༄༅།།ཁེར་རྐྱང་གི་རིན་ཐང་།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།།ཁེར་རྐྱང་གི་རིན་ཐང་།

ཡོང་ཁུངས། : ལྷ་མཚོ་དྲ་བ།   རྩོམ་པ་པོ། : གངས་ཐིག་གིས་བསྒྱུར།  ཀློག་གྲངས །: སྤེལ་དུས། : 2015-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ནམ་རྒྱུན་གྲོགས་པོ་གཞན་དང་ཟིང་ཟིང་ལ་བྲེལ་བའི་སྐབས་སུ་ངས་ཁེར་རྐྱང་གི་དུས་ཤིག་བྱུང་བར་རེ་སྨོན་བྱས་ཡོང་ལ། ཡང་རང་ཉིད་ཁེར་རྐྱང་དུ་སྡོད་པའི་དུས་སུ་སླར་ཡང་ལས་མཐུན་གྲོགས་པོ་དག་ལ་འཕྲད་ ན་བསམ་བྱུང་།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
འོན་ཀྱང་ཁེར་རྐྱང་གི་མཐིལ་བརྟོལ་ན་ངེས་པར་ཕར་སེམས་ཀྱི་དུང་བ་ཟབ་ལ་ཚུར་སེམས་ཀྱི་བརྩེ་བ་འཁྱིལ་བའི་ཁྱོ་ཤུག་ཟུང་ལས་གཞན་སུ་ཡིན་ཡང་ཁེར་རྐྱང་ལ་གཡོ་ཟོལ་གཏོང་བ་ཙམ་དུ་མ་ཟད། མི་རྣམས་སྔར་ལས་ཀྱང་ཁེར་རྐྱང་གི་གནས་སུ་འདེད་སྲིད་དེ། དེ་ནི་མི་ལུས་ཀྱི་དབང་བོའི་ནུས་པ་ཞིག་དང་འདྲ་བར་ཟུག་རྒྱུ་གང་རུང་ཞིག་ཐེབས་པས་ན་ད་གཟོད་རང་ཉིད་འཚོ་གནས་བྱེད་བཞིན་པའི་འདུ་ཤེས་དེ་འབྱུང་སྲིད།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
     ཁེར་རྐྱང་དང་ཉོག་རྫོབ་ནི་སུས་ཀྱང་བཟོད་བསྲན་དཀའ་བ་ཞིག་ཡིན་མོད། གལ་ཏེ་དེ་གཉིས་ལས་ངེས་པར་གང་རུང་ཞིག་བཟོད་བསྲན་བྱེད་དགོས་པའི་དབང་དུ་བཏང་ན་ང་རང་ཁེར་རྐྱང་གི་ལམ་བུ་གདམས་པར་འགྱོད་པ་གང་ཡང་མེད་དོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
སྤྱིར་ཁེར་རྐྱང་གི་ཁྲོད་དུ་བདེ་སྐྱིད་ཡོད་ལ་འབྲེལ་འདྲིས་ཀྱི་ཁྲོད་དུའང་བདེ་སྐྱིད་ཅིག་ཡོད་པས་དེ་གཉིས་ཀ་རྣམ་ཤེས་གང་ཞིག་གི་ཁོངས་སུ་འདུ་སྲིད་དེ། རྣམ་ཤེས་ཀྱིས་རང་ཉིད་ལ་དབང་བའི་རྒྱུ་ནོར་ཡོད་དོ་ཅོག་ མྱོང་རོལ་དང་ལོངས་སྤྱོད། གསར་རྙེད་བཅས་འབྱུང་དུ་འཇུག་ཐུབ་ལ། དེ་ནི་ད་གཟོད་ཁེར་རྐྱང་གི་རིན་ཐང་ཡིན། གལ་ཏེ་མངོན་ཡོད་ཀྱི་རྒྱུ་ནོར་འདི་རྣམ་ཤེས་གཞན་ཞིག་གིས་ཀྱང་གསར་རྙེད་ཐུབ་སོང་ན། འབྲེལ་འདྲིས་ཀྱི་བདེ་སྐྱིད་ཀྱང་ཡོད་སྲིད་པས་དེའི་སྔོན་འགྲོ་ནི་རྣམ་ཤེས་ཀྱི་འཁྱུད་དགོས་པ་དེ་ཡིན།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
རྣམ་ཤེས་ནི་ཁེངས་སྟོང་གིས་བསྐྱེལ་བའི་མི་ཚེ་ཞིག་ལ་མཚོན་ན། གོང་དུ་བཤད་ཟིན་པའི་བདེ་སྐྱིད་རིགས་དེ་གཉིས་ནམ་ཡང་རེག་མི་སྲིད་དོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
   ནང་སེམས་ཀྱི་ཁེར་རྐྱང་དང་རང་གཤིས་ཀྱི་ཁེར་ཚུགས་ནི་ཁ་ཁ་སོ་སོ་ཞིག་ཡིན་ཏེ། ཁེར་རྐྱང་ནི་ནམ་ཡང་ནང་རྐྱེན་ཁྱད་པར་ཅན་ལས་འབྲེལ་འདྲིས་མ་འཁྱོངས་པས་ཡིན་ལ། ཁེར་ཚུགས་ནི་ནང་རྐྱེན་ཁྱད་པར་བ་གང་ཡང་མེད་པར་རང་གཤིས་ཀྱི་ནད་ཡམས་ལས་འབྲེལ་འདྲིས་ཀྱི་བརྒྱུད་རིམ་དེ་བཀག་གཏོར་བཏང་བ་ཞིག་ཡིན་ནོ། 
 ཁེར་ཚུགས་དེ་ནུས་མེད་ཀྱི་ལོངས་སྤྱོད་ཅིག་དང་ཁེར་རྐྱང་ནི་འཇོན་ཅན་གྱི་ལོངས་སྤྱོད་ཅིག་ཡིན་པས་ན་དེ་གཉིས་ནམ་ཡང་ལུགས་མཐུན་ཞིག་མིན་མོད། ཁེར་ཚུགས་ནི་འཇིགས་སྐྲག་ལས་བཟོས་པའི་གནོད་པ་དང་ཁེར་རྐྱང་ནི་སྙིང་སྟོབས་ལ་དོ་ཡ་མེད་པའི་བར་གླགས་ཀྱིས་བཟོས་པ་ཞིག་ཡིན་འདུག དེ་ལས་ལྷག་པའི་རྫོགས་ལྡན་གྱི་རྣམ་ཤེས་ཤིག་ཡིན་པས་ན་རྟག་ཏུ་ཚོར་བ་རྣོན་པོ་ཞིག་གིས་གས་ཆགས་ཤོར་བའི་སེམས་པ་དེ་མངོན་པར་བྱེད་ཐུབ་ལ། ཁེར་རྐྱང་གི་སྣང་བའང་དེ་ལས་དྲག ནང་སེམས་ཀྱི་རྫོགས་ལྡན་སྤེལ་ཟླའི་འོག་ད་གཟོད་གཞི་ནས་མི་ཚེའི་འགྱོད་གདུང་མངོན་ཐུབ་ལ་དེ་ལས་ཟློག་སྟེ་ཁེར་རྐྱང་ལ་མི་གོམས་པ་དེའི་བློ་སེམས་སྟོང་བར་མངོན་ཡང་སྲིད་དོ།ཁེར་རྐྱང་དང་གསར་བསྐྲུན་ལས་གང་ནི་རྒྱུ་དང་གང་ནི་འབྲས་བུ་རེད། དེ་མིན་དེ་གཉིས་ནི་རྒྱུ་འབྲས་ཀྱི་འབྲེལ་བའང་ཡིན་ངེས་སྟེ། འབྲེལ་འདྲིས་ལ་གོམསས་པའི་མི་ཞིག་ལ་མཚོན་ན་སྔར་ལས་ལྷག་པའི་སྒོ་ནས་རང་གི་ནང་སེམས་ཀྱི་འཇིག་རྟེན་ལ་དོ་སྣང་བྱ་ཞིང་གསར་བསྐྲུན་ཁོ་ནར་འབད་པའི་མི་ཞིག་ལ་མཚོན་ན་མི་སྣའི་འབྲེལ་འདྲིས་བཟང་ངན་ཙམ་ལ་དོ་སྣང་བྱེད་པར་བྱ་བ་དེའོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁེར་རྐྱང་ནི་མི་ཚེའི་ཉམས་རྟོགས་གི་གནད་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ཁེར་རྐྱང་ཁོ་ནའི་རྐྱེན་གྱིས་མི་བུ་ད་གཟོད་རང་ཉིད་ཀྱི་རྣམ་ཤེས་དང་འཕྲད་པར་བྱས་པ་མ་ཡིན་པར། ཁེར་རྐྱང་ཁོ་ནའི་ཁྲོད་གནས་པའི་མི་དེས་ད་གཟོད་དཀོན་མཆོག་དང་ལྐོག་གྱུར། ཚད་མེད་ཀྱི་འཇིག་རྟེན་སོགས་ཀྱིས་བསླུ་བར་གཏོང་སྲིད་པའོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ལེ་ཧྤུར་ཐོ་འར་སི་ཐེས་བཤད་པ་ནང་བཞིན་འབྲེལ་འདྲིས་སྐབས་མིས་གདོང་ལེན་ས་ནི་ཁ་ཤས་དང་མི་ཚོགས་ཡིན། འོན་ཀྱང་ཁེར་རྐྱང་དུ་སྡོད་པའི་སྐབས་སུ་མིས་གདོང་གཏོད་དགོས་པ་ནི་ཡོངས་འདུས་དང་རྣམ་ཀུན་འབྱུང་གནས་ཀྱི་ཉམས་རྟོག་ཡིན་ལ་དེ་ལས་ཀྱང་གཞི་རྒྱ་ཆེ་བའི་ཆོས་ལུགས་ཀྱི་ཉམས་ལེན་ཞིག་ཀྱང་ཡིན་འདུགdeK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
དེང་སྐབས་ཆོས་པ་མང་ཤོས་ལ་ཆོས་ལུགས་ཀྱི་ཉམས་ལེན་དག་མ་ཞིག་ཡོད་ཚོད་མིན་ལ། རྒྱུ་མཚན་ཁོ་ཚོ་ཁེར་རྐྱང་གི་ཁྲོད་དུ་ཡེ་ནས་མེད་པ་རེད། འོན་ཀྱང་འདུ་ཁང་དང་དགོན་པ་རུ་དོན་གྱིས་མང་ཚོགས་ལ་ཆོས་ལུགས་ཀྱི་འདུ་ཤེས་རེ་འཇོག་ཆེད་བྱེད་སྒོ་རེ་འགའི་སྣེ་ཁྲིད་པ་བྱས་ཡོད་པ་དེའོ། དེ་བས་ན་འདི་ལྟ་བུའི་ཆོས་ལུགས་ཀྱི་གོ་རྟོགས་ཀྱིས་མེས་པོ་ཚོས་ཁེར་རྐྱང་ཁྲོད་ཚོར་སྣང་བྱས་པའི་གོ་རྟོགས་མཐའ་དག་ཁ་རྡོ་སྣ་རྡོ་རུ་བཏང་བའོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
   རྣམ་དག་གིས་ཆོས་ལུགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་མི་རྣམས་འཁོར་བའི་དོང་ནས་སྤྲུགས་སྲིད་དེ་ གལ་ཏེ་མི་ཞིག་གིས་ཚེ་གང་བོར་ཆོས་ལུགས་གང་ཡང་ཉམས་ལེན་མ་བྱས་མོད། ཁོའི་སྙིང་སྟོབས་ཀྱི་ཁྱབ་ཁོངས་དངོས་གནས་དེ་འདྲའི་གུ་དོགས་པ་ཞིག་གང་ནས་ཡིན། ལྷག་པར་བསམ་བློ་མཁས་ཅན་ཞིག་གི་སྟེང་ནས་བཤད་ན་འདི་ནི་སྙིང་སྟོབས་ཀྱི་བར་ཆད་ཅིག་ཡིན་ནོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁོམ་དྲགས་པ་དང་ཁ་ཁུ་སིམ་པ། ཁེར་རྐྱང་བཅས་ནི་སེམས་ཁམས་ཀྱི་རྣམ་པ་མི་འདྲ་བ་གསུམ་ཡིན།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁོམ་དྲགས་པ་དེའི་རང་བདག་མི་གཞན་གྱི་རེ་འདོད་ཁྲོད་མེད་པར་བཟོས་ཡོང་བ་དང་མོས་མཐུན་ཆེ་བའི་བྱ་བ་རེ་འཚོལ་ཕྱིར་རང་ཉིད་ལ་ཁོམ་ལོངས་སྦྱིན་ཡོང་བ་དེའོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁ་ཁུ་སིམ་པ་ནི་རང་བདག་དང་མི་གཞན་བར་གྱི་གཅིག་མཐུན་གྱི་འདོད་མོིས་ལས་སྤྱིར་བཏང་གི་མི་ཡུལ་གྱི་དྲོད་ཁོལ་བཙལ་བ་དེའོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁེར་རྐྱང་གིས་མི་གཞན་དེ་རང་ཉིད་ཀྱི་འདོད་འདུན་ཁྲོད་ཁྲིད་ཡོིང་སྟེ་གོ་ཤེས་བྱུང་དུ་འཇུག་པ་དེའོ།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁོམ་དྲགས་པ་དེས་རང་ལ་སུན་སྣང་སྐྱེས་ཡོང་བ་དང་ཁ་ཁུ་སིམ་པ་དེའི་རང་ཉིད་སྡུག་ལ་སྦྱར་ནས་ཡོད་དེ་ ཁེར་རྐྱང་གིས་རང་ཉིད་ཇེ་ལེགས་སུ་གཏོང་བཞིན་ཡོད།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཁོམ་དྲགས་པ་ལ་སྤྲོ་གར་རང་བཞིན་ལྡན་པས་སྐྱེ་དངོས་རང་བཞིན་ཅན་གྱི་མི་ཡོད་ཚད་འདུ་བ་དང་ཁ་ཁུ་སིམ་པ་དབུ་མ་ཡིན་པས་སྤྱི་ཚོགས་རང་བཞིན་ཅན་གྱི་མི་མཐའ་དག་འདུ ། ཁེར་རྐྱང་ལ་སྐྱོ་གར་རང་བཞིན་ལྡན་པས་གཞི་གྲུབ་རིང་ལུགས་ཀྱི་མི་དག་འདུ་བའོ།
deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

  ང་ཚོ་ཁེར་རྐྱང་ལ་གོམས་དགོས་སྟེ། རང་ཉིད་ཀྱིས་རང་ཉིད་ལ་འབྲེལ་བ་འཛུགས་དགོས་པའི་ཕྱིར།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
  ང་ཚོ་ཁེར་རྐྱང་ལ་གོམས་དགོས་སྟེ། རང་ཉིད་ཀྱིས་རང་ཉིད་ལ་སྐད་ཆ་བཤད་དགོས་པའི་ཕྱིར།deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
  གལ་ཏེ་ང་རང་ཚོ་ཁེར་རྐྱང་ལ་གོམསས་སོང་ན་ཁེར་རྐྱང་བ་ནི་སུ་དང་གང་ལ་མི་འཚམས་པའི་དུས་ཤིག་ཡོད་མོད་་་་་་་འོན་ཀྱང་རིམ་བཞིན་ཡོད་ཚད་བླ་ན་འཕགས་པ་ཞིག་ཏུ་འགྱུར་སྲིད་པས། ཁེར་རྐྱང་ཡང་དེ་དེ་བཞིན་ནོ།
deK智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论