ཕ་ཡུལ་གྱི་འགྱུར་ལྡོག               
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཕ་ཡུལ་གྱི་འགྱུར་ལྡོག               

ཡོང་ཁུངས། :   རྩོམ་པ་པོ། : འབྲུག་ལྷ།  ཀློག་གྲངས །: སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ངའི་ཕ་ཡུལ་ནི་མཛེས་སྡུག་ལྷ་ཡུལ་ལ་འགྲན་ཞིང་འབྱོར་ཕྱུག་ཀླུ་ཡུལ་ལ་ཅོ་འདྲི་བའི་ཆབ་མདོ་ནོར་བུའི་ས་ཆ་ཡིན། གནས་དེ་ནས་ངའི་ལྟེ་ཁྲག་འཕོ་ས་དང་འཚར་ལོངས་བྱུང་སའི་གནས་མཆོག་ཡིན། དེ་བས་ང་རང་ཕ་ཡུལ་དགའ་ཞིང་ཕུ་ཡུལ་ལ་དུངས།   hW5智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

དེང་སྐབས་ཏང་གི་ཡང་དག་པའི་སྲིད་ཇུས་བཟང་པོ་དང་དབུ་ཁྲིད་བཟང་པོའི་མཛུབ་སྟོན་འོག་དུ་དར་རྒྱས་ཆེ་བའི་གྲོང་ཁྱེར་སོ་སོས་རྒྱབ་སྐྱོར་དང་རོགས་རམ།    དེ་བཞིན་སོ་སོའི་ངལ་རྩོལ་མི་དམངས་ཀྱི་བརྩོན་འགྲུས་ལ་བརྟེན་ནས་རང་ཉིད་ཀྱི་ཕ་ཡུལ་དེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་སུ་ཕྱིན་ཡོད་དེ། hW5智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      སྔོན་ཆད་ང་ཚོའི་ཕ་ཡུལ་ལ་ཐོག་བརྩེགས་ཅན་གྱི་ཁང་བཟང་ལྟ་ཅི།  ས་ཁང་དེ་དག་ཀྱང་ཞིག་རལ་དུ་སོང་བ་ཤ་སྟག་ཡིན།  བཅིངས་འགྲོལ་མ་བྱས་པའི་སྔོན་ལ་གྲོང་གསེབ་ཀྱི་ཁང་པ་ལྟ་ཅི་གྲོང་ཁྱེར་གྱི་ཉེ་འགྲམ་དག་གི་ལམ་ཡང་ས་ལམ་དང་རྐང་ལམ་ཁོ་ན་ཡིན། ས་ཁུལ་སོ་སོ་ན་སློབ་གྲྭ་ཡང་ཧ་ཅང་ཉུང་ལ་ཕ་མ་ཚོས་ཀྱང་རང་གི་བུ་ཕྲུག་སློབ་གྲྭར་མངགས་པ་ལས་སློང་མོ་བྱེད་དུ་སྐྱེལ་བ་མང་།   hW5智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      ད་ལྟ་ལམ་ཕྲན་ཚང་མ་སྣུམ་ནག་གི་གཞུང་ལམ་དུ་བསྒྱུར་བ་མ་ཟད་སྔ་རྗེས་སུ་བོད་ལྗོངས་ཀྱི་ས་ཁུལ་སོ་སོར་གནམ་གྲུ་ཐང་བསྐྲུན་ནས་འགྲིམ་འགྲུལ་གྱི་ཕྱོགས་ལ་དར་རྒྱས་ཆེན་པོ་བྱུང་ཡོད། ལོ་ངོ་འདི་དག་གི་རིང་ལ་ས་ཁུལ་དང་རྫོང་། གྲོང་གསེབ་སོགས་ལ་སློབ་གྲྭ་མང་པོ་བསྐྲུན་པ་དང་ཕྱོགས་བཞི་ནས་ཡོན་ཏན་ཅན་མང་པོ་བོད་ལྗོངས་སུ་གདན་དྲངས་ནས་སློབ་གསོའི་ཕྱོགས་ལ་མཐོང་ཆེན་བྱེད་ཀྱིས་ཡོད།སློབ་གྲྭ་སོ་སོའི་ཆ་རྐྱེན་ཡང་ལོ་རེ་ལས་ལོ་རེ་ཇེ་བཟང་དུ་གཏོང་དང་གཏོང་བཞིན་ཡོད་ལ་ཕ་མ་ཚོས་ཀྱང་ཐབས་ཤེས་གང་ཡོད་ཀྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་བཞིན་ཡོད།hW5智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      ཨེ་མ། ལོ་ངོ་ཁ་ཤས་ཀྱི་རིང་ལ་བདག་གི་ཕ་ཡུལ་འདིའི་འབྱོར་ཕྱུག་ཀླུ་ཡུལ་ལ་ཅོ་འདྲི་ཞིང་བདེ་སྐྱིད་ལྷ་ཡུལ་ལ་སྐྱེངས་བ་སྟེར། བདག་གིས་ཀྱང་སློབ་སྦྱོང་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས་ནས་མ་འོངས་པའི་དུས་སུ་རྒྱལ་ཁབ་དང་ཕ་ཡུལ་འཛུགས་བསྐྲུན་གྱི་ཆེད་དུ་རང་ནུས་ཡོད་ཚད་བཏོན་དགོས།                                                  hW5智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论