ང་ཡི་དགེ་རྒན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ང་ཡི་དགེ་རྒན།

ཡོང་ཁུངས། :   རྩོམ་པ་པོ། : ཆོས་ཉིད།  ཀློག་གྲངས །:251 སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      བདག་མཁས་རྒྱ་འགྲན་གླེང་གི་སློབ་གྲྭའི་སྐྱེད་ཚལ་དུ་སོང་ནས་གསལ་བྱེད་སུམ་ཅུའི་ངག་གི་དབྱངས་རྟར་གུག་པ་ནས་བཟུང་དགེ་རྒན་མང་པོ་ཞིག་གིས་བྱམས་བརྩེ་དྲིན་གྱིས་བསྐྱངས་མྱོང་།  དགེ་རྒན་དེ་ཚོའི་བཀའ་དྲིན་ནི་གུས་མོའི་བརྗེད་ག་ལ་སྲིད།   རེད་དེ་བདག་གི་མི་ཚེ་འདི་ལ་བརྗེད་དཀའ་ཤོས་ཀྱི་དགེ་རྒན་ནི་གུས་མོ་སློབ་ཆུང་སྐབས་ཀྱི་རྒན་དབང་རྒྱལ་ལགས་ཡིན།   ཁོང་ནི་བདག་ལ་མཚོན་ན་ཆེས་གུས་ཞབས་ཆེ་བའི་མི་ཞིག་ཡིན།Mtr智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

     ཁོང་ནི་ང་སློབ་ཆུང་སྐབས་ཀྱི་བོད་ཡིག་དགེ་རྒན་ཡིན།  ཁོང་གི་སྐུ་གཟུགས་རིང་ལ་སྐུ་ཤ་རྒྱགས་པ།  སྤྱན་ཟུང་གཉིས་ལས་བྱམས་བརྩེའི་འོད་མདངས་འཚེར་བ།   ཁོང་གི་ངོ་གདོང་ནི་ནག་ཅིང་སྨུག་པ།   ཡིན་ནའང་ཁོང་གི་བྱམས་བརྩེ་ལྡན་པའི་སེམས་ནི་གངས་རི་བཞིན་དཀར་ཞིང་།  ནག་ནོག་གི་དྲི་མ་སྤུ་ཙམ་ཡང་མེད།  ཁོང་གི་ག་དུས་ཡིན་ཡང་ང་ཚོ་ལ་སློབ་མ་ཚོ་ཁྱོད་ཚོ་ནི་ད་ལྟ་མེ་ཏོག་ཞིག་དང་འདྲ་པས།  ང་ཚོ་ནི་མེ་ཏོག་ལ་ཆུ་ལུད་སྦྱིན་མཁན་གྱི་མི་སྣ་ཡིན།   ང་ཚོས་ད་ལྟ་ཁྱོད་ཚོ་ལ་ཆུ་ལུད་སྦྱིན་གང་ཐུབ་བྱས་ནས་ཁྱེད་ཚོས་ཀྱང་ཆུ་ལུད་དེ་ལ་བརྟེན་ནས་མེ་ཏོག་མཛེས་པ་ཞིག་ཆགས་ཐུབ་པ་བྱ་དགོས།  རྗེས་སུ་གངས་ལྗོངས་ཡུལ་ལ་ལྟ་ན་སྡུག་པའི་མེ་ཏོག་གི་བརྒྱན་ཏེ་མི་རྣམས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།  དུས་སྐབས་སུ་བདག་ལོ་ན་ཕྲ་བའི་སྟབས་ཀྱིས་རྒན་གྱིས་གསུངས་བའི་སྐད་ཆ་དེ་ལ་གོ་བ་ལེན་མ་ཐུབ།  ད་ནི་བདག་ནར་སོན་པ་དང་བསྟུན་ནས་དགེ་རྒན་གྱིས་བཤད་པའི་སྐད་ཆ་ལ་གོ་བ་ཅུང་ཙམ་ལེན་ཐུབ་སོང་།Mtr智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

    དགེ་རྒན་ལགས་ཁྱེད་སེམས་ཁྲལ་གནང་མི་དགོས།    ངས་སློབ་ལ་འབད་བརྩོན་ལྷོད་མེད་བྱས་ནས་རྗེས་སུ་ཁྱེད་ཀྱི་གསུངས་པ་ལྟར་གངས་ལྗོངས་མཛེས་པར་བརྒྱན་པའི་མེ་ཏོག་ཡིད་དུ་འོང་བ་ཞིག་བྱ་རྒྱུ་ཡིན།   Mtr智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
0人参与,0条评论