དུས་གཟུགས་པོ་ཐང་པོ་མེད་པ་དང་། རིག་སྟོབས་ཀྱང་སློབ་མ་གཞན་དང་བསྡུར་ན་ཅུང་ཞན་ཙམ་རེད། དེར་བརྟེན་ངས་སློབ་མ་དེའི་ཁྱིམ་བདག་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། རྒྱུན་གཏན་གྱི་སློབ་ཁྲིད་ཕུད། ད་དུང་ཁོ་པའི་གནས་ཚུལ་ལ་ངང་རྒྱུད་རིང་པོའི་སྒོ་ནས་ཉམས་ཞིབ་དང་། སློབ་མ་གཞན་ལས་ལྷག་པའི་ལྟ་སྐྱོང་དང་སེམས་ཁུར་བྱས་པ་བརྒྱུད། ཁོ་པར་སློབ་གྲྭའི་འཚོ་བའི་ནང་སློབ་མ་གཞན་དང་འདྲ་མཉམ་ཡིན་པའི་བསམ་བློ་དང་ཁོར་ཡུག་སྤྲོད་གང་ཐུབ་བྱས་པས། ཁོ་པ་ནི་རིམ་གྱིས་ཡིད་ཆེས་དང་། སེམས་ཤུགས། དེ་བཞིན་སློབ་མ་གཞན་དང་འདྲ་བར་སློབ་སྦྱོང་ལ་སྦྱངས་བརྩོན་ཆེ་བ་ཞིག་ཏུ་གྱུར་སོང་། དེར་བརྟེན་སློབ་སྦྱོང་སྦྱངས་འབྲས་ཅུང་ཞན་པའི་སློབ་མར་རང་དགར་སྐྱོན་བརྗོད་བྱེད་རྐྱང་མ་བྱས་པར། སློབ་མའི་ལེགས་ཆར་སྐུལ་ལྕག་གཏོང་གང་ཐུབ་བྱས་ནས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐྱེད་སྲིང་ཐུབ་པ་བྱེད་དགོས།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 གསུམ། ལག་ལེན་དངོས་ནང་སློབ་སྦྱོང་གི་ཐབས་ཤེས་དང་བེད་སྤྱོད་ཀྱི་ཁོར་ཡུག་བསྐྲུན་ནས་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བ།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

 སློབ་ཁྲིད་ནང་དགེ་རྒན་ནས་སློབ་མར་འཁྲིད་བྱའི་ནང་དོན་དང་ཤེས་བྱའི་གནད་ལ་གཞིགས་ཏེ་དགེ་སློབ་དབར་གྱི་རྒྱུན་གཏན་གྱི་བགྲོ་གླེང་ནང་སྐད་ཡིག་ལས་འཕྲོས་པའི་ཐ་སྙད་དང་། ཚིག་སྦྱོར་བེད་སྤྱོད་བྱེད་པའི་གོམས་གཤིས་འཇགས་པ་བྱེད་དགོས་ལ་དགོངས་ཞུའི་ཡི་གེ་སོགས་གང་ཐུབ་ཀྱིས་ལད་ཟློས་ཀྱི་ལམ་ནས་བཀོལ་སྤྱོད་བྱེད་ཐུབ་པའི་རྣམ་པ་ཞིག་སྐྲུན་དགོས། ལྷག་པར་དུ་སློབ་ཁྲིད་ཀྱི་ལས་འགན་ལེགས་གྲུབ་ཐུབ་པའི་རྨང་གཞིའི་ཐོག་དགེ་རྒན་ནས་སློབ་མར་བོད་ཡིག་གི་ཉིན་ཐོ་འབྲི་བའི་སྐུལ་མ་བཏང་སྟེ། མིང་དང་ཚིག བརྗོད་པ་བེད་སྤྱོད་གཏོང་བའི་སློབ་མའི་ཡོན་ཚད་གོང་མཐོར་གཏོང་དགོས། དེ་བཞིན་སློབ་ཕྱིའི་ཁོར་ཡུག་ནང་གི་སྐད་ཡིག་སྦྱོང་སྤྱོད་ལ་དོ་ཁུར་བྱས་ཏེ། སློབ་མས་གང་སྦྱངས་པའི་སྐད་ཡིག་རྣམས་དུས་རྒྱུན་གྱི་འཚོ་བའི་ཁྲོད། བེད་སྤྱོད་གང་མང་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་སོགས་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་གལ་ཆེ།n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

  སློབ་སྦྱོང་གི་ཐབས་ཤེས་ནི་ཤེས་བྱ་མྱུར་པོ་སྦྱོང་བའི་ལག་ཆ་གཙོ་བོ་ཞིག་རེད། དེར་བརྟེན་སློབ་ཁྲིད་ནང་དགེ་རྒན་གྱིས་སློབ་མར་སློབ་སྦྱོང་བྱེད་སྟངས་ཀྱི་ཐབས་ཤེས་སློབ་དགོས། དཔེར་ན། སྐད་ཡིག་སློབ་སྦྱོང་གི་ཐབས་ཤེས་དང་། ཐ་སྙད་བློ་འཛིན་བྱེད་ཐབས། བརྗོད་པ་བཟོ་ཐབས་སོགས་སློབ་དགོས། ཚིག་གསར་སློབ་པའི་སྐབས་སུ། དགེ་རྒན་གྱིས་སློབ་མར་ཡི་གེ་སྦྱོར་ཀློག་དང་། གྲུབ་ཚུལ། སྒྲ་འདྲ་བ། དོན་མཐུན་པ། ལྡོག་ཟླ་སོགས་ཀྱི་ཤེས་བྱ་རྒྱ་བསྐྱེད་དང་ཤེས་བྱ་ཁ་གསབ་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱོད་དགོས། ཚིག་གཅོད་སྟངས་སློབ་པའི་སྐབས་སུ། དམག་མི་རྒྱག་པ་ཞེས་པ་དཔེར་གྲངས་ནས། ཀློག་སྟངས་ཡང་དག་མིན་སློབ་མར་གསལ་འགྲེལ་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་ན། སློབ་ཁྲིད་ཀྱི་ནང་དོན་རྡོ་ལ་རི་མོ་བཀོད་པ་ལྟར་སློབ་མར་བག་ཆགས་ཟབ་མོ་འཇོག་ཐུབ་པས་སློབ་སྦྱོང་གི་གྲུབ་འབྲས་གོང་མཐོར་འགྲོ་རྒྱུར་ནུས་པ་ལྡབ་འགྱུར་ཐོན་ཐུབ། །n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网


n9K智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论