༄༅།།ཏུན་ཧོང་ཡིག་རྙིང་ལས་བོད་བཙན་པོའི་གདུང་ཁུངས་སྐོར་ཞིག་བརྡ་གསར་ལ་ཕབ་སྟེ་ཅུང་ཙམ་དཔྱད་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

༄༅།།ཏུན་ཧོང་ཡིག་རྙིང་ལས་བོད་བཙན་པོའི་གདུང་ཁུངས་སྐོར་ཞིག་བརྡ་གསར་ལ་ཕབ་སྟེ་ཅུང་ཙམ་དཔྱད་པ།

ཡོང་ཁུངས། : ལྷ་མཚོ་དྲ་བ།   རྩོམ་པ་པོ། : ཐི་གུ།༼ལན་གྲུ།༽  ཀློག་གྲངས །: སྤེལ་དུས། : 2015-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཏུན་ཧོང་ནས་རྙེད་པའི་ཡིག་རྙིང་དུ་སྣང་བའི་འུ་ཚོ་བོད་པའི་ལོ་རྒྱུས་ལས་བཙན་པོའི་གདུང་ཁུངས་སྐོར་ལ་དཔྱད་པའི་རྩོམ་ཐུང་འདི་ནི་བོད་པའི་དཔྱད་རྩོམ་ཐོག་མ་རེད་ཅེས་བརྗོད་ན་ལུང་དང་རིགས་པ་གཉིས་ཀྱིས་ཀྱང་གནོད་པ་མེད་ཀི་འདོད། རྒྱུ་མཚན་ཧ་ཅང་གསལ་པོ་རེད་དེ། རྩོམ་ཐུང་དེའི་དབུ་བཀླགས་པ་ཙམ་གྱིས་ཀྱང་ཉིད་ལ་དཔྱད་རྩོམ་ཡིན་པའི་ངེས་པ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་སྟེར་ཐུབ་སྟེ།རྩོམ་ཐུང་དེའི་དབུ་རུ་“ ཡུལ་དང་མཁར་དུ་བཅས་པྰ།སོ་སོ་ཡུལ་བདེ་བཞྀ་ལས།སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་བྱུང་ཏེ།།ལ་ལ་འྀ་མཆྀད་ནས་ནྀ་རྒྱལ་ཕྲན།བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ།མྱྀ་གཏོག་ཤེས་ཀྱང་མཆྀ།།”ཞེས་པ་ལྟར་མཁར་དང་གྲོང་ཚོ་ཡོད་པའི་ཡུལ་ཆེན་པོ་ཤར་དགྱ་ནག་དང་།ལྷོར་དགྱ་གར།ནུབ་ཏུ་པ་ཀི་སི་ཐན།བྱང་ལི་ཡུལ་བཅས་ཀྱི་ལྟ་བ་སོ་སོ་གླེང་ཡོད་པའི་ཐོག་ནང་གི་བཞེད་ཚུལ་མི་འདྲ་བ་རེ་རེའང་འོག་ཏུ་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་དཔྱད་པ་བགྱིས་ཡོད་པས་སོ།།འུ་ཚོའི་བཀའ་བསྟན་གྱི་གཞུང་རི་བོའི་དཔངས་ལ་འགྲན་པའི་དཔེ་གཞུང་གང་དུའང་།སྤུ་རྒྱལ་གྱི་རྗེ་བོ་ཉག་ཁྲི་མ་བྱོན་གོང་གི་དུས་དང་།བྱོན་པའི་དུས་སོགས་སུ།བོད་ལ་དཔྱད་རྩོམ་ཞིག་ཡོད་པའི་ཟུར་ཕྲ་མོ་ཙམ་ཡང་མ་སྣང་བས་ལུང་གིས་ཀྱང་གནོད་པ་མེད་ཀི་འདོད།ག་སྲིད་ཡོད་ནའང་ཏུན་ཧོང་ནས་རྙེད་པའི་བཙན་པོའི་གདུང་ཁུངས་སྐོར་ཞིག་གླེང་ཡོད་པའི་རྩོམ་ཐུང་འདི།བདག་གིས་བོད་པའི་དཔྱད་རྩོམ་གྱི་ཐོག་མ་དེའོ་ཞེས་མིང་བཏགས་ཡོད་པ་དེ་བརླགས་སོང་བ་ལས་གཞན་ཅི་ཡང་མིན་པས་བོད་རིག་པའི་སྟེགས་བུ་དང་མི་རིགས་ལ་གནོད་པ་ཞིག་ཡོད་དང་མ་ཚད་ཀྱི།བསྟན་པ་ཕྱི་དར་གྱི་སྐབས་ནས་བོད་ཀྱི་ལོ་རྒྱུས་དེབ་ཐེར་སོགས་དང་བརྡ་སྤྲོད་འགྲེལ་པ་པོ་མང་ཕྱོགས་ཤིག་གིས་དུས་རབས་བདུན་པའི་སྨད་ཀྱི་ཆར།བོད་བཙན་པོའི་གདུང་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་ཡན་ཆད་དུ།བོད་ལ་ཡི་གེ་མེད་པར་གླེང་རྒྱུ་དགའ་བར་མ་ཟད།རང་ནུས་ཅི་ལྕོགས་ཤིག་བསྒྲུབས་ཡོད་པ་དང་།ཆོས་ལུགས་སམ་ནང་བསྟན་བོད་ལ་མ་དར་བ་ཙམ་གྱིས།བོད་ཡུལ་སྲིན་པོའི་གླིང་དང་ཀླ་ཀློ་རུ་འདོད་མཁན་གྱི་ཤེས་རློམ་པ་སྐོར་ཞིག་གིས་བོད་རིག་པའི་སྟེགས་བུ་རྫོབ་ཉོག་ཏུ་བསྒྱུར་བ་དང་ལར་ནས་མི་འདྲ་སྟེ།ཁོ་ཚོས་ནི་ཆོས་ལུགས་སམ་རིག་གཞུང་ཞིག་གི་ལྟ་ཚུལ་མ་གཅིག་པ་ཙམ་གྱིས་ཕ་རོལ་པོ། བོད་ཡིན་མིན་ལ་དཔྱད་པར་སྤྲོ་བ་དང་།རང་ཉིད་ཀྱི་ལངས་ཕྱོགས་དང་དགའ་ཕྱོགས་དེའི་ཆེད་དུ་མི་རིགས་གཅིག་པའི་འདུ་ཤེས་སམ།ཕ་མེས་ཡང་མེས་ནས་ད་དབར།ད་ནས་བུ་རབས་ཚ་རྒྱུད་ཀྱི་རིང་ལ།རོ་དང་རུས་པ།ཤ་དང་ཁྲག་རྒྱུན།སྐད་དང་ཡི་གེ ཁོར་ཡུག་དང་ དམིགས་ཡུལ་གཅིག་པ་བཅས་དང་།སྐྱིད་ཀྱི་རྟ་ཕོ་མཉམ་ཞོན།སྡུག་གི་ཁུར་བོ་མཉམ་ཁུར་གྱི་འདུ་ཤེས་སོགས་གད་སྙིགས་འདོར་འདོར་དང་།བཤང་གཅི་བཏང་བཏང་དུ་ཕངས་སེམས་ཅི་ཡང་མེད་པར་བསྐྱུར་འགྲོ་བས་སོ།།དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ངེས་པ་དོན་གྱི་བསམ་བློ་བའམ།བོད་ཀྱི་དེང་རབས་རྩོམ་རིག་གསར་བའི་ཤིང་རྟའི་སྲོལ་འབྱེད་པ་རང་ གྲོལ་ལགས་ཀྱིས་"འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག"ཅེས་པ་བཞིན།ང་ཚོ་མི་རབས་གསར་པའི་ན་གཞོན་དག་གིས་མི་རིགས་འདིའི་མིག་སྔའི་ གནས་བབ་དེ།སྙིང་ཁུང་རུས་པའི་གཏིང་ན་བསྡམས་སྟེ་ཀྱག་ཀྱོག་གི་རྐང་ལམ་ལ་རྒོལ་ བཞིན་ཡོད་པའི་གནས་ཚུལ་ཙམ་ཞིག་བོད་ཀྱི་དཔྱད་རྩོམ་ཐོག་མ་བརྡ་གསར་དུ་ཕབ་པའི་གླེང་སློང་དང་བསྲེས་ཏེ་སྐབས་དོན་དངོས་ལ་ཞུགས་པའོ།།hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

བཙན་པོའི་གདུང་ཁུངས།hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
༄ །། ཡུལ་དང་མཁར་དུ་བཅས་པཱ། སོ་སོ་ཡུལ་བདེ་བཞྀ་ལས།། སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་བྱུང་ཏེ།། ལ་ལ་འྀ་མཆྀད་ནས་ནྀ་རྒྱལ་ཕྲན། བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ། མྱྀ་གཏོག་ཤེས་ཀྱང་མཆྀ།།hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
༼ཡུལ་དང་མཁར་རྫོང་ཡོད་པའི་ཕྱོགས་ཀྱི་སྡེ་བ་བཞིའམ་ཤར་ཕྱོགས་སུ་དགྱ་ནག་དང་། ལྷོར་དགྱ་གར། ནུབ་ཏུ་པ་ཀི་སི་ཐན། བྱང་ཕྱོགས་སུ་ལི་ཡུལ།རྒྱལ་ཁབ་སོ་སོའི་བཤད་རྒྱུན་དུ་སྤུ་རྒྱལ་བོད་ཀྱི་རྒྱལ་པོ་ནི་གློ་བུར་དུ་བྱུང་བ།རྒྱལ་པོའི་གདུང་རྒྱུད་མཆེད་སའི་ཁུངས་ནི་ལ་ལས་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཟེར།ལ་ལས་དེ་ལས་གདུང་རྒྱུད་མཆེད་པར་མི་འདོད།༽བཙན་པོ་འྀ་གདུང་རབས་ཀྱི་ཁུངས་སྨོས་པའ།གནམ་དགུང་གི་སྟེང་ན།།ལྷ་ཀུ་སྤྱྀ་སེར་བཞྀས་བརྒྱྀ་བའ།མ་སངས་ཐམ་ཅད་གྀ་བདག་པོ།། སྲིད་པ་ཀུན་ལ་མངའ་མཛད་པའ།། ཕྱྭ་འྀ་ཡང་ཕྱྭ་ལགས་ཤེས་ཀྱང་མཆྀ།།
hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
༼ནང་དུ་བཙན་པོའི་གདུང་ཁུངས་བཤད་ཚུལ་ལ་གསུམ་སྟེ། བཞེད་པ་དང་པོ་ནི །གནམ་དགུང་གི་སྟེང་སྟེ་མཁའ་དབྱིངས་ན་ཡོད་པའི་ལྷ་ཀུ་སྤྱྀ་སེར་ཞེས་པ་མཐུ་སྟོབས་ལྡན་པ། མ་སངས་སྤུན་དགུའི་བདག་པོ། སྲིད་པ་ཡོངས་མངའ་འོག་ཏུ་མཛད་པ། ཕྱྭ་སྟེ་མཐུ་སྟོབས་དང་ལྡན་པའི་ནང་ནས་མཐུ་བོ་ཆེའམ་ཡོན་ཏན་ཅན་གྱི་ནང་ནས་ཀྱང་ཡོན་ཏན་ཅན་དེའི་རྒྱུད་པ་ཡིན་པར་འདོད་དོ།།༽hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
༼གདུང་ཁུངས་བཞེད་ཚུལ་དང་པོའི་འགྲེལ་སྟངས་གཉིས་པ། གནམ་དགུང་གི་སྟེང་སྟེ་ཡུལ་གྱི་ཁྱོན་ཡངས་པ། དེང་གི་ཤིན་ཅང་(新疆)གི་(河天)ཞེས་པའི་ཡུལ་གྱི་ལྷ། ཀུ། སྤྱི། སེར་བཞིའི་རུས་རྒྱུད་དག་གིས་བྱས་པ།མ་སངས་སྤུན་དགུའི་བདག་པོ།སྲིད་པ་ཡོངས་མངའ་འོག་ཏུ་མཛད་པ།ཕྱྭ་སྟེ་མཐུ་སྟོབས་དང་ལྡན་པའི་ནང་ནས་མཐུ་བོ་ཆེ་འམ་ཡོན་ཏན་ཅན་གྱི་ནང་ནས་ཀྱང་ཡོན་ཏན་ཅན་དེའི་རྒྱུད་པ་ཡིན་པར་འདོད་དོ།།༽hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
རྣམ་གཉྀས་སུ་གདོལ་བ་ཤ་ཟ་འྀ་རྀགས།། རྒྱལ་པོ་གདོང་དམར་གྱི་རིགས།། གངས་རྀ་བྱུན་ཀོར་གྱྀ་ནྀ་བདག་པོ།། གནོད་སྦྱིན་ཛ་བགྱི་བའི་རིགས་ལགས་ཀྱང་ཤེས་འཆྀ།།hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
༼བཞེད་ཚུལ་གཉིས་པ། གཟི་བརྗིད་ཅན་གྱི་གངས་རིའི་བདག་པོ།གནོད་སྦྱིན་ཛ་སྟེ། ར་ཛ་ནི་རྒྱལ་པོའི་སྐད་དེ། རྒྱལ་ས་བཟང་ཡུལ་རྒྱན་དུ་ཡོད་པའི་མངའ་མཛད་ཀྱི་དང་ པོའམ་བོད་ཀྱི་རྒྱལ་པོའི་ཐོག་མ་གདོལ་བ་ཤ་ཟའི་རིགས་གདོང་དམར་བ་གནོན་སྦྱིན་ནག་པོའི་རིགས་ལས་གདུང་མཆེད་ཅེས་བཤད་དོ།།༽
hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
རྣམ་གསུམ་དུ་ནྀ་གནམ་རྀམ་པ་བཅུ་གསུམ་གྱྀ་སྟེང་ན། ཁྲྀ་བར་ལ་བདུན་བདུན་ཚྀག།ཤེས་བགྱྀ།།གནམ་གྀ་ལྷ་ལས།ས་ག་དོག་དྲུག་དུ།འགྲེང་འགོ་ནག་གྀ་རྗེ་མྱེད་གྀ་རྗེ།། དུད་རྔོག་ཆག་བླ་མྱེད་ཀྱྀ་བླར།། བློན་པོ་ལྷོ་རྔེགས། ཆེན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག།།མྱྀ་རྗེ་ལྷ་དང་བདུད།།དུ་བརྒྱྀས་ནས།ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ།། ༼བཞེད་ཚུལ་གསུམ་པ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན། ཡབ་ལྷ་སྡེ་དྲུག དེའི་སྲས་གཅེན་གསུམ་དང་བར་ལ་ཁྲི་བདུན་ཚིགས།གཅུང་གསུམ།ཡབ་ལྷ་སྡེ་དྲུག་གི་སྲས་ཆེ་བ་གསུམ་གྱི་ཆུང་བ།ཆུང་བ་གསུམ་གྱི་ཆེ་བའམ་བར་ལ་ཁྲི་བདུན་ཚིགས།གནམ་རིམ་པ་བཅུ་གསུམ་གྱི་རིམ་པ་བདུན་གྱི་སར་ན་ཡོད་པའི་ཁྲྀ་བར་ལ་བདུན་ཚིགས།ཤེས་བཞིན་རེད་མོ།གནམ་ལྷ་ནས་ས་ག་དོག་དྲུག་སྟེ་སའི་སྟེང་གི་ཏོག་གམ་འབྲུ་དྲུག་བཅུད་ལེགས་པོ་རྒྱས་སའི་ཡར་ཀླུང་ཁོག་གི་བར།མི་མགོ་མེད་གྱི་མགོན། ཕྱུགས་བདག་མེད་གྱི་བདག་པོ། བློན་པོ་ ༡༽ལྷོ། ༢༽རྔེགས།༣༽ཆེན་པོ་མཚེ།༤༽གཅོ།༥༽ཕྱག་མཛོད་ཀྱི་ལས་གཉེར་བའི་ཕྱག་ཚང་ཤ ༦༽སྦུག༧༽མི་ཁྲིའི་ནང་ནས་མཐུ་དང་ནུས་པ་ཅན་ཉག་གཅིག་སྟེ་ཉག་ཁྲི་བཙན་པོའི་ཡབ་ཏུ་འདོད་པའི་མྱྀ་རྗེ་ལྷའམ་ཁྲྀ་བར་ལ་བདུན་ཚིགས་དང་བདུན།མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བོད་ཀ་གཡག་དྲུག་ཏུ་བྱོན་པ་ལས་གདུང་མཆེད་པར་འདོད།༽གང་ལགས་ཀྱང་མྱྀ་མངོན་སྟེ།། གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ།།
༼བཙན་པོའི་གདུང་ཁུངས་མཆེད་ཚུལ་ཕྱོགས་ལ་དཔྱད་པའི་རྩོམ་འདིའི་རྩོམ་པ་པོ། ང་ཚོའི་མེས་པོ་གོང་མ་གང་དེའི་དགོངས་ཚུལ་ཡིན་ན།བཙན་པོའི་གདུང་ཁུངས་མཆེད་ཚུལ་ལ་ཕྱིའི་གླེང་ཕྱོགས་གཅིག་དང་།བོད་ནང་དུའང་བཞེད་པ་མི་འདྲ་བ་གསུམ་ཡོད་མོད། གཅིག་ཀྱང་འཐད་པར་མ་བྱུང་། བཙན་པོའི་གདུང་ཁུངས་ངོ་མ་ནི་ཡུལ་སྤུ་བོའི་བོད་མི་ལས་གདུང་མཆེད་དེ། དེའི་གདུང་རྒྱུད་ཀྱི་རྒྱལ་པོ་རྣམས་ལ་སྤུ་རྒྱལ་དང་།དེས་དབང་བསྒྱུར་བའི་ཡུལ་ལ་སྤུ་རྒྱལ་བོད་ཀྱི་རྒྱལ་ཁབ་ཅེས་གྲགས་སོ།།༽ hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
སྤྱིར་སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུལ་ལས།།འཆད་རྩོད་ངག་ལ་མ་ངེས་པ།།སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།། ལེགས་ངག་མཆོན་ནི་རྩོམ་པར་གསུངས།།ཞེས་པ་ལྟར་མཁས་པ་གང་དང་།མཁས་པར་རློམ་པ་སུ་ཡིན་རུང་། འཆད་པ་དང་རྩོད་པའི་སྐབས་སུ་ཚིག་དང་དོན་གྱི་ཆ་ལ་ངེས་པ་མེད་པའམ་འཁྲུལ་བ་འབྱུང་སྲིན་མོད།རྩོམ་པའི་ལས་ལ་བལྟོས་བཅས་ཀྱི་ཆ་ནས་འཁྲུལ་བ་འབྱུང་མི་སྲིད་ཅེས་དེ་ལྟར་གསུངས་ཀྱང་། རིག་གནས་དང་རྩོམ་རིག་སྒྱུ་རྩལ་གང་ཡིན་རུང་འཆད་པ་དང་རྩོད་པ་རྩོམ་པ། དཔྱད་བརྗོད་དང་མྱོང་རོལ་བྱེད་པའི་སྐབས་སུ་རིག་གནས་དེ་དང་།རྩོམ་རིག་སྒྱུ་རྩལ་དེའི་རྒྱབ་ལོག་གི་འཚོ་བ་དང་ལོ་རྒྱུས་ཤེས་ན།འཆད་རྩོད་རྩོམ་གསུམ་དང་། དཔྱད་བརྗོད་དང་མྱོང་རོལ་གང་དགོས་ཀྱང་ཧ་ཅང་ལས་སླ་བོ་ཡིན་པ་རྒྱུ་འབྲས་ཀྱི་གནད་རེད།འོན་ཏེ་ཕྲན་གྱིས་བོད་བཙན་པོའི་གདུང་ཁུངས་སྐོར་གྱི་དཔྱད་རྩོམ་འདི་བརྡ་གསར་དུ་ཕབ་པ་དང་སྦྲགས་ཕྲན་ དཔྱད་རེ་བགྱིས་པ་ཡིན་རུང་།སྐབས་དེ་དུས་ཀྱི་རིག་པའི་སྣང་ཚུལ།སྤྱི་ཚོགས་ཀྱི་གནས་བབ།རིག་པའི་བརྡ་རྟགས་སོགས་དུས་རབས་གཞན་དང་བསྡུར་ན་ཁོ་རང་མཚན་པའི་གཤིས་ཀ་ཞིག་ཡོད་ངེས་ཅན་ཡིན་རུང་།ཡུལ་དུས་ཀྱིས་བསྐལ་བས་ཤིན་ཏུ་ལྐོག་གྱུར་གྱི་གསང་བ་ཞིག་རེད།གསང་བ་དེ་གཏོལ་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་སྲིད་མོད།རྗོད་བྱེད་ཀྱི་ཚིག་དང་དོན་གྱི་ཆ་ལ་བློ་གུ་ཡངས་ངང་གཞིགས་ན་ཡིད་ལ་དོན་སྤྱི་ཙམ་རེ་འཛིན་རྒྱུ་ཡོད་པས་བརྗོད་བྱ་དོན་གྱི་ཆ་དང་བསམ་བློའི་གཏིང་ལ་རིམ་པ་སྟུག་པོ་ཡོད་པས་དཔྱད་རྩོམ་འདི་མི་ཡུལ་ན་ བལྟམས་དུས།བོད་རིག་པའི་སྟེགས་བུའི་རྒྱབ་ལྗོངས་གངས་རི་དང་རྫ་རི།གཡའ་རི་མཐོན་པོ་ཡོད་པ་ཤེས་སླ།ཡང་ཁ་ཅིག་གི་ན་རེ།ཉིད་ཀྱིས་མ་ཤེས་ཤེས་ཁུལ་གྱིས་གཏམ་ཉོབ་རྫིག་པོ་རེ་མི་རིགས་ཀྱི་བརྩེ་འདང་ངོས་ནས་ཤོར་སོང་བར་འདོད་ན།ངས་དེ་ལྟར་དུ་ཤོར་བ་ག་ལ་ཡིན་ཏེ་མིན།འདི་ནི་དངོས་པོ་ཁོ་རང་ཉིད་ཀྱི་ངོས་ལ་དོད་ཡོད་པའི་རི་མོ་དེ་ཅི་ཡིན་ན།དེ་ནང་བཞིན་བརྗོད་པ་ཡིན་ཏེ།བོད་བཙན་པོའི་གདུང་ཁུངས་ལ་དཔྱད་པའི་རྩོམ་ཐུང་འདིའི་རྩོམ་པ་པོའི་མིང་མེད་པས་རྩོམ་ཡིག་བདག་མེད་ཅིག་ཡིན་རུང་།རྩོམ་པ་པོ་ནི་བོད་མི་ཞིག་ཡིན་པ་མཛེས་འཛིན་གྱི་འདུ་ཤེས་ངོས་ནས་རང་འགྲེལ་ཡོད་འདུག་སྟེ།"འགྲེང་འགོ་ནག་ གྀ་རྗེ་མྱེད་གྀ་རྗེ།།"ཞེས་པ་ལས་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཞིག་གི་སྣང་བརྙན་གཙོ་བོ་ཚིག་འབྲུ་རྡོག་མ་འདི་ཙམ་གྱིས་ཀྱང་གོ་བ་གཏིང་ཟབ་ཅིག་ར་སྤྲོད་བྱས་ཡོད་ཅིང་།སྐབས་དེ་ དུས་ཀྱི་འུ་ཚོ་བོད་པའི་སྤྱི་ཚོགས་ཀྱི་གནས་བབ་ནི།ཕྱི་བརྟན་པ་སྣོད་ཀྱི་རི་མཐོ་ས་གཙང་། ཆུ་དྭངས།དབྱང་རླུང་དང་མཁའ་རླུང་གཙང་པ།ཁོར་ཡུག་གི་གཞི་རྒྱ་ཡངས་མོ་ཡོད་རུང་། ནང་གཡོ་བ་བཅུད་ཀྱི་སེམས་ཅན་ཀྱི་བློ་ཁ་ན་ནི་འཛམ་གླིང་རང་བཞིན་ཞིག་མིན་པས་ཡིན་ཡང་མི་དགོས་ཏེ།སྐབས་དེའི་རྒྱལ་ཁབ་དང་མི་རིགས་སུ་ཡིན་རུང་འཛམ་གླིང་རང་བཞིན་ཞིག་མིན་པས་སོ།།བོད་པའི་མཛེས་འཛིན་གྱི་ལྟ་བ་ནི།མི་ཡིན་ན་མགོ་ནག་པོ་ཡིན་པར་ འདོད་དེ་འགྲེང་མགོ་ནག་གི་རྗེ་དང་།བོད་ཀྱི་ཁ་རྒྱུན་དུ་ནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་ཀྱང་།མགོ་ནག་མི་ཡི་རྣམ་འགྱུར་ཤེས་ཞེས་པ་དང་།མགོ་ནག་མི་ཡི་འགྲོ་ལུགས།དུད་འགྲོ་གཡག་གི་ཉལ་ལུགས་སོགས་ཀྱི་གཏམ་དཔེ་མང་པོ་ཡོད།བོད་པའི་ཆུང་བྱིས་པ་ལོ་བརྒྱད་ཡན་ཆད་དང་།ཆེ་རྒན་པ་བརྒྱད་ཅུ་མན་ཆད་ཀྱི་ངག་ལ་ཆུ་ལས་རྒྱུག་ཆེ་བ་ཞིག་ཡིན་པ་ འདིས་ཀྱང་བོད་པའི་མཛེས་འཛིན་གྱི་ངོར་མིའི་མགོ་ནག་པོ་ཡིན་ན་མཛེས་པར་རློམ་པ་དང་།མི་ཡོད་དོ་ཅོག་གི་མགོ་ནག་པོ་ཡིན་པའི་ལྟ་ཚུལ་ཞིག་ཀྱང་ཆགས་ཡོད་པས་བཙན་ པོའི་གདུང་ཁུངས་ཀྱི་རྩོམ་པ་པོ་ནི་བོད་ཡིན་པ་གོར་མ་ཆག རྗོད་བྱེད་ཚིག་གི་ངོས་ནས་རྩོམ་རིག་གི་བྲོ་བ་ལྡན་ལ་ཁ་སྐད་ཀྱི་གཤིས་མངའ་བ།ཐུ་མིས་བརྩམས་པར་འདོད་པའི་སུམ་རྟགས་དང་བཙན་པོའི་བཀས་བཅད།ཕྱིས་ཀྱི་བཀས་བཅད་ དང་འགལ་བ་མང་དྲག་པས་ཕྲད་དང་བྱ་ཚིག་གི་སྦྱོར་སྟངས་ཚུགས་ཐུབ་ཅིག་ཆགས་ཡོད། ཡིག་ཕྲེང་གཅིག་གི་བརྗོད་བྱ་རྫོགས་མེད་རུང་ཤད་ཀྱིས་བཙན་གཅོད་ཐེབས་པ། ཚིག་ཉུང་དོན་བསྡུས་གནད་ལ་ཁེལ་ཡོད་པ།ད་དུང་བལྟོས་བཅས་ཀྱི་ཆ་ནས་གླེང་ན་གསལ་དག་རྫོགས་གསུང་ཚང་བའོ།།བརྗོད་བྱ་དོན་གྱི་ཐད་ནས་མི་རིགས་རིང་ལུགས་ཀྱི་གཤིས་ བརྟན་པོ་ཡོད་དེ།འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཀྱིས།བོད་ཡུལ་འདི་ཡང་དགྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་།ལུང་དང་རིགས་པའི་གནོད་མེད་ཅེས་བརྗོད་པ་ལྟར།བོད་མིའི་གདུང་རྒྱུད་རང་ལ་བཅར་ བ་དང་འདྲ་བར།བཙན་པོའི་གདུང་ཁུངས་ཐད་ལ་རིགས་པ་གཙང་དག་གི་སྒོ་ནས་ཕྱི་དང་ནང་གི་ལྟ་ཚུལ་སོགས་རིམ་བཞིན་དགག་སྟེ་རིང་ལུགས་འཐད་ལྡན་དུ་ཚུལ་བཞིན་བསྒྲུབས་ཡོད།མི་རིགས་རིང་ལུགས་ཀྱི་གཤིས་ཡོད་པའང་འདིའི་ཕྱོགས་ནས་ཤེས་དགོས་ཏེ།རླབས་ ཆེན་གྱི་བཙན་པོའི་གདུང་ཁུངས་ཀྱང་བྱིས་སྒྲུང་བཞིན་དུ་གླེང་མེད་པའི་ཁར།སྟེང་ལྷ་ཡུལ་དང་དགྱ་གར་སོགས་ནས་མཆེད་ཚུལ་མ་ཡིན་པ་བདེན་པ་ར་སྤྲོད་བྱས་ཏེ། གདུང་ཁུངས་རང་ལ་གཏུགས་ཡོད་པས་སོ།།གཞན་ཉེ་རབས་ཀྱི་མཁས་པ་གཉའ་གོང་ དཀོན་མཆོག་ཚེ་བརྟན་གྱིས་"ཡུལ་སྡེ་བཞི་"ཞེས་པ་སྡེ་བཞི་སྟེ། སྡོད་གནས་གྲོང་ཚོ་དང་ དོན་གཅིག་ཅེས་བཀྲལ་ཡོད་ཀྱང་འཐད་པ་མ་བྱུང་སྟེ།རྩོམ་དེའི་དབུ་ལ་"ཡུལ་དང་མཁར་དུ་བཅས་པྰ།"ཡུལ་སོ་སོ་སྡེ་བཞྀ་ལས།ཞེས་བྲིས་པ་ལ་གཞིགས་ན།རྒྱལ་ས་དང་རྒྱལ་པོའི་ མཁར་ཡོད་ས་ཞིག་ཡིན་ན།སྡོད་གནས་ཏེ་ཁྱིམ་ཚང་འགའི་ལྷས་སམ་གྲོང་ཚོ་ཆུང་ཆུང་བཞི་ཡིན་དོན་མེད་དེ་འཇིག་རྟེན་གྱི་རང་བཞིན་དང་དངོས་ཡོད་རིང་ལུགས་ལ་འགལ་བ་རེད།དེ་ལས་ང་རང་ཉིད་ཀྱི་དཔྱད་སྟངས་འདི་དོན་དང་མཐུན་པའི་སྐད་ཆ་ཞིག་ཡིན་པར་སེམས།འོན་ཏེ་དཔྱད་གཞིའི་རྒྱུ་ཆ་དཀོན་པོ་ཡིན་པས་ཐག་ཆོད་རྒྱུ་སླ་མོ་ཞིག་ཏུ་འཁུམས་མེད་ པའོ།།བརྗོད་བྱའི་བསྟན་དོན་ནི་བོད་བཙན་པོའི་གདུང་ཁུངས་གང་ཡིན་ཙམ་ཡང་ཧ་མ་གོ་བར།གློ་བུར་དུ་བྱོན་པའམ་བོད་མངའ་འོག་ཏུ་བསྡུས་ཚུལ་ལ་གཞིགས་ན་བོད་བཙན་པོ་ ཁོང་།ངེས་པ་དོན་གྱི་དཔའ་ཞིང་མཛངས་པ།རྟུལ་ཕོད་ཅིག་ཡིན་པ་དང་གདུང་ཁུངས་བོད་མི་རིགས་རང་ནས་མཆེད་པ་སོགས་སོ།། hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཧྥ་རན་སིའི་རི་མོ་མཁས་པ་པུའུ་ལ་ཁིས"རིག་གནས་ཀྱིས་ཁྱད་ཆོས་མི་འདྲ་བ་གང་མང་ སྐྱེད་ཡོང"གསུངས་པ་ལྟར། བཙན་པོའི་གདུང་ཁུངས་འདི་གླེང་བའི་ཡུལ་དུས་ཙ་ན། བཞེས་ཚུལ་མི་འདྲ་བ་འགའ་ཡོད་ལུགས་ལ་དཔྱད་ན།རིག་པའི་རྒྱབ་ལྗོངས་སམ་རིག་ གནས་འདུ་ཤེས་ཀྱི་སེམས་ཁམས་མི་དམན་པའམ་སྒོ་ཡངས་མོ་ཡོད་པ་སྨྲ་མི་དགོས་ཏེ།རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པས་ལྟ་ཚུལ་མི་འདྲ་བ་དང་།ལོ་རྒྱུས་གླེང་རྒྱུ་དང་འབྲི་ རྒྱུའི་གཞི་རྩ་ལས་བརྒལ་བའི་ལས་ཀ་དཔྱད་པའི་འདུ་ཤེས་ཀྱང་རིམ་པ་ངེས་ཅན་ཞིག་ལ་ འཕགས་ཡོད་པའོ།།གཙན་པོའི་གདུང་ཁུངས་ལ་ཕྱིའི་ལྟ་ཚུལ་ཞིག་དང་ནང་གི་ལྟ་ཚུལ་མི་ འདྲ་བ་གསུམ་ཡོད་པའི་རྒྱལ་ཁབ་དང་ཡུལ་གྲུ་དེ་ག་བ་ན།མིའི་རང་གི་འདོད་པ་བསྒྲུབ་ བྱེད་ཀྱི་སླད་དུ་བསྐྲུན་པའི་ལག་ཆ་རིག་གནས་འདིའང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་གོ་སླ་བ་དང་།དེ་ལས་མཆེད་པའི་རིགས་པའི་རྣོ་སོའང་ཕྱོགས་གང་གི་ཐད་ནས་ཅུང་ ཞིབ་ཚགས་ཅན་དུ་སོན་ཡོད་པ་དེ་དང་བསྟུན།བཙན་པོ་གདུང་ཁུངས་སྤུ་བོད་དུ་འདོད་ པའི་རྩོམ་པོ་པོ་ཁོང་འཚོ་སའི་ཁོར་ཡུག་ལ་དེ་དག་གི་བླ་ན་འཕགས་པའི་རིག་གནས་ཀྱི་ ཁོར་ཡུག་ཅིག་ཆགས་ཡོད་པ་གཞིགས་ན་རྟོགས་སོ།།ཁྲི་གུང་ཐང་བསྟན་པའི་སྒྲོན་མས་དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ།།བརྟེན་ཕྱིར་གཞུང་ཚིག་བློར་འཛིན་མི་བྱེད་པར།།ཞེས་པ་ བཞིན་བརྗོད་བྱ་དོན་གྱི་རྒན་པོའམ།བརྗོད་སྙིང་ངམ་ལྟ་བ་གཙོ་བོ་དེ།རྗོད་བྱེད་ཚིག་གི་ མཁར་བའམ་ཚིག་གི་སྐུད་པ་ལ་བརྟེན་ཏེ།ཕ་རོལ་པོ་ལ་རང་གི་བཞེད་ཚུལ་བརྡ་སྤྲོད་བྱེད་ཀྱི་ཚིག་གི་གདངས་རི་མོར་ཕབ་ཡོད་པ་དེ་ལའང་ཅུང་ཟད་རེ་དཔྱད་ན།དགྱ་གར་གྱི་སྒྲ་མདོ་བཞི་སྟེ་གཞོན་ནུ་གདོང་དྲུག་གམ་སྨིན་དྲུག་གིས《ཀ་ལཱ་པ།》སློབ་དཔོན་ཙནྡྲ་གོ་མིས་བརྩམས་པའི་《ཙནྡྲ་པ།》བྲམ་ཟེ་ཨ་ནུ་ཤུ་ཏིས་བརྩམས་པའི《དབྱངས་ཅན་མ།》བྲམ་ཟེ་ཁྱེའུ་པཱ་ཎིས་བརྩམས་པའི《པཱ་ཎི་པ》དང་། བོད་པས་དགྱ་གར་གྱི་སྒྲའི་བཀླག་སྟངས་བཤད་པའི་སྔགས་ཀྱི་བཀླག་ཐབས་སོགས་སུ་བཤད་པའི་ཡི་གེའི་གཟུགས་སམ་གསལ་བཤད་ལ་དབྱངས་སྲོག་ཞུགས་མེད་ན་སྒྲའི་རིང་ཐུང་དང་།ལྕི་ཡང་གི་རྣམ་པ་ཅི་ཡང་མི་གསལ་བའམ་བཀླག་མི་ཐུབ་པ་དང་།གལ་ཏེ་ དབྱངས་སྲོག་ཞུགས་སུ་ཡོད་ནའང་།སྣར་ཐང་ལོ་ཙཱ་བས།ཡི་གེ་ཐུང་བ་གཅིག་ཡུན་བཀླག །རིང་བ་གཉིས་ཀྱི་ཡུན་དུ་བཀླག །ཤིན་ཏུ་རིང་བ་གསུམ་ཡུན་བཀླག །ཅེས་པ་བཞིན་སྲོག་ཞུགས་ཟིན་པའི་ཡི་གེ་ལ་གཟུགས་མི་འདྲ་བ་ཡོད་དེ།ཡི་གེ་རིང་བའི་རྟགས་དེ་མེད་ན་ཐུང་བའི་ཡུན་དུ་བཀླག་དགོས་དང་།ཡི་གེ་རིང་བ་དང་ཤིན་ཏུ་རིང་བའི་རྟགས་ཏེ།འའི་རིང་ཆ་དང་པླུ་ཏའི་རྟགས་ཡོད་ན་རིང་བོ་དང་ཤིན་ཏུ་རིང་བོ་བཀླག་དགོས་པ་བཞིན་བོད་བཙན་པོའི་གདུང་ཁུངས་དཔྱད་པའི་རྩོམ་ཐུང་འདིའི་ཡིག་གཟུགས་ཀྱང་དགྱ་གར་གྱི་ཡི་གེའི་ཤུགས་རྐྱེན་ཐེབས་ནི་ཡིན་ནའང་འདྲ།གང་ལྟར་ཉེ་དུས་སུ་འུ་ཚོས་བཀོལ་བཞིན་པའི་ཡི་གེ་དང་ཁྱད་པར་ཆེ་སྟེ།ཡུལ་དང་མཁར་དུ་བཅས་པཱའི་པ་དེ་ལ་རིང་ཆ་ཡོད་པ་དང་།ལ་ལ་འྀ་མཆྀན་ནས་ནྀ་ལ་སོགས་ཀྱི་གུག་གུ་ཕྱིར་ལོག་ཀྱང་མང་པོ་ཡོད།དེའང་དགྱ་གར་གྱི་ཡིག་གཟུགས་གིས་བོད་ཡིག་ལ་ཤུགས་རྐྱེན་སྦྱིན་པ་མིན་འགྲོ།དགྱ་གར་གྱི་ཡིག་གཟུགས་ཁྲོད་དུ་གུག་གུ་ལོ་ པ་རྒྱུག་ཆེ་བ་དང་།དེ་ལྟར་རྒྱུག་ཆེ་ནའང་རྒྱུ་མཚན་ཡོད་ལུགས་ལ།སྔགས་ཀྱི་བཀླག་ཐབས་ སུ། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། །གི་གུ་ཕྱིར་ནི་ལོག་གྱུར་ན། །ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག། ཅེས་པ་ལྟར།ཀློག་སྟངས་ཤེས་སླ་ཆེད་དུ་གུག་གུ་ཕྱིར་ལོག་མང་པོ་འབྲི་བས་སྲོལ་ཡོད་པའི་ ལུགས་དང་ཆ་འདྲ་བར།བོད་ལའང་བཙན་པོའོ་གདུང་ཁུངས་འདི་འབྲི་བའི་ཚེ་ལ་འའི་ རིང་ཆ་དང་གུག་གུ་ཕྱིར་ལོག་མང་པོ་འབྲི་བའི་སྲོལ་ཆགས་འདུག སྲོལ་དེ་སྔ་མོ་ནས་རང་ ལ་ཡོད་པའི་ཕྱག་སྲོལ་ཞིག་གམ་ཡང་ན་དགྱ་གར་བའི་ཡིག་གཟུགས་ཀྱི་ཤུགས་རྐྱེན་སོགས་གང་ཡིན་ཁ་ཚོད་གཅོད་ཁག་པོ་འདུག ཡང་ཁ་ཅིག་གིས་དགྱ་གར་གྱི་ཡིག་གཟུགས་དེ་ ལྟར་འབྲི་བའི་རྒྱུ་མཚན་ཡོད་པས་འུ་ཅག་ལའང་དེའི་ཤུགས་རྐྱེན་ཐེབས་ཚུལ་དང་དེ་ལ་ ལད་ཟློས་བྱས་ཚུལ་སོགས་བཤད་ན།མ་ངེས་དེ།འུ་ཚོས་ཉེ་རབས་ཀྱི་མིས་མི་ཤེས་པ་ཙམ་དང་རིག་གཞུང་དུ་མ་བཤད་པ་ཙམ་གྱིས་གཞན་ལ་ལད་ཟློས་བྱས་ཡོད་མེད་བཤད་ཁག་པོ་རེད།གཅིག་བྱས་ན་འུ་ཚོའི་སྔོན་གྱི་དཔེ་གཞུང་མང་པོ་ཞིག་ནང་བསྟན་ཆོས་ལུགས་བོད་ལ་དར་སྐབས།རིག་གནས་གསར་རྙིང་གཉིས་ཀྱི་གདོང་གཏུགས་ཁྲོད་བོན་ཆོས་མང་པོ་གཏོར་ བརླག་སོང་བ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་གྱིན་ཡོད་པའི་ཡུལ་དུས་དེ་ཙ་ན་བོར་སོང་བ་མིན་འགྲོ།ཡང་ན་བོད་པའི་མངའ་མཛད་ཀྱི་རྒྱལ་རབས་སྐབས་སུ་རྒྱལ་བོ་དེ་དག་གི་མིང་ དང་ཡུལ་མིང་ཙམ་རེ་གསལ་ལ་མི་གསལ་བ་དང་།པ་པུར་ཙམ་རེ་གླེང་རྒྱུ་ལས་རྒྱབ་ཁབ་ཀྱི་མངའ་ཁོངས་དང་།སྤྱི་ཚོགས་ཀྱི་འཚོ་སྟངས།ཆབ་སྲིད་དང་དམག་དོན་གྱི་ཚད་དང་མཚོན་དོན།དཔལ་འབྱོར་སྒྲུབ་སྟངས།དཔལ་འབྱོར་གྱི་གནས་སྟངས་དང་རིག་གནས་ཀྱི་ངོ་བོ་ཙམ་ཡང་ཡིག་ཐོག་ཏུ་ཕབ་རྒྱུ་ཕ་རིའི་ལ་དང་ཚུར་རིའི་ཤོད།མཐའ་ན་ངག་རྒྱུན་ནས་ཀྱང་འཆི་ ལ་ཉེ་བའི་གནས་ཡིན་ན།ཆེས་ཟབ་སའི་རིག་གནས་ཀྱི་གནས་སྟངས་དང་ཡི་གེའི་གཟུགས་ དབྱིབས་ཀྱི་འབྲི་སྟངས་སམ་འའི་རིང་ཆ་དང་གུག་གུ་ལོག་པ་འབྲི་དགོས་པའི་རྒྱུ་རྐྱེན་ སོགས་དེ་དང་ཆ་འདྲ་བོ་ཇི་བཞིན་ཡིག་ཆ་དག་ལ་མ་སྣང་བ་ཙམ་གྱིས་དགྱ་གར་བའི་ ཤུགས་རྐྱེན་ཡིན་པའི་མ་ཁྱབ་བོ།།དོན་ངོ་མར་བཤད་ན་དགྱ་གར་དང་བོད་ཀྱི་ཡིག་གཟུགས་ལས་གང་ཐོག་མར་མི་ཡུལ་ན་དར་ནི་ཡིན་པའང་དཔྱད་དགོས་ཏེ།ད་སྐབས་དགྱ་གར་གྱི་ཡི་གེའི་མ་ཕྱི་རུ་འདོད་པའི་ཚངས་པའི་ཡི་གེ་དེའི་རྨང་གཞིའི་ཐོག་ནས་བྲམ་ཟེའི་ཡི་གེ་དང་། མྱ་ངན་མེད་ཀྱི་ཡི་གེ གུཔྟུའི་ཡི་གེ ལེགས་སྦྱར་གྱི་ཡེ་གེ་སོགས་རིམ་བཞིན་བྱུང་བ་དང་དར་ རྒྱས་སུ་མཆིས་ཏེ་ཁྱབ་བརྡལ་དུ་སོང་།དགྱ་གར་གྱི་ཡི་གེའི་ཕྱི་མོ་ཚངས་པའི་ཡི་གེ་དེའང་།དང་ཐོག་དར་ཡུལ་བོད་ཡུལ་མ་ཡིན་པའི་ངེས་མ་མེད་ཀི་འདོད།ལྷ་ཚངས་པ་དང་ལྷ་ཆེན་ དབང་ཕྱུག ཨུ་མ་སོགས་ཀྱི་བཞུགས་གནས་སམ་ཡུལ་ངོ་མ་དེ་ནི་ཆུ་བོ་ཆེན་པོ་བཞིའི་མགོ་ ཁུངས།གངས་དཀར་ཏི་སེའི་མདུན།མཚོ་མ་ཕམ་པའི་མགྲམ་སོགས་ཡིན་པ་ཁོང་ཚོའི་ངག་ རྒྱུན་དང་ལོ་རྒྱུས་ལ་གསལ་བས་ཚངས་པའི་ཡི་གེ་དེ་དང་ཐོག་བོད་ནས་དར་བ་མིན་འགྲོ། ལྟ་ཚུལ་འདི་འཐད་ལྡན་དུ་འཛིན་པའི་དེང་སང་གི་མཁས་རྒན་ལ་ལས་ཀྱང་དེ་ལྟར་ གསུངས་སོ།།གང་ལྟར་བཙན་པོའི་བཀས་བཅད་དང་ཕྱིས་ཀྱི་བཀས་བཅད་སོགས་ཀྱིས་གུ་ ཡངས་གཏོང་དགོས་པའི་གུག་གུ་ལོག་པ་ཅན་འདི།བསྟན་པ་ཕྱི་དར་གྱི་དུས་ལའང་འབྲི་ སྲོལ་ཡོད་ཀི དེང་དུས་ཀྱི་དགེ་རྒན་ཆེ་གེ་མོས་གུག་གུ་ལོག་དང་མ་ལོག་གི་ཁྱད་པར་ནི་ སྒྲའི་ལྕི་ཡང་ངམ་སྒྲ་དྲག་ཞན་ལ་རགས་ལས་ཡོད་ཅེས་གསུངས་སོང།དེ་ལྟར་འདོད་ན།དགེ་ལགས་གཅེས་པོ་རེད་དེ།བོད་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལས་བརྒལ་ཏེ།སྒྲ་ དྲག་གཞན་གང་རུང་མཚོན་བྱེད་ཀྱི་དབྱངས་གུག་གུ་ལོག་པ་ཅན་དང་དབྱངས་ལྔ་ཡོད་ པའི་བཞེད་པ་ཞིག་ཀྱང་མཆིས་པ་མ་ཡིན་ནམ།དེ་རྒྱུ་མཚན་དང་གཏན་ཚིགས་ཡང་དག་ ཅིག་གི་ལམ་ནས་བག་ཆགས་ཤིང་བརླིང་ཁྲིགས་སེར་ཚུགས་འདུག་ན་སྐྱོན་མེད་དེ།སྔོན་གྱི་ རིག་པ་ལས་ཡང་རིགས་ལམ་གསར་བ་ཞིག་རྙེད་པའམ་ཤེས་སོང་བས་ཐོད་བརྒལ་ཅིག་ ཡིན་པས་དགའ་འོས་ཚོད་རེད།འོན་ཏེ།དབྱངས་ལ་རང་ངོས་ནས་གནས་དང་བྱེད་པའི་རྣམ་འགྱུར་མི་གསལ་བའི་སྒྲ་དྲག་ཞན་གྱི་དབྱེ་བ་མེད།གསལ་བྱེད་ལ་བལྟོས་ན་དབྱངས་མོའི་ གྲས་སུ་གཏོགས་པ་ཙམ་ལས་ཡི་གེ་སོ་སོའི་སྟེང་འོག་ཏུ་སྦྱོར་སྐབས་ཀྱང་སྒྲ་དྲན་ཞན་གྱི་ དབྱེ་བ་བཀར་ཡོད་སའི་རིག་གཞུང་དང་རིགས་ལམ།མཐའ་ན་དོགས་པ་ཞིག་བསླང་མྱོང་ ཡོད་སའི་རིགས་ལམ་ཕྲ་མོ་ཙམ་ཡང་མེད་པས་དེ་ལྟར་འདོད་ན་ཨུ་ཚུགས་ཤིག་གི་ལྷད་ ཅིག་ཡོད་པ་འདྲའོ།།འུ་ཚོའི་བཙན་པོའི་གདུང་ཁུངས་སྐོར་གྱི་རྩོམ་འདི་དང་རྡོ་རིང་གི་ཡི་གེ ཅོང་དང་ཁྲམ་བྱང་།གནའ་ཡིག་སོགས་སུ་ཡོད་པའི་གུག་གུ་ལོག་པ་ཅན་དང་རིང་ཆ་ཡོད་hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
པའི་ཡི་གེ་དག་བོད་ཡིག་དབྱངས་གསལ་སོ་བཞིའི་གྲས་སུ་འཚང་དགོས་པའི་འགྲེལ་བབ་ཆགས་ཤིག་ད་བར་མེད་པས་དེའི་ཕྱོགས་ལ་ཕྲན་དཔྱད་རེ་སུས་ཕོག་ན་གཏོང་རན་འདུག་གོ། hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
ཐི་གུས་བོད་རབ་གནས་ཤིང་རྟ་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཡེ་ལོ༢༠༡༤ལོའི་༡༠ ༤ ལན་གྲུ་ནས་བགྱིས་པའོ།།hc7智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论