རྩམ་པ།               
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

རྩམ་པ།               

ཡོང་ཁུངས། :   རྩོམ་པ་པོ། : ཤེས་རབ་ཆོས་སྒྲོན།  ཀློག་གྲངས །: སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       རྩམ་པ་ནི་ང་ཚོའི་བོད་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་བློ་དང་རིག་པ་བརྟེན་ནས་གསར་བཟོ་བྱས་པའི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན་ལ།   བོད་མིའི་འཚོ་བའི་ཁྲོད་དུ་སྐད་ཅིག་ཙམ་ཡང་བྲལ་ཐབས་མེད་པའི་ཟས་རིགས་ཤིག་ཡིན།    Yc8智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཟས་ཞིམ་པོ་ཀ་ར་བུ་རམ་ཡིན་ཡང་།  ཡུན་རིང་བ་སྦྲང་དཀར་རྩམ་པ་ཡིན།”  ཞེས་པ་ལྟར་རྩམ་པ་ནི་བཟའ་ཆས་གཞན་ལས་ཁྱད་དུ་འཕགས་པ་སྟེ།  དེ་བཅུད་ཆེ་བས་བཟས་ན་ལུས་སྟོབས་རྒྱས་ཐུབ་པ་མ་ཟད་འགོས་ནད་སྣ་ཚོགས་འགོག་པ་སོགས་ཀྱི་ཕན་ནུས་ལྡན་ལ་ཕྱེ་མར་བཏགས་རྗེས་བེད་སྤྱོད་བདེ་པོ་ཡོད།  ས་ཕྱོགས་གང་དུ་ཕྱིན་ཡང་ བཙོ་མི་དགོས་ལ་བརྔོ་མི་དགོས་པར་ཐད་ཀར་དུ་བཟའ་ཆོག    དེ་ཕྱིར་ལས་ཀ་ལ་བྲེལ་བ་ཆེ་དུས་དུས་ཚོད་འཕྲོ་བརླག་ཏུ་གཏོང་མི་དགོས་པའི་ཁྱད་ཆོས་ཀྱང་ཡོད། Yc8智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

     མ་གཞི་ད་ལྟ་ང་ཚོའི་འཚོ་བའི་ནང་ཟས་རིགས་ཕུན་སུམ་ཚོགས་པ་ཡོད་ནའང་།  རང་ཉིད་ཆུང་སྦར་མོ་གང་ནས་རྩམ་པ་བཟས་ནས་འཚར་ལོངས་བྱུང་བ་བརྗེད་མི་རུང་ལ།   དེ་བས་རྩམ་པ་ལ་སྨད་པ་དང་རྩམ་པ་བཟས་ན་གྲོད་པ་བཤའ་གྱི་འདུག་ཞེས་པའི་གཏམ་སོགས་མི་སྨྲ་བར་ཞུ།  Yc8智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩམ་པ་ཟ་བ་ནི་རྗེས་ལུས་ཀྱི་རྟགས་མིན་ལ་དེང་སྐབས་འཛམ་གླིང་ཐོག་རྩམ་པ་ལ་མཐོང་ཆེན་བྱེད་མཁན་མང་པོ་ཡོད་པས་དེ་བཟའ་མཁན་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་གནས་ལུགས་མེད་པ་ཞིག་ག་ལ་ཡིན་ཏེ།  ཐོག་མར་ནས་བརྔོས་རྗེས་ཡོས་སུ་བཟོས་ཏེ་ཆུ་འཁོར་དང་རྡོ་འཁོར།   འཕྲུལ་ཆས་སོགས་ཀྱིས་བཏགས་ནས་བྱུང་པས་རྫས་འགྱུར་སོགས་ཀྱི་ལྷད་ཡེ་ནས་འདྲེས་མེད་པས་གཟུགས་པོ་ལ་མི་གནོད་པ་མ་ཟད་ནད་ཡམས་འགོག་པའི་ཁྱད་ཆོས་ལྡན་པས་ཡིན།Yc8智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

    གལ་ཏེ་ཁྱོད་རང་ལ་གཟུགས་སྟོབས་ཡག་པོ་ཞིག་དང་བདེ་ཐང་ཞིག་དགོས་འདོད་ན་རྩམ་པ་ལ་མཐོང་ཆུང་མ་བྱེད་ཅིག   དེ་ལ་ནད་རྒྱ་སྨན་གཅིག་གི་ཕན་ནུས་ལྡན།Yc8智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论