དང་པོར་ཟླ་བ་བཅུ་ཁུར་བའི་དྲིན་ཆེན་མ། བར་དུ་ཟས་གོས་སྐྱོང་བའི་ནོར་སྦྱིན་མ། ཐ་མར་ཡོད་ཚད་སྟེར་བའི་གཏོང་ཕོད་མ། ཕྱི་ནང་བྱ་བཞག་ཀུན་གྱི་ལམ་སྟོན་མ།”ཞེས་པ་ལྟར། དྲིན་ཆེན་གྱི་སྐྱེས་མ་ནི་ཇ་དམ་དང་འདྲ་བར་ཕྱི་གྲང་མོ་ཡིན་ཡང་། ནང་ཚ་པོ་རེད།
དེ་སྔ་ངས་ཨ་མ་ནི་ཁ་མང་ཞིང་། ངོ་ནག་པ། བྱུང་མིན་ལ་མ་ལྟོས་པར་གཤེ་གཤེ་དང་། ཉེས་རྡུང་གཏོང་མཁན་ཞིག་རང་དུ་མཐོང་། རེད་དེ་ལས། དགུན་ཁའི་གུང་གསེང་རིང་གི་དོན་ཆུང་དེ་ལས་ཤ་ཚའི་ཁ་ནས་གཏམ་སྙན་མེད་ཅེས་པ་ལྟར། མ་གཞི་ཨ་མ་ལགས་ཀྱིས་ནམ་རྒྱུན་ང་ལ་གཤེ་གཤེ་གཏོང་མོད་ང་ལ་དགའ་བའི་སེམས་དེ་ནམ་ཡང་འགྱུར་བ་མེད་པ་ཤེས་བྱུང་། དེ་ཡང་དགུན་ཁའི་གུང་གསེང་གྱི་ཉིན་མོ་ཞིག་ལ། སློབ་གྲྭ་ནས་བསྐུར་བའི་ཁྱིམ་བདག་ཡི་གེ་དེ་འབྱོར་བྱུང་། ཨ་མས་ཁྱིམ་བདག་ཡི་གེ་ལས་ངའི་སྦྱངས་འབྲས་ འབྲིང་ཙམ་ལས་མེད་པ་གཟིགས་པས། སློབ་ཆུང་སྐབས་ཀྱི་གཟེངས་སུ་ཐོན་པའི་སྦྱངས་འབྲས་ལ་གོམས་པའི་ཨ་མས་ང་ལ་གཤེ་གཤེས་མ་ཚད་པར་ཉེས་རྡུང་ཡང་བཏང་། ངས་ངུ་གྱིན་དུ་རང་ཉིད་འཛིན་གྲྭ་དང་པོར་ཡོད་པ་དང་། དེ་ནི་སྦྱང་འབྲས་བཟང་བའི་སློབ་མ་བསྡུ་རུབ་བྱས་པ་ཞེ་ཅིག་ཡིན་པ། དེས་མ་ཚད་སློབ་འབྲིང་དུ་སློབ་ཆུང་དང་མི་འདྲ་བར་སྦྱང་རྒྱུའི་སློབ་ཚན་མང་ལ་ནང་དོན་ཁག་པ་སོགས་པའི་རྒྱུ་མཚན་བཤད་དུས་ཨ་མ་ཡང་མིག་ཆུ་ཤོར་སོང་།།